གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རང་སོའི་འབབ་ཁུངས་ཁྲལ་ ལོག་སྤྱོད་འབད་བའི་ཉེས་འཛུགས།


ཚེ་རིང་རྣམ་རྒྱལ།

མོང་སྒར་རྫོང་ཁག་ཁྲིམས་འདུན་གྱིས་ མོང་སྒར་ལུང་ཕྱོགས་འོང་འབབ་དང་ཅ་དམ་ཡིག་ཚང་གི་ ལས་བྱེདཔ་༣ གྱིས་ རང་སོའི་འབབ་ཁུངས་ཁྲལ་བཏབ་མི་ཚུ་གི་ ཡིག་ཆ་ཚུ་ རྫུས་བཟོ་ཐོག་ལས་ གཞུང་དངུལ་ལོག་སྤྱོད་འབད་ཡོད་པའི་ རྩོད་བཤེར་འབད་བའི་བསྒང་ཡོདཔ་ཨིན་པས།

ཁྲལ་དང་འོང་འབབ་སྡེ་ཚན་ནང་ ཞིབ་དཔྱོད་པ་དང་ རྩིས་འཛིན་པ་ཨིན་མི་དེ་གིས་ སྤྱི་ལོ་༢༠༠༨ དང་༢༠༠༩ ལུ་ ལྷུན་རྩེ་དང་ མོང་སྒར་ དེ་ལས་ བཀྲིས་སྒང་རྫོང་ཁག་ཚུ་གི་ སློབ་གྲྭའི་སློབ་དཔོན་དང་ གསོ་བའི་ལས་བྱེདཔ་ གླིང་ཁའི་ལས་བྱེདཔ་ལ་སོགས་པའི་ མི་ངོ་༧ དེ་ཅིག་གི་ མིང་དང་ ཁ་བྱང་ དེ་ལས་ དངུལ་ཕོགས་ཀྱི་ཐོ་ཚུ་ རྫུས་མ་བཟོ་ཐོག་ལས་ གཞུང་དངུལ་ལོག་སྤྱོད་འབད་ཡོདཔ་ཨིན་པས།
ཁོང་༣ གྱིས་ རང་སོའི་འབབ་ཁུངས་ཁྲལ་གྱི་ དྲི་ཤོག་ཚུ་བཀང་སྟེ་ ཡོངས་འབྲེལ་ནང་ བཙུགས་ཡོདཔ་མ་ཚད་ ཏི་རུ་ལོག་ཐོབ་པའི་དྲི་ཤོག་ཡང་བཀང་ཞིནམ་ལས་ མིང་རྟགས་ལེན་ཡོད་པའི་ཁར་ མི་ངོམ་ཚུ་གི་ཁ་ཐུག་ལས་ ཏི་རུ་ལོག་ལེན་ཆོག་པའི་ གནང་བ་བཟོ་སྟེ་ མིང་རྟགས་རྫུས་མ་བཀོད་ཐོག་ལས་ ལོག་སྤྱོད་འབད་ཡོདཔ་ཨིན་པས།
ཁོང་༣ གྱིས་ ཡོངས་བསྡོམས་དངུལ་ཀྲམ་༩༢,༠༠༠ ལྷགཔ་ཅིག་ ལོག་སྤྱོད་འབད་ཡོདཔ་ཨིན་པས།
ལུང་ཕྱོགས་འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ ཁྲལ་ལྟ་རྟོག་པ་ཅིག་ཨིན་མི་ ཕོ་སྐྱེས་དེ་ རྒྱལ་ས་ལྟེ་བ་ལུ་ གནས་སོར་སོང་བའི་ཤུལ་ལུ་ ཁྲལ་གྱི་དྲི་ཤོག་ཚུ་ རྩིས་སྤྲོད་མ་འབད་བར་ བཞག་སར་མཐོང་བའི་ཤུལ་ལུ་ ཁོ་གིས་ འབྲི་ཁྲི་གི་ སྒྲོམ་ཆུང་ཚུ་ནང་བལྟཝ་ད་ ཧེ་མ་ ཁྲལ་བཏབ་མི་ཚུ་གི་ ཐོ་མེད་པའི་ཁར་ འཕྲོ་མཐུད་དེ་ ཁྲལ་བཏབ་བཏབ་མེད་པའི་ རང་སོའི་འབབ་ཁུངས་ཁྲལ་གྱི་ དྲི་ཤོག་ཕཱོམ་ཅིག་ མཐོངམ་ལས་ དོགས་པ་ཆགས་ཏེ་ ཞིབ་དཔྱད་འབདཝ་ད་ ཉེས་ལས་འཐབ་སྟེ་ གཞུང་དངུལ་ལོག་སྤྱོད་འབད་ཡོད་པའི་ ངོས་འཛིན་བྱུང་ནུག།
དེ་གི་ཤུལ་ལས་ ཕོ་སྐྱེས་དེ་ སྤྱི་ལོ་༢༠༡༠ ཟླ་༨ པའི་ནང་ལས་ གནས་སྐབས་ཅིག་ ལཱ་གཡོག་ནང་ལས་ དགོངས་ཕོག་བཏོན་བཞག་ནུག།
ད་རུང་ ཞིབ་དཔྱད་མཐིལ་ཕྱིན་འབད་བའི་སྐབས་ རྩིས་འཛིན་པ་༡ དང་ ཞིབ་དཔྱོད་པ་གཞན་མི་༡ ཡང་ དེ་ནང་འབྲེལ་གཏོགས་འབད་ཡོད་པའི་ ངོས་འཛིན་བྱུངམ་ལས་ ཁོང་༢ ཡང་ གནས་སྐབས་ཅིག་ ལཱ་གཡོག་ནང་ལས་ དགོངས་ཕོག་བཏོན་བཞག་ནུག།
ད་ལྟོ་ གནད་དོན་དེ་གི་སྐོར་ལས་ རྩོད་གཞི་ཕྱེ་བའི་བསྒང་ཡོདཔ་བཞིན་དུ་ འཁྲུན་ཆོད་བཏོན་ནི་ལུ་ སྒུག་སྟེ་ཡོདཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ རྩོད་འཛིན་འགོ་དཔོན་ཚུ་དང་འཁྲིལཝ་ད་ ཁོང་༣ གྱིས་ ཡིག་ཆ་ནང་ མིང་རྟགས་རྫུས་མ་ བཀོད་མི་དང་ གཞུང་དངུལ་ལྐོག་ཟ་འབད་མི་ དེ་ལས་ དབང་ཚད་ལོག་སྤྱོད་འབད་བའི་ ཉེས་འཛུགས་ཁག་༣ ཕོག་ནི་མས་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment