གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་གི་རྒྱལ་རབས་དང་ མི་སྡེའི་ཆོས་ཚན་ ད་རུང་ རྫོང་ཁ་ནང་ སློབ་སྟོན་འབད་ནི།


༉ རྫོང་ཁ་གོང་འཕེལ་གཏང་ནིའི་ ཐབས་བྱུས་གསརཔ་ཅིག་ འབྲུག་གི་རྒྱལ་རབས་དང་ མི་སྡེའི་ཆོས་ཚན་དེ་ ད་རུང་ རྫོང་ཁ་ནང་སློབ་སྟོན་འབད་ནི་སྦེ་ སྤྱི་ཟླ་༥ པའི་ཚེས་༢༤ ལུ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་དང་ སྤ་རོའི་ རྩ་གཞུང་ཞིབ་འཚོལ་གོང་འཕེལ་ལས་ཁུངས་ཀྱི་ རྩ་གཞུང་མཁས་མཆོག་ཚུ་གི་བར་ན་ ཞལ་འཛོམས་ཅིག་འཚོགས་པའི་སྐབས་ གྲོས་ཐག་བཅད་ཡོདཔ་ཨིན་པས།



རྒྱལ་རབས་ཆོས་ཚན་དེ་ སྤྱི་ལོ་༢༠༠༦ ལུ་ རྫོང་ཁ་ནང་ བསྒྱུར་བཅོས་འབད་དེ་ རྫོང་ཁའི་རྩ་གཞུང་བཟོ་སྟེ་ ལོ་༣ གྱི་ཤུལ་ལས་ ད་རུང་ ཨིང་སྐད་ནང་ བཟོ་དགོཔ་ཐོན་ཡོདཔ་ད་ དེ་ཡང་ རྩ་གཞུང་ཞིབ་འཚོལ་གོང་འཕེལ་ལས་ཁུངས་ཀྱིས་འབད་བ་ཅིན་ ཆོས་ཚན་དེ་ རྫོང་ཁ་ནང་ སློབ་སྟོན་འབད་ཚུགས་པའི་སློབ་དཔོན་ ལངམ་མེདཔ་ལས་བརྟེན་ ཨིན་ཟེར་ཨིན་པས།
ལོག་རྫོང་ཁ་ནང་ འགོ་བཙུག་དགོ་མི་དེ་ རྫོང་ཁ་འ བྲི་ལྷག་གི་ཚད་གཞི་ མར་ཉམས་འགྱོ་མི་ལུ་བརྟེན་ཨིནམ་ད་ དེ་ཡང་ སྤྱི་ལོ་༢༠༡༠-༢༠༡༡ ནང་  རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ སློབ་རིམ་༡༠ པའི་ སློབ་ཕྲུག་ཚུ་གི་ རྫོང་ཁའི་ཤེས་ཚད་ བལྟ་ནིའི་དོན་ལུ་ ཞིབ་འཇུག་ཅིག་འབད་བའི་སྐབས་ གྲུབ་འབྲས་སྐྱོ་དྲགས་བྱུང་ནི་དེ་གིས་ཨིན་པས།
དྲགོས་ཤེས་རབ་རྒྱལ་མཚན་གྱིས་འབད་བ་ཅིན་ ཞིབ་འཇུག་གི་ སྙན་ཞུ་དང་འཁྲིལ་བ་ཅིན་ སློབ་རིམ་༡༠ པའི་ སློབ་ཕྲུག་ཚུ་གིས་ ཐ་ན་ རང་གི་མིང་ཅིག་ཡང་ རྫོང་ཁ་ནང་ ལེགས་ཤོམ་སྦེ་ འབྲི་མ་ཤེས་མི་ཡོདཔ་ལས་ དེ་ལུ་བལྟ་བ་ཅིན་ རྫོང་ཁ་དེ་ ཉམས་འགྱོ་ནིའི་རྟགས་ཚན་ཅིག་ཨིནམ་ལས་ སློབ་གྲྭ་ནང་ རྫོང་ཁའི་ཆོས་ཚན་ཚུ་ སྒྲིང་སྒྲིང་བཟོ་ནི་སྦེ་ གྲོས་ཐག་བཅད་ཡི་ཟེར་ཨིན་པས།
སློབ་གྲྭ་ཁག་ཚུ་ནང་ རྫོང་ཁའི་གཞི་འགྱམ་ སྒྲིང་སྒྲིང་བཟོ་མ་ཚུགས་མི་དེ་ རྫོང་ཁའི་སློབ་དཔོན་ མངམ་མེདཔ་ལས་ སྤྱིར་བཏང་སློབ་དཔོན་ཚུ་གིས་ སློབ་སྟོན་འབད་མི་ལུ་བརྟེན་ཨིན་པས།
དྲུང་ཆེན་གྱིས་འབད་བ་ཅིན་ ད་རེས་ནངས་པ་ སློབ་ཕྲུག་ཚུ་ རྫོང་ཁའི་འབྲི་ལྷག་ ཡར་དྲག་གཏང་ནིའི་ གོ་སྐབས་མེད་མི་དེ་ སློབ་གྲྭ་ནང་ རྫོང་ཁའི་ཆོས་ཚན་ཅིག་ལས་མེད་པའི་ཁར་ ཤེས་རིག་གི་ ལམ་ལུགས་དང་འཁྲིལ་བ་ཅིན་ སློབ་རིམ་༡༡ པ་དང་༡༢ པའི་ ཆོས་རྒྱུགས་ནང་ རྫོང་ཁའི་སྐུགས་ཚད་ དགོཔ་མེད་ནི་དེ་གིས་ ཧེང་སྐལ་ར་ མེདཔ་བཏངམ་མས་ཟེར་ཨིན་པས།
དྲུང་ཆེན་གྱིས་འབད་བཅིན་ རྫོང་ཁའི་རྩ་གཞུང་ལུ་ གཙོ་བོར་བཏོན་མི་དེ་ ན་གཞོན་ཚུ་ མ་འོངས་པའི་ འགོ་ཁྲིད་ཨིནམ་ལས་ ཁོང་གི་རྒྱུད་ལུ་ རྫོང་ཁའི་གཞི་འགྱམ་ ལེགས་ཤོམ་བཙུགས་མ་ཚུགས་པ་ཅིན་ རྫོང་ཁ་མར་ཉམས་འགྱོ་ནིའི་ ཉེན་ཁ་ཡོདཔ་ད་ དེ་ཡང་ ད་རེས་ གཞུང་གི་འགོ་དཔོན་དང་ སྲིད་བྱུས་རྩམ་མི་ཚུ་གིས་ རྫོང་ཁ་ལུ་ རྒྱབ་སྐྱོར་ལེགས་ཤོམ་མ་འབད་མི་དེ་ ཁོང་གི་རྒྱུད་ལུ་ རྫོང་ཁའི་ཤེས་ཡོན་མེད་ནི་དེ་གིས་ སྤྲོ་བ་མི་ལེན་མས་ཟེར་ཨིན་པས།
དྲུང་ཆེན་གྱིས་འབད་བ་ཅིན་ རྫོང་ཁ་ཉམས་འགྱོ་བའི་རྟགས་མཚན་དེ་ སྤྱོ་ལོ་༡༩༧༠ རེ་གྲངས་ལུ་ དངུལ་རྩིས་ལྷན་ཁག་ནང་ གཞུང་འབྲེལ་གྱི་ ལཱ་ཚུ་ག་ར་ རྫོང་ཁ་ནང་འབད་ནི་ཡོད་མི་དེ་ ད་རེས་ ག་ར་ཨིང་སྐད་ལུ་ གྱུར་སོ་ཡི་ཟེར་ཨིནཔས།
དེ་འབདཝ་ད་ རྩ་གཞུང་ཞིབ་འཚོལ་གོང་འཕེལ་ལས་ཁུངས་ཀྱི་ རྩ་གཞུང་འགོ་དཔོན་ རྡོ་རྗེ་གིས་ སླབ་མིའི་ནང་ རྩ་གཞུང་བསྒྱུར་བཅོས་འབད་ནིའི་ དེའི་དོན་ལུ་ ལས་བྱེད་ཚོགས་ཆུང་གིས་ཞིབ་འཚོལ་འབད་དེ་ གཞུང་ལུ་ གྲོས་འབུལ་ཅིག་ཕུལ་ནི་སྦེ་ གྲོས་ཐག་བཅད་ཡི་ཟེར་ཨིན་པས།
རྡོ་རྗེ་གིས་འབད་བ་ཅིན་ ཆོས་ཚན་དེ་ རྫོང་ཁ་ནང་ བསྒྱུར་བཅོས་འབད་བའི་སྐབས་ སློབ་དཔོན་མ་ལང་པའི་ དཀའ་ངལ་འཐོན་འོང་ཟེར་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment