གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རང་བཞིན་ཐོན་སྐྱེད་མཐོ་རིམ་སློབ་གྲྭ་ནང་ ཆོས་ཚན་གསར་པའི་སློབ་སྦྱོང་བྱིན་ནི།

༉ དུས་ཅི་ སྤྱི་ཟླ་༧ པའི་ནང་ རང་བཞིན་ཐོན་སྐྱེད་མཐོ་རིམ་སློབ་གྲྭའི་མདོ་ཆེན་ རྡོ་རྗེ་དབང་ཕྱུག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལས་རིམ་དེ་གིས་ སླབ་ཕྲུག་ཚུ་ལུ་ རང་བཞིན་དང་ གསོ་བ་ འཛིན་སྐྱོང་ དེ་ལས་ མི་སྡེའི་ཚན་རིག་ཚུ་ ག་ར་ཚངམ་སྦེ་ སློབ་སྟོན་འབད་ནི་ཨིན་ཟེར་ཨིན་པས།


ཁོ་གིས་འབད་བ་ཅིན་ སློབ་ཕྲུག་ཚུ་ ཆོས་ཚན་གསར་པའི་སློབ་སྦྱོང་ནད་ལས་ མཐར་འཁྱོལ་ཞིནམ་ལས་ ལཱ་གཡོག་གི་གོ་སྐབས་ སོ་ནམ་ལས་ཁུངས་དང་ རང་བཞིན་གནས་སྟངས་ རྒེད་འོག་བདག་སྐྱོང་ དེ་ལས་ གཞུང་མིན་ལས་སྡེ་ཚུ་ནང་ལས་ཕར་ ཐོབ་ཚུགསཔ་བཟོ་ནི་ ཨིན་ཟེར་ཨིན་པས།
མཐོ་རིམ་སློབ་གྲྭའི་ལས་རིམ་འགོ་འདྲེན་པ་ བཱག་ཏ་གིས་འབད་བ་ཅིན་ དེ་བཟུམ་མའི་ལས་རིམ་འགོ་འདྲེན་འཐབ་དགོ་མི་དེ་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་ཕྲུག་ཚུ་ སློབ་སྦྱོང་འབད་བར་ཕྱི་ཁ་འགྱོ་མ་དགོ་པར་ རྒྱལ་ཁབ་ནང་འཁོད་ལུ་ར་ འབད་ཚུགསཔ་བཟོ་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
དེ་མ་ཚད་ ལས་རིམ་དེ་གིས་ རྒྱལ་ཁབ་ནང་འཁོད་ལུ་ སློབ་སྦྱོང་འབད་འདོད་ཡོད་མི་ སློབ་ཕྲུག་ཚུ་གི་དོན་ལུ་ གོ་སྐབས་གསརཔ་ཅིག་ཨིནམ་ད་ རང་བཞིན་མཐོ་རིམ་སློབ་གྲྭའི་ནང་ ལེགས་སྦྱར་བ་༣༢ ཡོད་མིའི་གྲས་ལས་༧ གྱིས་ ཆོས་ཚན་གསརཔ་ཚུ་གི་ སློབ་སྟོན་འབད་ནི་ཨིན་ཟེར་ཨིན་པས།
སློབ་རིམ་༡༢ པ་མཐར་འཁྱོལ་མི་ག་ར་གིས་ བཅའ་མར་གཏོགས་ཆོག་ནི་ཨིན་རུང་ བཙག་འཐུ་དེ་ རང་སོའི་སྐུགས་ཐོབ་ཚད་དང་འཁྲིལ་ཏེ་ བཙག་འཐུ་འབད་ནི་ཟེར་ ལས་རིམ་འགོ་འདྲེན་པ་གིས་ བཤདཔ་ཨིན་པས།
སློབ་ཕྲུག་༤༢ བཙག་འཐུ་འབད་མིའི་གྲས་ལས་༨ ཟད་འགྲོ་ཁོང་ར་གིས་ བཏང་ཐོག་ལས་ཨིནམ་ད་ གཞན་མི་ལྷག་ལུས་ཚུ་ གཞུང་ལས་ ཟླ་རིམ་བཞིན་དུ་ ལྟོ་ཕོགས་དངུལ་ཀྲམ་༡༥༠༠ རེ་ འཐོབ་ནི་ཨིན་པས།
སྤྱི་ལོ་༢༠༡༠ ལུ་ སོ་ནམ་ལས་ཁུངས་ནང་ལས་ ཞི་གཡོགཔ་༧༠ ལུ་ ཚན་རིག་ཆོས་ཚན་ནང་ གཙུག་ལག་གཞི་རིམ་གྱི་ གོ་སྐབས་ཐོབ་ཡོདཔ་བཞིན་དུ་ ཁོང་ཆ་ཁྱབ་ཀྱིས་ དུས་ཅི་སྤྱི་ཟླ་༡ ལས་ མཐར་འཁྱོལ་ཡོདཔ་ཨིན་པས།
མདོ་ཆེན་གྱིས་འབད་བ་ཅིན་ ཞི་གཡོག་གཙུག་ལག་གཞི་རིམ་གྱི་ སློབ་སྦྱོང་འབད་མི་ཚུ་ ལོ་ངོ་གཉིས་ཀྱི་སློབ་སྦྱོང་ཨིནམ་ད་ དེ་ཡང་ ཁོང་ཆ་ཁྱབ་ལུ་ ཌིབ་ལོ་མའི་ཤེས་ཚད་ ཧེ་མ་ལས་ཡོད་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
ལོ་རྒྱུས་བཤད་མི་དང་འཁྲིལཝ་ད་ ལོ་གཉིས་ཀྱི་རིང་ སློབ་སྦྱོང་འབད་མི་ཚུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ངོས་ལེན་མི་འབད་ཟེར་སླབ་མི་ལུ་བདེན་ཁུངས་མེད་པའི་སྐོར་ལས་ མདོ་ཆེན་རྡོ་རྗེ་དབང་ཕྱུག་གིས་ བཤདཔ་ཨིན་པས།
རང་བཞིན་ཐོན་སྐྱེད་མཐོ་རིམ་སློབ་གྲྭ་དེ་ སྤྱི་ལོ་༡༩༩༠ འི་ནང་ རང་བཞིན་ཐོན་སྐྱེད་སྦྱོང་བརྡར་སྤེལ་ཁང་སྦེ་ འགོ་བཙུགས་ཡོདཔ་ད་ སྤེལ་ཁང་དེ་ནང་ལས་ ལོ་རེ་ནང་ སློབ་ཕྲུག་༧༥ དེ་རེ་ མཐར་འཁྱོལ་འགྱོ་དོ་ཡོད་པའི་ཁར་ ད་ལྟོ་ མཐོ་རིམ་སློབ་གྲྭ་ནང་ སློབ་ཕྲུག་༢༨༠ ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment