གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སློབ་ཕྲུག་བརྡུང་རྫོང་འབད་མི་སྡེ་ཚན་ འཛིན་བཟུང་འབད་ཡོདཔ།

༢༤/༥/༢༠༡༢

༉ ཐིམ་ཕུ་ཁྲིམས་སྲུང་འགག་པ་གིས་ འདས་པའི་བདུན་མཐའ་ནང་ སློབ་ཕྲུག་ཨ་ལུ་༢ ལུ་ བརྡུང་རྫོབ་ཀྱི་བྱ་ངན་ནང་ འབྲེལ་བ་ཡོད་མི་ སློབ་ཕྲུག་སྡེ་ཚན་ཅིག་ འཛིན་བཟུང་འབད་ཡོདཔ་ཨིན་པས།



ཁྲིམས་སྲུང་འགག་པ་གིས་བཤད་མི་དང་འཁྲིལཝ་ད་ སློབ་ཕྲུག་༤ འབད་མི་ སྡེ་ཚན་ཅིག་གིས་ སྤྱི་ཟླ་༥ པའི་ཚེས་༢༠ འི་ཕྱི་རུ་ མུ་ཏིག་ཐང་ འབྲིང་རིམ་སློབ་གྲྭ་གོང་མའི་ས་ཁོངས་ནང་སྦེ་ བློ་གསལ་གླིང་ འབྲིང་རིམ་སློབ་གྲྭ་བར་མའི་ སློབ་ཕྲུག་༢ ལུ་ བརྡུང་རྫོབ་འབད་ནུག་ཟེར་ཨིན་པས།
དེ་ཡང་ མུ་ཏིག་ཐང་སློབ་གྲྭའི་འཁྲབ་སྟོན་ཁང་ནང་ བློ་གསལ་གླིང་ འབྲིང་རིམ་སློབ་གྲྭ་བར་མའི་སློབ་ཕྲུག་དང་ སློབ་དཔོན་ཚུ་གིས་ གླུ་གཞས་ཀྱི་ལས་རིམ་ཅིག་ འགོ་འདྲེན་འཐབ་པའི་ཤུལ་ལུ་ ལོག་ཁྱིམ་ནང་འགྱོ་བའི་སྐབས་ ཕྱི་རུའི་ཆུ་ཚོད་༧ དང་༧.༣༠ དེ་ཅིག་ཁར་ ལྕང་ཇི་ཇི་ ཕུཊ་བཱོལ་སྦྱོང་བརྡར་འབད་མི་ སྐྱེས་ལོ་༡༤ དང་༡༥ འབད་མི་ སློབ་ཕྲུག་བུཚ་༢ ལུ་ བརྡུང་རྫོབ་འབད་ཡོདཔ་ཨིན་པས།
ཉམས་རྒུད་པའི་ཕམ་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ རྐྱེན་ངན་དེ་ཡང་ མུ་ཏིག་ཐང་སློབ་གྲྭའི་ས་ཁོངས་ནང་ གླུ་གཞས་ཀྱི་ལས་རིམ་དེ་ མཇུག་བསྡུ་ཞིནམ་ལས་ ཁྱིམ་ནང་འོང་བའི་ལམ་ཁར་ སྡེ་ཚན་དེ་གིས་ ཁོང་ཨ་ལུ་༢ ལུ་ བརྒྱུད་འཕྲིན་མོ་བཱ་ཡལ་འབག་ཤོག་ཟེར་སླབ་ད་ ཁོང་ལུ་བརྒྱུད་འཕྲིན་མེད་ཟེར་སླབ་ལས་ བརྒྱུད་འཕྲིན་མེད་པ་ཅིན་ ཏི་རུ་འབག་ཤོག་ཟེར་སླབ་སྟེ་ དབང་བཙོང་འབད་ནུག་ཟེར་ཨིན་པས།
སྡེ་ཚན་དེ་གིས་ ཨ་ལུ་གཉིས་ལུ་ བརྡུང་རྫོབ་འབད་སྡོད་པའི་བར་ན་ བློ་གསལ་གླིང་ འབྲིང་རིམ་སློབ་གྲྭའི་སློབ་དཔོན་གྱིས་མཐོང་སྟེ་ དེ་ཚེ་རང་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབདཝ་ལས་ གཞན་མི་སློབ་ཕྲུག་ཆ་རོགས་ཚུ་ བྱོལ་སོང་ནུག་ཟེར་སླབ་ཅི།
ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ བྱ་ངན་འབད་མི་སློབ་ཕྲུག་ཅིག་དེ་ ཉི་མ་འབྲིང་རིམ་སློབ་གྲྭ་གོང་མ་ལས་ སློབ་རིམ་༡༢ པའི་ནང་ཨིནམ་ད་ གཞན་མི་གཉིས་ མུ་ཏིག་ཐང་ འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་རིམ་༩ པ་དང་༡༠ པའི་སློབ་ཕྲུག་༢ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment