གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རུ་པིའི་དཀའ་ངལ་ལུ་བརྟེན་ ཕྱིའི་ལས་མི་ མི་ཐོབ་ནི་གི་ཚ་གྱང།


བསམ་གཏན་ཡེ་ཤེས།

འབྲུག་ལུ་ བཟོ་སྐྲུན་ལས་སྡེ་ཁག་ཚུ་ནང་ ལཱ་འབད་མི་ རྒྱ་གར་གྱི་ ལས་མི་ལ་ལུ་ཅིག་ལུ་ ཁོང་རའི་ ཁྱིམ་ནང་བསྐྱལ་ནི་གི་དོན་ལུ་ རུ་པིའི་དགོས་མཁོ་བྱུང་ཡོད་རུང་ དངུལ་ཁང་ཚུ་ལས་ ཐོབ་ཚུགས་པར་ ལཱ་ཁག་ཡོད་མི་ལུ་བརྟེན་ བཟོ་སྐྲུན་ལས་སྡེའི་ ཇོ་བདག་ཚུ་ལུ་ ཚ་གྱང་ལང་ནིའི་ གཞི་གནད་ཅིག་ལུ་ གྱུར་ཡོདཔ་ཨིན་པས།

དེ་ཡང་ ཁ་ཙ་ བཀྲིས་སྒང་ལུ་ རྒྱ་གར་གྱི་ལས་མི་༨ གཡུས་ཁར་འགྱོ་ནིའི་དོན་ལུ་ རེས་གཟའ་ཉི་མའི་ཕྱི་རུ་ རུ་པི་ག་ཏེ་ལས་ཡང་ ཐོབ་མ་ཚུགསཔ་ཨིན་པས།
དེ་བཟུམ་མའི་ གནས་སྟངས་འཕྲོ་མཐུད་དེ་ར་ གནས་པ་ཅིན་ བཟོ་སྐྲུན་གྱི་ ལཱ་འབད་མི་ མང་ཤོས་ར་ རྒྱ་གར་གྱི་ ལས་མི་ཨིནམ་ལས་ ཕྱིའི་ལས་མི་ཚུ་གིས་ འབྲུག་ལུ་ ལཱ་འབད་བར་ འོང་ནི་ལུ་ སྤྲོ་བ་མི་བསྐྱེད་ནི་གི་ ཉེན་ཁ་ཡོདཔ་ཨིན་པས།
རྒྱ་གར་ནུབ་བེང་གཱལ་ལས་ཨིན་མི་ མུག་ཏར་ཨཱན་ས་རི་གིས་ སླབ་མིའི་ནང་ འབྲུག་ལུ་ ལཱ་འབད་དེ་ གསོག་འཇོག་འབད་མི་ དངུལ་ཀྲམ་ཚུ་ རུ་པིའི་ནང་ སོར་མ་ཚུགས་པ་ཅིན་ ད་ཚུན་གྱི་བར་ན་ དཀའཝ་སྤྱད་དེ་ ལཱ་འབད་མི་ཚུ་ ཁེངས་མེདཔ་འགྱོ་ནི་མས་ཟེར་ཨིན་པས།
ཨཱན་ས་རི་ལུ་ རུ་པིའི་དགོས་མཁོ་སྦོམ་བྱུང་མི་དེ་ཡང་ ཉིན་གྲངས་༢༠ དེ་ཅིག་གི་ཤུལ་ལས་ ཁོ་གི་བུམོ་དེ་ གཉེན་རྐྱབ་ནི་ཨིནམ་ལས་ ཁོ་གི་ལག་པར་ དངུལ་ཀྲམ་༢༥,༠༠༠ དེ་ཅིག་ཡོད་མི་དེ་ རུ་པི་ལུ་ སོར་དགོཔ་ཡོད་ནི་དེ་གིས་ཨིན་པས།
ལས་མི་༨ པོ་དེ་ བཀྲིས་སྒང་མི་ཐིར་གྲང་ལུ་ འབྲུག་གི་དངུལ་ཁང་གི་ བཟོ་སྐྲུན་ལཱ་འབད་མི་ ཊི་ཊི་བཟོ་སྐྲུན་ལས་སྡེ་དང་གཅིག་ཁར་ ལཱ་འབད་ཡོདཔ་ད་ ཁོང་ཆ་ཁྱབ་ དངུལ་ཀྲམ་ཚུ་ ལམ་བདའ་སྟེ་ སོར་ཚུགས་པའི་ རེ་བ་བསྐྱེད་དེ་ ཁ་ཙ་ བཀྲིས་སྒང་ལས་ ཁོང་གི་གཡུས་ཁར་ སོང་ཡི་ཟེར་ ལས་མིའི་འགོ་ཁྲིདཔ་ ཨའི་ཏི་ཡར་ ར་མཱན་གྱིས་ སླབ་ཨིན་པས།
ཨའི་ཏ་ཡར་ ར་མཱན་གྱིས་འབད་བ་ཅིན་ གཡུས་ཁར་འགྱོ་མི་ ལས་མི་ཚུ་གི་དོན་ལུ་ བདུན་ཕྲག་༡ གི་ཧེ་མ་ལས་ར་ རུ་པི་སོར་ཐབས་འབད་ཡོད་རུང་ དངུལ་ཁང་ཚུ་ནང་ རུ་པི་རྫོགས་སོཔ་ལས་ ཐོབ་མ་ཚུགས་ཟེར་ཨིན་པས།
འབྲུག་གི་དངུལ་ཁང་གི་ འཛིན་སྐྱོང་འགོ་དཔོན་ ཨོ་རྒྱན་རྡོ་རྗེ་གིས་ འདས་པའི་བདུན་ཕྲག་ནང་ རུ་པི་བྱིན་མ་ཚུགས་མི་དེ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ བཀའ་རྒྱ་དང་འཁྲིལ་ཨིན་ཟེར་ བཤད་པའི་ཁར་ དངུལ་ཁང་དེ་གིས་ གློ་བུར་གནས་སྟངས་ཀྱི་དོན་ལུ་ རུ་པི་༡༠༠,༠༠༠ དེ་ཅིག་བཞག་ཡོདཔ་ལས་ རྒྱ་གར་གྱི་ལས་མི་ ཚུལ་མཐུན་གྱི་ ཆོག་ཐམ་འཆང་མི་ཚུ་ལུ་ བྱིན་འོང་ཟེར་ཨིན་པས།
རྒྱ་གར་ལུ་ ལོག་སོང་མི་ ལས་མི་ཚུ་གིས་ ཁོང་རའི་འགོ་ཁྲིདཔ་གི་ལག་པར་ དངུལ་ཀྲམ་བསྡོམས་༧༤,༠༠༠ རུ་པི་དང་ སོར་ནིའི་དོན་ལུ་བཞག་ཡོདཔ་ལས་ ཁོ་གིས་ རུ་པི་ནམ་སོར་ཚུགསཔ་ཅིག་ ཁོང་ལུ་ བསྐྱལ་ནི་ཨིན་པས།
བཟོ་སྐྲུན་ལས་སྡེའི་ ཇོ་བདག་ཚུ་གི་ སླབ་མིའི་ནང་ ལས་མི་ཚུ་གིས་ གཡུས་ཁར་སོང་ཞིནམ་ལས་ ཁོང་རའི་ གླ་འཐུས་ཚུ་ རུ་པི་ལུ་ སོར་མ་ཚུགས་པ་ཅིན་ ལཱ་འབད་བར་ ག་དེ་སྦེ་ ལོག་འོང་ག་ཟེར་བའི་ ཚ་གྱང་ཡོད་ཟེར་ཨིན་པའི་གནས་ཚུལ།

No comments:

Post a Comment