གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕོ་སྐྱེས་༢ མཐའ་བཅད་སྙན་གསན་ལུ་ སྒུག་སྟེ་ཡོདཔ།

༉ ཐིམ་ཕུ་ཁྲིམས་སྲུང་འགག་པ་གིས་ འདས་པའི་ལོ་ནང་ ཨམ་སྲུ་༤ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ཁར་ ཨམ་སྲུ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་ནིའི་ དཔའ་བཅམ་མི་ དོགས་ཅན་ཕོ་སྐྱེས་༢ འཛིན་བཟུང་འབད་དེ་ ཧ་ལམ་ ཟླཝ་༡༠ དེ་ཅིག་ ལང་ཡོདཔ་བཞིན་དུ་ ད་ལྟོ་ མཐའ་བཅད་སྙན་གསན་ལུ་ སྒུག་སྟེ་ཡོདཔ་ཨིན་པས།


སྐྱེས་ལོ་༢༦ ལང་མི་ དྲག་པོའི་བསྟན་སྲུང་དམག་མི་དཀྱུས་མ་དང་ སྐྱེས་ལོ་༢༣ ལང་མི་ དྲག་པོའི་བསྟན་སྲུང་དམག་སྡེ་ལས་ དགོངས་ཞུ་འབད་མི་ ཕོ་སྐྱེས་དེ་གིས་ ཉིན་གྲངས་༡༩ གི་ ནང་འཁོད་ལུ་ ཉེས་ལས་འཐབ་ཡོད་པའི་ ཉེས་བཙུགས་འབད་ནུག།
སྐྱེས་ལོ་༢༤ དང་༢༥ ལང་མི་ ཨམ་སྲུ་༢ པོ་དེ་ ཉམས་རྒུདཔ་ཚུ་གི་གྲས་ལས་ དང་པ་ཨིནམ་ད་ བྱུང་རྐྱེན་དེ་ ཐིམ་ཕུ་ལྕང་ཨོ་ལ་ཁ་ལུ་བྱུང་ནུག།
ད་རུང་ ཕོ་སྐྱེས་༢ ཀྱིས་ སྐྱེས་ལོ་༢༡ ལང་མི་ རྨགཔ་ཡོད་མི་ ཨམ་སྲུ་ཅིག་ཡང་ དབང་བཙོང་ལུས་འབྲེལ་འབདཝ་མ་ཚད་ ཨམ་སྲུ་དེ་གིས་རྒོལཝ་ད་ བརྡུངས་རྫོབ་འབད་ཡོད་པའི་ ཉེས་བཙུགས་ཡང་ འབད་ནུག།
ཁོང་༢ ཀྱིས་ གནམ་ཕྱི་རུ་ ཨམ་སྲུ་ཚུ་གི་ རྟིང་ཤུལ་བདའ་སྟེ་ དབང་བཙོང་འབདཝ་མ་ཚད་ ཅ་ལ་ཚུ་ཡང་ འཕྱོག་འབག་ཡོད་པའི་ ཉེས་འཙུགས་འབད་ནུག།
གནས་ཚུལ་བཤད་མི་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོང་༢ ཀྱིས་ སྐྱེས་ལོ་༢༣ ལང་མི་ ཨམ་སྲུ་ཅིག་ཡང་ དབང་བཙོང་འདོད་སྤྱོད་འབད་ནིའི་ དཔའ་བཅམ་འབད་ཡོད་རུང་ འབད་མ་ཚུགས་པར་ བྱོག་ཐལ་ནུག་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ སྐྱེས་ལོ་༢༢ ལང་མི་ ཨམ་སྲུ་ཅིག་ དབང་བཙོང་ལུས་འབྲེལ་འབད་བའི་ཤུལ་ལས་ ཉམས་རྒུདཔ་དེ་གིས་ རྡོ་བླུགས་བྱིན་པའི་སྐབས་ ཕོ་སྐྱེས་༡ ལུ་ཕོག་ནུག་ཟེར་ཨིནམ་ད་ ཕྱི་རུ་ཁྲིམས་སྲུང་འགག་པའི་སྡེ་ཚན་གྱིས་ ཕོ་སྐྱེས་དེ་གི་ ཁྲག་ཐོན་མི་ལུ་བལྟ་སྟེ་ འཛིན་བཟུང་འབད་ཡི་ཟེར་ མིང་སླབ་མ་བཏུབ་མི་ཅིག་གིས་ སླབ་ཨིན་པས།
དོགས་ཅན་ཕོ་སྐྱེས་༢ ཀྱིས་ དེ་བཟུམ་མའི་ ཁྲིམས་འགལ་གྱི་བྱ་ངན་ཚུ་ ལེ་ཤ་འབད་ཡོདཔ་ཨིན་རུང་ མང་ཤོས་ར་ སྙན་ཞུ་མ་འབད་བར་ ལུས་ཡོདཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཕོ་སྐྱེས་༢ ལུ་ འཕྲོག་བཅོམ་དང་ དབང་བཙོང་ལུས་འབྲེལ་ རྡུང་རྫོབ་ དེ་ལས་ བརྙས་བཅོས་ལ་སོགས་པའི་ ཉེས་བཙུགས་འབད་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

No comments:

Post a Comment