གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨ་རོགས་དགའ་རོགས་དང་ བྲོས་བྱོལ་འབད་མི་ ལོག་ལྷོད་ཡོདཔ།


༢༣/༥/༢༠༡༢


༉ སྤྱི་ཟླ་༥ པའི་ཚེས་༡༧ ལུ་ ཧཱ་རྫོང་ཁག་གི་ སློབ་གྲྭ་ཅིག་ནང་ལས་ སྐྱེས་ལོ་༡༤ གིས་ལང་མི་ སློབ་རིམ་༦ པའི་ སློབ་ཕྲུག་བུམོ་༡ སྐྱེས་ལོ་༢༢ ལང་མི་ མོ་རའི་ ཨ་རོགས་དགའ་རོགས་དང་གཅིག་ཁར་ བྱོག་སོང་སྟེ་ ཉིནམ་༢ ཀྱི་རྒྱབ་ལས་ ལོག་འོངམ་ད་ ཕོ་སྐྱེས་དེ་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ བཙུགས་ཡོདཔ་ཨིན་པས།


དེ་ཚེ་ཉིན་མར་ བུམོ་དེ་ ནཝ་མས་ཟེར་སླབ་སྟེ་ སློབ་གྲྭའི་ཉལ་ཁང་ནང་ སྡོད་ཡོདཔ་ཨིན་རུང་ བུམོ་ཚུ་གི་ དོ་དམ་པ་དེ་ ཕྱི་རུ་ བུམོ་ཚུ་ཚང་མ་ཚང་ བལྟ་ཞིབ་འབད་བར་སོངམ་ད་ མོ་མེདཔ་ཨིནམ་ ཤེས་ཡོདཔ་ཨིན་པས།
གནས་ཚུལ་བཤད་མི་ཅིག་གིས་ སླབ་མིའི་ནང་ སློབ་ཕྲུག་བུམོ་གི་ ཨ་རོགས་དགའ་རོགས་དེ་ སློབ་གྲྭའི་ཉེ་འདབས་ལུ་ སྡོད་དོ་ཡོདཔ་ལས་ སློབ་གྲྭའི་ཚོགས་པ་གིས་ མོ་ བུཚ་དེ་གི་ ཁྱིམ་ནང་ཡོདཔ་ ཤེས་རྟོགས་བྱུང་ཡོད་རུང་ ཁོང་གཉིས་ དེ་ཚེ་ཕྱི་རུ་  ཁྱིམ་ནང་ལས་ བྱོག་ཡར་སོཔ་ཨིན་པས།
དེ་ལས་ སློབ་གྲྭ་དང་ གཡུས་ཁའི་ཚོགས་པ་གིས་ འགྲུལ་འཕྲིན་བཏང་ཐོག་ལས་ གསང་བྲོས་འབད་དགོ་པའི་ གནད་དོན་ག་ཅི་ཨིན་ན་ དྲི་བའི་སྐབས་ ཁོང་ར་གཉིས་ གཅིག་གིས་གཅིག་ལུ་ གནམ་མེད་ས་མེད་དགའ་དོ་ཡོདཔ་ལས་ གཉེན་རྐྱབ་སྡོད་ནིའི་དོན་ལུ་ བྱོག་སོང་ཡོདཔ་སྦེ་ སླབ་ཡོདཔ་ད་ སློབ་གྲྭའི་བདག་སྐྱོང་གིས་ དེ་འཕྲོ་ལས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
སློབ་གྲྭའི་སློབ་དཔོན་གྱིས་ སླབ་མིའི་ནང་ བུམོ་དེ་ སློབ་ཕྲུག་ཅིག་འབད་བ་ལུ་བརྟེན་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་མ་འབད་བར་ ཐབས་མེད་ཡར་སོ་ཡི་ཟེར་ཨིན་པས།
ཨིན་རུང་ དེ་གི་ནངས་པར་ ཁོང་གཉིས་ ལོག་འོངམ་ད་ ཁྲིམས་སྲུང་འགག་པའི་ ཡིག་ཚང་ནང་ བཏང་པའི་ཤུལ་ལུ་ བུཚ་དེ་ དོ་དམ་འོག་ལུ་ བཞག་ཡོདཔ་ཨིན་པས།
བུམོ་དེ་ལུ་ སྟབས་མ་བདེཝ་ག་ཅི་ཡང་མེད་པ་ཅིན་ དཔེ་ཆ་འཕྲོ་མཐུད་ལྷབ་ནི་གི་ གོ་སྐབས་བྱིན་ནི་ཟེར་ སློབ་གྲྭའི་དབུ་འཛིན་གྱིས་བཤདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་ འགོ་དཔོན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་ར་གཉིས་ མོས་མཐུན་ཐོག་ བྲོས་བྱོལ་འབད་ཡོདཔ་ཨིན་རུང་ བུམོ་དེ་ ལོ་ན་མ་སྨིན་པའི་གྲངས་སུ་ ཚུད་ནི་དེ་གིས་ ནང་འགྲིགས་འབད་མི་བཏུབ་ནི་ཨིནམ་ལས་ ཁྲིམས་ཀྱི་འདུན་སར་ ཉེས་འཛུགས་འབད་འོང་ཟེར་ཨིན་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།

No comments:

Post a Comment