གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དོམ་གྱིས་རྨུར་མི་ ཕོ་སྐྱེས་ཅིག་ དྲག་དོ་ཡོདཔ།

༉ དོམ་གྱིས་རྨུར་བའི་ཤུལ་ལས་ བུམ་ཐང་དབང་འདུས་ཆོས་གླིང་སྨན་ཁང་ནང་བསྐྱལ་མི་ སྐྱེས་ལོ་༤༣ ལང་མི་ ཕོ་སྐྱེས་ཅིག་ ལེགས་ཤོམ་སྦེ་ དྲག་པའི་བསྒང་ཡོདཔ་ཨིན་པས།


དབང་འདུས་ཆོས་གླིང་སྨན་ཁང་ནང་ལས་ ཌོག་ཊར་རྟ་མགྲིན་བཟང་པོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ བྱུང་རྐྱེན་དེ་ སྤྱི་ཟླ་༥ པའི་ཚེས་༢༥ ལུ་ ཆོས་འཁོར་ལས་ ཉིན་ལམ་དག་པ་ཅིག་ འགྱོ་དགོ་པའི་ས་གནས་ བྲེ་སྒྲུབ་ལུ་ དབྱར་རྩྭ་དགུན་འབུབ་འཐུ་བར་ འགྱོ་བའི་སྐབས་ལུ་ བྱུང་ནུག་ཟེར་ཨིནམ་ད་ ཁ་ཉིནམ་ལས་བརྒལ་ སྨན་ཁང་ནང་ མ་ལྷོད་ཟེར་ཨིན་པས།
རྐྱེན་ངན་བྱུང་བའི་ཕྱི་རུ་ རྒེད་འོག་གི་ས་གནས་ཅིག་ནང་ བསྟན་སྲུང་དམག་སྡེའི་ གསོ་བའི་ལས་བྱེདཔ་ཚུ་གིས་ སྨན་བཅོས་འབད་ནུག་ཟེར་ཨིན་པས།
གནས་ཚུལ་བཤད་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྐྱེན་ངན་བྱུང་བའི་སྐབས་ ཕོ་སྐྱེས་༣ ཡོདཔ་ཨིན་རུང་ གཞན་མི་༢ ཀྱིས་ བྱོག་ཐལ་ནུག་ཟེར་ཨིནམ་ད་ དོམ་དང་གཅིག་ཁར་ ཧང་སྟོང་མར་ ཕྱད་ནུག་ཟེར་ཨིན་པས།
ཉམས་རྒུདཔ་ཕོ་སྐྱེས་དེ་གི་ མགུ་ཏོ་དང་ གདོང་ དེ་ལས་ ལགཔ་གཡོནམ་ལུ་ རྨ་སྐྱོན་བཏོན་ཡོདཔ་ད་ སྨན་ཁང་ནང་ ལྷོད་པའི་ཤུལ་ལས་ མགུ་ཏོ་གུ་ ཚེམ་ཐེངས་༥ དང་ ལགཔ་ཁར་༢ རྐྱབ་ཡོདཔ་ཨིན་པས།
བུམ་ཐང་ལུ་ དུས་ཅི་ལོ་ནང་ དོམ་གྱིས་རྨུར་བའི་ བྱུང་རྐྱེན་དེ་ ད་རེས་བརྩིཝ་ད་ ཐེངས་༢ བྱུང་ཡོད་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment