གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནང་འཁོད་མཁའ་འགྲུལ་ཞབས་ཏོག་ གནས་སྐབས་ཅིག་ མཚམས་འཇོག་འབད་ནིའི་གྲོས་འཆར།

༉ བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་གི་བློན་པོ་ ནཱན་ད་ལཱལ་ རའི་གིས་བཤད་མིའི་ནང་ འབྲུག་མཁའ་འགྲུལ་ལས་འཛིན་གྱིས་ གནས་སྐབས་ཅིག་གི་དོན་ལུ་ ནང་འཁོད་མཁའ་འགྲུལ་ཞབས་ཏོག་ མཚམས་འཇོག་འབད་ནིའི་ གྲོས་འཆར་བཀོད་མི་དེ་ལུ་ དབྱེ་ཞིབ་ཚུ་ འབད་དོ་ཟེར་ཨིན་པས།


ལས་འཛིན་གྱིས་ གྲོས་འཆར་བཀོད་མིའི་གནད་དོན་ ཁ་གསལ་མེད་རུང་ བློན་པོ་གིས་འབད་བ་ཅིན་ གཞུང་གིས་ སྒེར་གྱི་མཁའ་འགྲུལ་ལས་སྡེ་དེ་ལུ་ དཀའ་ངལ་དང་ དོ་འགྲན་བྱུང་མི་དེ་ ཤེས་གསལ་ཡོདཔ་མ་ཚད་ རྒྱལ་སྤྱིའི་མཁའ་འགྲུལ་ཞབས་ཏོག་གི་དོན་ལུ་ གནམ་གྲུ་མཁོ་སྒྲུབ་འབད་ནིའི་ནང་ཡང་ དཀའ་ངལ་ཡོདཔ་ ཤེས་ཟེར་ཨིན་པས།
ཨིན་རུང་ གནད་དོན་དེ་ འབྲུག་མཁའ་འགྲུལ་ལས་འཛིན་གྱིས་ གནམ་གྲུ་གླ་ཁར་ ལེན་ནིའི་དོན་ལུ་ འབྲུག་གི་དངུལ་ཁང་ལས་ སྐྱིན་འགྲུལ་ཡུ་ཨེསི་ཌོ་ལར་ས་ཡ་༤.༥ མཁོ་འདོད་བཀོད་མི་དེ་ ཐོབ་མ་ཚུགས་ནི་དེ་གིས་ཨིནམ་སྦེ་ ཤེས་རྟོགས་ཡོད་མི་ཅིག་གིས་བཤདཔ་ཨིན་པས།
དེ་མ་ཚད་ སྒེར་གྱི་མཁའ་འགྲུལ་ལས་སྡེ་གིས་ ནང་འཁོད་འཕུར་འགྲུལ་ཞབས་ཏོག་ འགོ་བཙུགས་ཏེ་ ད་ལྟོ་ཚུན་ གྱོང་རྒུད་ཕོག་སྟེ་ར་ ཡོད་ནི་དེ་གིས་ཨིན་པས།
བློན་པོ་ ནཱན་ད་ལཱལ་ རའི་གིས་འབད་བ་ཅིན་ གཞུང་གིས་ རྒྱལ་སྤྱིའི་མཁའ་འགྲུལ་ཞབས་ཏོག་གི་དོན་ལུ་ གནམ་གྲུ་ཅིག་ ལེན་ནིའི་ནང་ ལྷན་ཐབས་དང་ གྲོགས་རམ་ཚུ་ ག་དེ་སྦེ་ འབད་ཚུགས་ག་ དབྱེ་ཞིབ་ཚུ་འབད་ནི་ཟེར་ཨིནམ་ད་ དེ་ཡང་ གཞུང་གིས་ ལོ་རེའི་ནང་ ལྟ་བཤལཔ་༡༠༠,༠༠༠ ལེན་ནི་གི་ སྲིད་བྱུས་དང་འཁྲིལ་ཏེ་ཨིནམ་ལས་ འོས་འབབ་ཚུ་ འཚོལ་ཞིབ་འབད་འོང་ཟེར་ཨིན་པས།
བློན་པོ་གིས་ གསུངས་མིའི་ནང་ འབྲུག་མཁའ་འགྲུལ་ལས་འཛིན་གྱིས་ གྲོས་འཆར་བཀོད་མི་དང་འཁྲིལ་ཏེ་ གནས་སྐབས་ཅིག་ འཕུར་འགྲུལ་མཚམས་འཇོག་གི་ གནང་བ་བྱིན་ནིའི་ཐད་ཁར་ ལས་འཛིན་གྱིས་ ལོག་ནམ་ལས་ འཕུར་འགྲུལ་ཞབས་ཏོག་ འགོ་བཙུག་ཚུགས་ག་ དེ་ལུ་རག་ལས་ཟེར་ཨིན་པས།
ཞི་གཡོགཔ་ཚུ་གིས་ཡང་ གཞུང་འབྲེལ་གྱི་ ལས་དོན་ཚུ་ནང་ ནང་འཁོད་འཕུར་འགྲུལ་ཞབས་ཏོག་ ལག་ལེན་འཐབ་དགོ་པའི་ རྒྱུ་བསྐུལ་འབད་འོང་ཟེར་ཨིནམ་ད་ དེ་གིས་ ལས་སྡེའི་ཡུན་བརྟན་ལུ་ཡང་ ལྷན་ཐབས་འབད་ཚུགས་ནི་ཨིནམ་མ་ཚད་ གཞུང་གིས་ སྣུམ་འཁོར་ལག་ལེན་ཐོག་ འགྲོ་འགྲུལ་འབད་མི་བ་ གནམ་གྲུའི་ནང་ འགྲོ་འགྲུལ་འབད་མི་དེ་ མགྱོགས་པའི་ཁར་ གཞུང་གི་ཟད་འགྲོ་ལུ་ཡང་ ལྷན་ཐབས་འབྱུང་ཚུགས་ནི་མས་ཟེར་ཨིན་པས།
བློན་པོ་གིས་ མཁའ་འགྲུལ་ལས་ཁུངས་ལུ་ ད་ལྟོ་ཚུན་ ནང་འཁོད་མཁའ་འགྲུལ་ཞབས་ཏོག་གི་ གླ་འཐུས་ཚུ་ ག་དེ་སྦེ་ཡོདཔ་ཨིན་ན་ ཞིབ་དཔྱད་འབད་ཞིནམ་ལས་ བསྒྱུར་བཅོས་ཀྱི་འོས་འབབ་ཚུ་ བལྟ་ཞིབ་འབད་དགོཔ་འདུག་ཟེར་ གསུངས་ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment