གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཅ་ཆས་ཉོ་བཙོང་འཐབ་མི་ཚུ་གིས་ ཉེར་སྤྱོད་ཐོབ་དབང་ལམ་ལུགས་ལུ་གནས་དགོཔ།


བཀྲིས་ཕུན་ཚོགས།

༉ སྤྱི་ཟླ་༣ པའི་ཚེས་༡༥ ལུ་ ཐིམ་ཕུ་ལུ་ འཛམ་གླིང་ཉེར་སྤྱོད་ཐོབ་དབང་གི་ཉིནམ་ བརྩི་སྲུང་ཞུ་ཡོདཔ་ད་ དེ་ཡང་ འཛམ་གླིང་ནང་ སྟོབས་ཤུགས་ཅན་དང་ རྒྱུ་དངོས་ཡོད་མི་ རྒྱལ་ཁབ་ཚུ་གིས་ རྒྱལ་སྤྱིའི་ཁྲིམས་ལུགས་ལུ་ མ་གནས་པར་ རང་དབང་གི་ཐོག་ལས་ ཚོང་འབྲེལ་འཐབ་དོ་ཡོདཔ་ལས་ ཉེར་སྤྱོད་འབད་མི་ཚུ་ལུ་ སྟབས་མ་བདེ་བའི་ དཀའ་ངལ་སྦོམ་བྱུང་མི་དེ་ སེལ་ཐབས་ཀྱི་དོན་ལུ་ཨིན་པས།

དེ་བཟུམ་སྦེ་ འབྲུག་རྒྱལ་ཁབ་ནང་ཡང་ སྤྱི་ལོ་༢༠༡༠ ལས་འགོ་བཙུགས་ཏེ་ ཉེར་སྤྱོད་འབད་མི་ཚུ་ལུ་ ཐོབ་དབང་སྤྲོད་ནིའི་དོན་ལུ་ བསྟན་རྒྱས་ལྷན་ཁག་གིས་ འགོ་འདྲེན་ཐོག་ལས་ སྦུང་ཚོང་རྐྱབ་མི་དང་ གཞན་ཚོང་འབྲེལ་པ་ཚུ་ལུ་ ཅ་ལ་ག་ཅི་རང་ཨིན་རུང་ ལམ་ལུགས་དང་འཁྲིལ་ཏེ་ བཙོང་དགོ་ནི་དང་ ཉོ་མི་ཚུ་གིས་འབད་རུང་ ཁྲིམས་དང་འཁྲིལ་ཏེ་ ལག་ལེན་ག་དེ་སྦེ་ འཐབ་དོ་ག་ ཤེས་རྟོགས་འབད་ནིའི་དོན་ལུ་ ཤེས་ཡོན་ཚུ་ བྱིན་ཡོདཔ་ཨིན་པས།
བསྟན་རྒྱས་ལྷན་ཁག་གི་ ཡོངས་ཁྱབ་མདོ་ཆེན་ བསོད་ནམས་གཡང་ལེགས་ཀྱིས་ སླབ་མི་དང་འཁྲིལཝ་ད་ འདས་པའི་ལོ་ངོ་༣༠ གི་ཧེ་མར་ འཛམ་གླིང་ནང་ རྒྱལ་ཁབ་ཕྱུགཔོ་དང་ དབང་ཚད་ཅན་ དེ་ལས་ སྟོབས་ཤུགས་ཡོད་མི་ཚུ་གིས་ རྒྱལ་ཁབ་ཉམ་ཆུང་དང་ དེ་བཟུམ་སྦེ་ ཚོང་རྐྱབ་མི་ཚུ་གིས་ ཅ་ཆས་ཀྱི་རིན་གོང་ཚུ་ ཚད་ལས་བརྒལ་སླབ་སྟེ་ དཀའ་ངལ་བྱུང་བའི་ཤུལ་ལས་ ཅ་ཆས་ཚུ་ལུ་ གོང་ཚད་བཀོད་ནིའི་ ལམ་ལུགས་བཟོ་ནུག་ཟེར་ཨིན་པས།
གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ འཛམ་གླིང་ཉེར་སྤྱོད་ཐོབ་དབང་གི་ཉིནམ་དེ་ རང་གི་ཏི་རུ་ རང་ལུ་དབང་ཚད་ཡོད་ཟེར་མིའི་ བརྗོད་དོན་ཐོག་ལུ་ བཞག་ཡོད་མི་དེ་ ཉེར་སྤྱོད་འབད་མི་ཚུ་གིས་ ལེགས་ཤོམ་སྦེ་ ལག་ལེན་འཐབ་ཚུགས་ནིའི་དོན་ལུ་ ཨིནམ་མ་ཚད་ འཛམ་གླིང་མ་དངུལ་ཉེན་འཚུབ་སེལ་ཐབས་ལུ་ ཨིན་ཟེར་ཨིན་པས།
ཚོང་པ་ལ་ལུ་ཅིག་གིས་ ཀུན་གསལ་ལུ་ སླབ་དོ་བཟུམ་འབད་བ་ཅིན་ བཟའ་སྤྱོད་ཀྱི་རིགས་ཚུ་ རྒྱ་གར་རྒྱལ་ཁབ་ལས་ ནང་འདྲེན་འབད་དགོཔ་མ་ཚད་ དེ་ལུ་ ཁྲལ་དང་ སྐྱེལ་འདྲེན་གྱི་ གླ་ཆ་ཚུ་སྤྲོདཔ་ད་ ཁེ་སང་མིན་འདུག་ཟེར་ཨིན་པས།
དེ་བཟུམ་སྦེ་ ཐིམ་ཕུ་ ཆོས་སྐྱིད་ཚོང་འབྲེལ་ལས་ ཆོས་སྐྱིད་ཀྱིས་ སླབ་མིའི་ནང་ ཉེར་སྤྱོད་འབད་མི་ ལ་ལུ་ཅིག་གིས་ ཅ་ལ་ཚུ་ གོང་ཚད་དང་འཁྲིལ་ཏེ་ མི་བཙོང་པས་ཟེར་ སླབ་པའི་ཁར་ ཁ་འཐབ་ཚིག་འཐབ་འབད་དགོཔ་ བྱུངམ་མས་ཟེར་ཨིན་པས།
ཨིན་རུང་ གོང་ཚད་དང་འཁྲིལ་ཏེ་ བཙོང་མ་ཚུགས་མི་དེ་ཡང་ ཁེ་སང་བཟོ་མ་ཚུགསཔ་མ་ཚད་ དུས་རྒྱུན་དུ་ གྱོང་རྒུད་ཀྱི་ཐོག་ལས་ ཚོང་འབྲེལ་འཐབ་དོ་ཟེར་ སླབ་ཡོདཔ་བཞིན་དུ་ བཟའ་ཆས་བཙོང་མི་ ཆོས་སྐྱིད་ལྷ་མོ་གིས་འབད་རུང་ རེ་ཚེ་སྐབས་ གོང་ཚད་ཐོག་ལས་ ཏི་རུ་༥ དང་༦ ཐེབས་བཀལ་ཏེ་ བཙོང་དོ་ཟེར་ཨིནམ་ད་ རེ་ཚེ་སྐབས་ ཚོང་ག་ཅི་ཡང་ བཙོང་མི་ཚུགས་པས་ཟེར་ བཤདཔ་ཨིན་པས།
ཉེར་སྤྱོད་འབད་མི་ ལ་ལུ་ཅིག་གིས་འབད་བ་ཅིན་ ཚོང་པ་ལ་ལུ་ཅིག་གིས་ གོང་ཚད་ལུ་མ་གནས་པར་ གོང་སྦོམ་རྐྱབ་དོ་ཡོད་པའི་ཁར་ ལ་ལུ་ཅིག་གིས་ གོང་ཚད་ངོ་མ་ལས་ ཉུང་སུ་འབད་ ཚོང་འབྲེལ་འབད་མི་ཡང་ འདུག་ཟེར་ཨིན་པས།
ཚོང་འབྲེལ་ལས་ཁུངས་ཀྱི་འགོ་དཔོན་ རྡོ་ཕུག་ཚེ་རིང་གིས་ ཉེར་སྤྱོད་ཐོབ་དབང་དེ་གིས་ འབྲུག་ཉེར་སྤྱོད་ཐོབ་དབང་དཔྱད་ཡིག་ལུ་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ཚུགས་ཟེར་ཨིནམ་ད་ དེ་ཡང་ བཅའ་ཁྲིམས་དེ་ སྤྱི་ཚོགས་ལས་ ཆ་འཇོག་གྲུབ་ཡོདཔ་ལས་ འཕྲལ་མགྱོགས་ར་ ལས་ཁུངས་ནང་ ལྷོད་ནི་ཨིན་མི་དེ་གིས་ མི་མང་ཡོངས་ལུ་ ལྷན་ཐབས་སྦོམ་ཡོད་ཟེར་ སླབ་ཨིན་པའི་གནས་ཚུལ།

No comments:

Post a Comment