གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕུན་ཚོགས་གླིང་ལུ་ རུ་པི་བརྗེ་སོར་འབད་ནི་ སྐབས་ཅིག་བཀག་བཞག་ཡོདཔ།


རུ་པི་བརྗེ་སོར་གྱི་དོན་ལུ་ ག་ཐོབ་རྐྱབ་པའི་བསྒང་།
ཁ་ཙ་ ཕུན་ཚོགས་གླིང་ལུ་ འབྲུག་གི་དངུལ་ཁང་གི་ སྦོ་ལོགས་ཁར་ ལས་མགྲོན་པ་ཚུ་གི་ ནང་འཁོད་ལུ་ འུར་བྱེལ་ཅིག་ ལངས་པའི་ཤུལ་ལུ་ འབྲུག་གི་དངུལ་ཁང་ལྟེ་བ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ ས་མཚམས་ཁྲོམ་སྡེའི་ དངུལ་ཁང་༤ ལས་ རྒྱ་གར་གྱི་ཏི་རུ་ རུ་པི་ཕྱིར་སྤྲོད་འབད་ནི་དེ་ གནས་སྐབས་ཅིག་ བཀག་བཞག་ཡོདཔ་ཨིན་པས།


དེ་ཡང་ དྲོ་པའི་ཆུ་ཚོད་༨ དེ་ཅིག་ ལས་ རུ་པི་སོར་ནིའི་དོན་ལུ་ དངུལ་ཁང་གི་གདོང་ཁར་ བསྒུགས་སྡོད་མི་ ལས་མགྲོན་པ་ཚུ་གིས་ དངུལ་ཁང་གི་ སྒོ་ཕྱེཝ་ཅིག་ ཨེབ་ཐག་རྐྱབ་སྟེ་ ནང་ན་འཛུལ་འོངམ་ད་ སྒོའི་ཤེལ་ཁྲམ་བཅགས་བཏང་པའི་ཁར་ མི་ཚུ་ དམ་འཛིན་འབད་མ་ཚུགསཔ་ཡར་སོ་པའི་ཤུལ་ལུ་ དངུལ་ལས་དབང་འཛིན་གྱི་ འགོ་དཔོན་དེ་གིས་ དངུལ་ཁང་གི་ ལས་བྱེདཔ་ཚུ་ལུ་ དེ་འཕྲོ་ལས་ དངུལ་སྤྲོད་ལེན་འབད་ནི་ཚུ་ མཚམས་འཇོག་འབད་དགོ་པའི་ བཀོད་བྱ་བྱིན་ཡོདཔ་ཨིན་པས།
ད་ལྟོ་ ཕུན་ཚོགས་གླིང་ལུ་ཡོད་མི་ འབྲུག་གི་དངུལ་ཁང་ལྟེ་བའི་ སྤྱི་འཛིན་འོག་མ་ པུཤ་པ་ལཱལ་ ཆེ་ཏི་རི་གིས་ སླབ་མིའི་ནང་ མི་ཚུ་གིས་ དཔྱད་རིག་མེད་པའི་ འབད་གཞག་རྔམ་སི་སི་བཏོན་མི་ལུ་བལྟ་སྟེ་ ཕུན་ཚོགས་གླིང་གི་ དངུལ་ཁང་ཚུ་ལས་ རུ་པི་ཕྱིར་སྤྲོད་འབད་ནི་ཚུ་ གནས་སྐབས་ཅིག་ བཀག་བཞག་དགོཔ་ བྱུང་ཡོདཔ་ལས་ གསལ་བསྒྲགས་མ་འབད་ཚུན་ཚོད་ བཀག་བཞག་ནི་ཨིན་ཟེར་ཨིན་པས།
དེ་འབདཝ་ད་ ལས་དོན་སོ་སོའི་དོན་ལུ་ རུ་པིའི་ཐོག་ལས་ དངུལ་ཁང་གི་ཌཱཕཊི་དང་ ཊི་ཊི་ལ་སོགས་པ་ཚུ་ ལག་ལེན་འཐབ་འདོད་ཡོད་མི་ཚུ་ལུ་ བཀག་ཆ་མེདཔ་ལས་ ང་བཅས་ཀྱིས་ རུ་པི་ཕྱིར་སྤྲོད་འབད་ནི་རྐྱངམ་གཅིག་ བཀག་བཞག་ཡོད་ཟེར་ པུཤ་པ་ལཱལ་ ཆེ་ཏི་རི་གིས་ བཤདཔ་ཨིན་པས།
དངུལ་ཁང་ནང་ འཛུལ་ནི་ལུ་ ག་ཐོབ་རྐྱབ་མིའི་གྲས་ཁར་ ཕྱིའི་ལས་མགྲོན་པ་དག་པ་ཅིག་ཡང་ཡོདཔ་ད་ ཁོང་ལུ་ གོ་རིམ་ཨང་རྟགས་སྤྲོད་ཡོད་རུང་ ཨང་རྟགས་དང་མ་འཁྲིལ་བར་ གཅིག་གིས་གཅིག་ལུ་ ཨེབ་ཐག་རྐྱབ་སྟེ་ ནང་ན་འཛུལ་འོངམ་ལས་ བཀག་ཆ་འབད་མ་ཚུགས་པར་ དངུལ་ཁང་གི་ ལས་བྱེདཔ་ཚུ་གིས་ ཁྲིམས་སྲུང་འགག་པ་འབོ་དགོཔ་ ཐོན་སོ་ཡི་ཟེར་ ཕྱི་དངུལ་བརྗེ་སོར་སྡེ་ཚན་གྱི་མདོ་ཆེན་ ཀརྨ་རིག་འཛིན་གྱིས་ བཤདཔ་ཨིན་པས།
མི་དེ་ཚུ་གིས་ རུ་པི་སྤྲོད་ནི་དེ་ མཚམས་འཇོག་འབད་ཡོད་རུང་ དངུལ་ཁང་ནང་ལས་ ལོག་འགྱོ་མ་བཏུབ་མི་ལུ་བརྟེན་ དངུལ་འབྲེལ་ལཱ་གཞན་ཚུ་ལུ་ བར་ཆད་རྐྱབ་ཡོདཔ་ད་ དངུལ་ཁང་གཞན་ཚུ་གིས་ ཁ་ཙ་ལས་ ལས་མགྲོན་པ་ཚུ་ལུ་ རུ་པི་ཕྱིར་སྤྲོད་འབད་ནི་ འགོ་བཙུགས་དགོཔ་ཨིན་རུང་ གནས་སྐབས་ཅིག་ བཀག་བཞག་དགོ་པའི་ བཀོད་བྱ་བྱིན་མི་དང་བསྟུན་ སྤྲོད་མ་ཚུགསཔ་ཨིན་པས།
དངུལ་ཁང་གི་ ལས་མགྲོན་པ་ཚུ་ དུས་ཡུན་ཆུ་ཚོད་༣ དེ་ཅིག་ བསྒུགས་པའི་ཤུལ་ལུ་ དབུགས་འགམ་སྟེ་ ཁྱིམ་ནང་ལོག་འགྱོ་དགོཔ་བྱུང་ནུག།
སྤྱི་ཟླ་༣ པའི་ཚེས་༡༢ ལས་ཚུར་ འབྲུག་གི་དངུལ་ཁང་གིས་ ལས་མགྲོན་པ་ཚུ་ལུ་ རུ་པི་ས་ཡ་༧.༥༩༥ སྤྲོད་ཡོད་པའི་གནས་ཚུལ།

No comments:

Post a Comment