གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་གིས་ ཨ་ལུའི་རྩུབ་སྤྱོད་བརྟག་ཞིབ་ནང་ འབྲེལ་གཏོགས་འབད་ནི།

༉ ཤྲི་ལངྐའི་རྒྱལ་ས་ ཀོ་ལོམ་བོ་ལུ་ འགོ་འདྲེན་འཐབ་ནི་ཨིན་མི་ ལྷོ་ཕྱོགས་ཨེ་ཤི་ཡའི་ ལུང་ཕྱོགས་རྒྱལ་ཁབ་ཚུ་ནང་ འཛམ་གླིང་སྤྱི་ཚོགས་ཀྱིས་ ཨ་ལུ་ཚུ་ལུ་ རྩུབ་སྤྱོད་བརྟག་ཞིབ་ཀྱི་ འཕྲོ་མཐུད་གྲོས་བསྟུན་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ འབྲུག་པའི་སློབ་ཕྲུག་ཨ་ལུ་༢ སོང་ཡོདཔ་ཨིན་པས།


རྒྱལ་ཡོངས་ཨམ་སྲུ་དང་ཨ་ལུའི་ལྷན་ཚོགས་ཀྱི་ བཀོད་ཁྱབ་མདོ་ཆེན་ ཕུན་ཚོགས་ཆོས་སྒྲོན་གྱིས་ སླབ་མི་དང་འཁྲིལཝ་ད་ ཨ་ལུའི་སྲུང་སྐྱོབ་ཟིན་བྲིས་བཅའ་ཁྲིམས་ཀྱི་ གྲོས་ཚོགས་ཞལ་འཛོམས་ནང་ དབྱངས་ཅན་ཕུག་འབྲིང་རིམ་སློབ་གྲྭ་གོང་མ་ལས་ སློབ་ཕྲུག་བུཚ་ཅིག་དང་ ལུང་བསྟན་ཟམ་པ་འབྲིང་རིམ་སློབ་གྲྭ་བར་མ་ལས་ སློབ་ཕྲུག་བུམོ་ཅིག་ གདམ་འཐུ་འབད་དེ་ བཏང་ཡི་ཟེར་ཨིན་པས།
ཤྲི་ལངྐ་ལུ་བཏང་མི་ སློབ་ཕྲུག་ཨ་ལུ་༢ ཀྱིས་ རྒྱལ་ཡོངས་ཨམ་སྲུ་དང་ ཨ་ལུའི་ལྷན་ཚོགས་ཀྱིས་ ཨ་ལུའི་རྩུབ་སྤྱོད་ཀྱི་སྐོར་ལས་ ལས་རིམ་འགོ་འདྲེན་འཐབ་མིའི་ནང་ རྒྱལ་ཁབ་ནང་ ཨ་ལུ་སྤྱིར་བཏང་ལུ་ བྱ་སྟབས་མ་བདེ་བའི་ གནད་དོན་ཚུ་ ལྷོ་ཨེ་ཤེ་ཡའི་རྒྱལ་ཁབ་ཚུ་དང་གཅིག་ཁར་ གྲོས་བསྡུར་འབད་ནི་ཟེར་ བཤདཔ་ཨིན་པས།
ལས་རིམ་དེ་ཡང་ འཛམ་གླིང་སྤྱི་ཚོགས་ཀྱིས་ ཨ་ལུའི་རྩུབ་སྤྱོད་བརྟག་ཞིབ་ཀྱི་ རྒྱབ་སྣོན་གནད་དོན་ཁག་༡༢ ཡོད་མི་དེ་ ལག་ལེན་འཐབ་ཚུགསཔ་བཟོ་ཞིནམ་ལས་ ཨ་ལུ་རྩུབ་སྤྱོད་ཚུ་ བཀག་ཚུགས་ནི་དང་ ཨ་ལུ་ལུ་ རྒྱབ་སྐྱོར་འབད་ནི་ ཨ་ལུའི་དལ་དབང་ལེགས་ཤོམ་བཟོ་ནིའི་ དམིགས་ཡུལ་ཡོདཔ་ཨིན་པས།
དེ་ཡང་ རྒྱལ་ཡོངས་དང་ ས་གནས་གཞུང་མཉམ་རུབ་ཐོག་ལས་ ཨ་ལུ་ལུ་ རྩུབ་སྤྱོད་འབད་ནི་ལས་ བཀག་ནིའི་དོན་ལུ་ ཆ་རོགས་དང་རྒྱབ་སྐྱོར་འབད་ནི་ བྱ་ངན་འབད་མི་ལུ་ ཁྲིམས་བཀལ་ཏེ་ ཨ་ལུ་ལུ་ ཉེན་སྲུང་དང་ལྡནམ་སྦེ་ བཞག་ནི་ཨིནམ་མ་ཚད་ མི་སྡེ་གིས་ རྒྱབ་སྐྱོར་འབད་ནིའི་སྲིད་བྱུས་དང་ ཐབས་ལམ་ཚུ་ བཟོ་ནི་ཨིན་པས།
ཤྲི་ལངྐ་ལུ་ འདི་བཟུམ་མའི་ གྲོས་བསྡུར་ཞལ་འཛོམས་ འགོ་འདྲེན་འཐབ་དགོ་པའི་ གནད་དོན་གཙོ་བོ་ར་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་རྒྱལ་ཁབ་ཚུ་གིས་ ཨ་ལུའི་ཐོབ་དབང་དང་འཁྲིལ་ བུཚ་དང་བུམོ་ཚུ་ དགའ་སྐྱིད་ཀྱི་ངང་ལུ་ སྡོད་ཚུགས་ནིའི་ཐབས་ལམ་ལུ་ དམིགས་ཏེ་ཨིན་པས།
བཀོད་ཁྱབ་མདོ་ཆེན་གྱིས་འབད་བ་ཅིན་ གྲོས་བསྟུན་འབད་མི་དེ་གིས་ ལྷོ་ཨེ་ཤེ་ཡའི་ ལུང་ཕྱོགས་རྒྱལ་ཁབ་ཀྱི་ ཁེ་གྱོང་ཡོད་མི་ཚུ་གིས་ དམིགས་དོན་འགྲུབ་ཚུགས་པའི་རེ་འདོད་ཡོདཔ་ད་ འཛམ་གླིང་སྤྱི་ཚོགས་ཀྱིས་ རྒྱབ་སྣོན་འབད་མི་ གནད་དོན་༡༢ ཡོད་མི་དེ་ ལག་ལེན་ལེགས་ཤོམ་འཐབ་ཚུགས་པའི་ དམིགས་གཏད་བསྐྱེད་དོ་ཟེར་ ཨིན་པས།
དེ་བཟུམ་སྦེ་ ལས་རིམ་འགོ་དཔོན་ ཆོས་སྐྱིད་དཔལ་འབྱོར་གྱིས་འབད་བ་ཅིན་ ལས་རིམ་དེ་གིས་ ཨ་ལུའི་ཉེན་སྲུང་ ཡུན་བརྟན་ཐོག་ ལག་ལེན་འཐབ་ཚུགས་ནི་ལུ་ ཁེ་ཕན་ཡོད་ཟེར་ཨིནམ་ད་ མ་འོངས་པ་ལུ་ ཨེ་ཤི་ཡའི་ ན་གཞོན་ཚུ་གི་བར་ན་ མཐུན་ལམ་དམ་ཟབ་དང་ བྱ་སྟབས་མ་བདེ་བའི་ དཀའ་ངལ་ཚུ་འབྱུངམ་ད་ མཐུན་འབྲེལ་ཐོག་ལས་ དཀའ་ངལ་ཚུ་བསལ་ནི་ལུ་ ཁེ་ཕན་སྦོམ་ཡོད་ཟེར་ བཤདཔ་ཨིན་པས།
གྲོས་བསྡུར་ཞལ་འཛོམས་དེ་ སྤྱི་ཟླ་༥ པའི་ཚེས་༣༠ ལུ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment