གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱ་གར་གཞུང་གིས་ འབྲུག་ལུ་ ནང་ཁྲལ་དངུལ་ཀྲམ་དུར་ཕྱུར་༤ ལྷགཔ་ཅིག་ ལོག་བྱིན་ནི།

འོང་འབབ་དང་ཅ་དམ་མདོ་ཆེན་ ཆོས་བཟང་བསྟན་འཛིན་དང་ 
རྒྱ་གར་གྱི་ཡོངས་ཁྱབ་མདོ་ཆེན་ ཤིར་མ་ཏི་གི་བར་ན་ 
མཚན་རྟགས་བཀོད་མི་ ཆིངས་ཡིག་བརྗེ་སོར་འབད་བའི་བསྒང་།
༉ རྒྱ་གར་གཞུང་གིས་ ནང་ཁྲལ་དངུལ་ཀྲམ་དུང་ཕྱུར་༤ ལྷགཔ་ཅིག་ ལོག་བྱིན་ནི་སྦེ་ ཁ་བཟེད་ཡོདཔ་ད་ དེའི་དོན་ལུ་ ཁ་ཙ་ རྒྱལ་ས་ལུ་སྦེ་ རྒྱ་འབྲུག་༢ ཀྱི་བར་ན་ ཆིངས་ཡིག་ཅིག་གུ་ ཚན་རྟགས་བཀོད་ཅི།
ཁྲལ་ལོག་ཐོབ་ཀྱི་ མ་དངུལ་དེ་ ལོ་༢ ཀྱི་རྩིས་བཏོན་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༠ གྱི་དོན་ལུ་ དངུལ་ཀྲམ་དུར་ཕྱུར་༡ ལྷགཔ་ཅིག་དང་ སྤྱི་ལོ་༢༠༡༡ གི་དོན་ལུ་ དངུལ་ཀྲམ་དུང་ཕྱུར་༢ དེ་ཅིག་འབདཝ་ད་ བསྡོམས་ཀྱིས་དངུལ་ཀྲམ་དུང་ཕྱུར་༤ དེ་ཅིག་ ལོག་འཐོབ་ནི་ཨིནམ་ད་ མ་དངུལ་དེ་ འབྲུག་གིས་ རྒྱ་གར་ལས་ ཅ་ཆས་ནང་འདྲེན་འབད་མི་ལུ་ ཁྲལ་བཀལ་མི་ཨིན་པས།



སྤྱི་ལོ་༢༠༠༨ དང་༢༠༠༩ ཕྱདཔ་ད་ སྤྱི་ལོ་༢༠༡༠ དང་༢༠༡༡ ལུ་ ལོག་ཐོབ་མི་ནང་ཁྲལ་དེ་ དངུལ་ཀྲམ་ས་ཡ་༧༠༠ ཡར་སེང་སོང་ཡོདཔ་ད་ སྤྱི་ལོ་༢༠༠༨ དང་༢༠༠༩ ལུ་འབད་བ་ཅིན་ དངུལ་ཀྲམ་དུང་ཕྱུར་༢ ལྷགཔ་ཅིག་ མ་ཐོབ་ཨིན་པས།
འོང་འབབ་དང་ཅ་དམ་ལས་ཁུངས་ཀྱིས་འབད་བ་ཅིན་ འདས་པའི་ལོ་༢ དང་ཕྱདཔ་ད་ སྤྱི་ལོ་༢༠༡༠ དང་༢༠༡༡ ལུ་ ལོག་ཐོབ་མི་ནང་ཁྲལ་ཡར་སེང་སོང་མི་དེ་ རྒྱལ་ཁབ་ཀྱིས་ འདས་པའི་ལོ་༢ ཀྱི་ ནང་འཁོད་ལ་ ཅ་ཆས་ནང་འདྲེན་འབད་མི་དང་ གོང་ཚད་ཀྱི་ ཐོ་ལེགས་ཤོམ་སྦེ་ བཞག་ནི་དེ་གིས་ཨིན་ཟེར་ཨིནམ་ད་ གལ་སྲིད་ ཐོ་ལེགས་ཤོམ་སྦེ་ བཞག་མ་ཚུགས་པ་ཅིན་ ནང་ཁྲལ་དེ་ གཞུང་གིས་ རེ་འདོད་བསྐྱེད་དོ་བཟུམ་སྦེ་ ཐོབ་མི་ཚུགས་ཟེར་ ལས་ཁུངས་ཀྱི་ བརྡ་བརྒྱུད་ངོ་ཚབ་ སྐལ་བཟང་བསམ་གྲུབ་ཀྱིས་ སླབ་ཨིན་པས།
མོ་གིས་འབད་བ་ཅིན་ ད་རེས་ རྒྱ་གར་ལས་ལྷོད་མི་ འོང་འབབ་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་གྱིས་གཙོས་པའི་ འཐུས་མི་སྡེ་ཚན་གྱིས་ རྒྱལ་ཁབ་ནང་ ཅ་ཆས་ནང་འདྲེན་འབད་མི་ཚུ་དང་ དེའི་གོང་ཚད་བསྐྱར་ཞིབ་འབད་དེ་ ཉིནམ་༡༠ དེ་ཅིག་ སོང་ཡི་ཟེར་ཨིནམ་ད་ དེ་བསྒང་ སྡེ་ཚན་དེ་གིས་ ནང་འདྲེན་འབད་མི་ ཅ་ཆས་རེ་རེ་བཞིན་དུ་ བསྐྱར་ཞིབ་འབད་དོ་ཟེར་ཨིན་པས།
དེ་ཡང་ ཁོང་ལས་ ཉོ་མིའི་གོང་ཚད་དང་ ཅ་ཆས་ངོ་མ་དང་ རྫུན་མ་ཚུ་ ཞིབ་དཔྱད་འབད་ནིའི་དོན་ལུ་ཨིནམ་ད་ གལ་སྲིད་ རྫུན་མ་ཨིན་པ་ཅིན་ ནང་ཁྲལ་ལོག་འཐོབ་ནིའི་ གོ་སྐབས་མེད་ཟེར་ཨིན་པས།
ནང་ཁྲལ་ཡར་སེང་འགྱོ་མིའི་ རྒྱུ་རྐྱེན་ཅིག་ སྤྱི་ལོ་༢༠༡༡ ལུ་ རྒྱ་གར་ལས་ ཅ་ཆས་ནང་འདྲེན་འབད་མི་དེ་ ཡར་སེང་སོང་ཡོདཔ་བཞིན་དུ་ ལོ་དེ་ནང་ ནང་འདྲེན་དངུལ་ཀྲམ་ས་ཡ་༣༥ དེ་ཅིག་ ལྷོད་ཡོདཔ་ད་ ཕྱིར་ཚོང་དེ་ དངུལ་ཀྲམ་ས་ཡ་༢༦ ལས་བརྒལ་ མ་འབད་བས།
ནང་ཁྲལ་དེ་ གཙོ་བོ་ར་ མར་ཁུའི་རིགས་དང་ ལྕགས་རིགས་ བཟའ་འཐུང་གི་རིགས་ སྨན་དང་སྨན་གྱི་འཕྲུལ་ཆས་ དེ་ལས་ སྣུམ་འཁོར་གྱི་ ཅ་ཆས་ཚུ་གི་ཁྲལ་ ལོག་ཐོབ་དོ་ཡོདཔ་ཨིན་རུང་ གློག་མེ་ལས་འགུལ་གྱི་ ནང་ཁྲལ་ཡངས་ཆག་དེ་ ཅ་ཆས་ནང་འདྲེན་འབད་བའི་སྐབས་ལས་ར་ འཐོབ་ནི་ཡོདཔ་ལས་ ད་རེས་ཀྱི་གྲས་ཁར་ མེདཔ་ཨིན་པས།
སྤྱི་ལོ་༢༠༡༠ ལུ་ རྒྱལ་ཁབ་ཀྱིས་ ཅ་ཆས་དངུལ་ཀྲམ་ས་ཡ་༢༩ ལྷགཔ་ཅིག་ ནང་འདྲེན་འབད་བའི་ཁར་ གློག་མེ་ལས་འགུལ་གྱི་དོན་ལུ་ ཅ་ཆས་དངུལ་ཀྲམ་ས་ཡ་༣,༠༠༠ དེ་ཅིག་ ནང་འདྲེན་འབད་མི་ལས་ སྤྱི་ལོ་༢༠༡༡ ལུ་ སྤྱིར་བཏང་ཅ་ཆས་ དངུལ་ཀྲམ་ས་ཡ་༣༥ དེ་ཅིག་ ནང་འདྲེན་འབད་མི་ལས་ གློག་མེ་ལས་འགུལ་གྱི་དོན་ལུ་ དངུལ་ཀྲམ་ས་ཡ་༣,༥༠༠ དེ་ཅིག་ ནང་འདྲེན་འབད་ནུག་ཟེར་ འོང་འབབ་འགོ་དཔོན་ཚུ་གིས་བཤད་ཅི།
ཁ་ཙ་ རྒྱལ་ཁབ་༢ ཀྱི་བར་ན་ འབྲུག་གི་ཧོངས་ལས་ འོང་འབབ་དང་ཅ་དམ་མདོ་ཆེན་ ཆོས་བཟང་བསྟན་འཛིན་དང་ རྒྱ་གར་གྱི་ཡོངས་ཁྱབ་མདོ་ཆེན་ ཤིར་མ་ཏི་གི་བར་ན་ ཆིངས་ཡིག་བཀོད་པའི་སྐབས་ དངུལ་རྩིས་དྲུང་ཆེན་ ལྷམ་རྡོ་རྗེ་གིས་ སླབ་མིའི་ནང་ ད་རེས་ རྒྱ་གར་གཞུང་གིས་ ནང་ཁྲལ་ལོག་བྱིན་མི་དེ་གིས་ རྒྱལ་ཁབ་ནང་ རུ་པི་མ་ལང་པའི་དཀའ་ངལ་ བསལ་ནི་ལུ་ ཁེ་ཕན་སྦོམ་འབྱུང་ཚུགས་ཟེར་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment