གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རུ་པིའི་སྐྱིན་འགྲུལ།



རྒྱ་གར་གྱི་ པཱན་ཇབ་དངུལ་ཁང་ལས་ རུ་པི་དུང་ཕྱུར་༢ ལྷགཔ་ཅིག་ སྐྱིན་འགྲུལ་ལེན་མི་དེ་ ཁ་ཙ་ འབྲུག་གི་ དངུལ་ཁང་ཚུ་ལུ་ བགོ་བཀྲམ་འབད་ཡོདཔ་ཨིན་པས།


༉ འབྲུག་གིས་ རྒྱ་གར་ལས་ རུ་པའི་སྐྱིན་འགྲུལ་ལེན་མི་དེ་ འདས་པའི་བདུན་ཕྲག་ནང་ ཚད་གཞི་གུ་ ལྷོད་སོཔ་ལས་ སྐྱིན་འགྲུལ་ལེན་ཐབས་མེད་པའི་ གནས་སྟངས་གུ་ཐུག་ནི་དེ་གིས་ སྤྱི་ཟླ་༥ པའི་ཚེས་༢༣ ལུ་ རྒྱ་གར་གྱི་ པཱན་ཇབ་དངུལ་ཁང་ནང་ལས་ རུ་པི་དུང་ཕྱུར་༢ སྐྱེད་བརྒྱ་ཆ་༡༠.༥ སྦེ་ སྐྱིན་འགྲུལ་ལེན་མི་དེ་ དངུལ་ཁང་ཚུ་ལུ་ བགོ་བཀྲམ་འབད་ཡོདཔ་ཨིན་པས།


རྒྱ་གར་གྱི་ རྒྱལ་ཁམས་དངུལ་ཁང་ ཨེས་བི་ཨའེ་ལས་ འབྲུག་གིས་ སྐྱིན་ཚབ་སྤྲོད་མ་ཚུགས་མི་ལས་ ཐེབས་རུ་པི་དུང་ཕྱུར་༡༠ སྐྱིན་འགྲུལ་ལེན་ཆོག་པའི་ ཞབས་ཏོག་བྱིན་མི་དེ་ འདས་པའི་བདུན་ཕྲག་ནང་ ཚད་གཞི་གུ་ ལྷོད་ནི་དེ་གིས་ ད་ལས་ཕར་ འབྲུག་གིས་ སྐྱིན་འགྲུལ་མར་ཕབ་ མ་རྐྱབ་ཚུན་ རུ་པི་ལེན་མི་ཚུགས་ནི་ཨིན་པས།
རྒྱ་གར་གཞུང་ལས་ སྐྱིན་འགྲུལ་ཐེབས་ ལེན་ཆོག་པའི་ཞབས་ཏོག་དེ་ རུ་པི་དུང་ཕྱུར་༣ ཨིནམ་ད་ དེ་ཡང་ ན་ཧིང་ལས་ར་ ཚད་གཞི་གུ་ ལྷོད་ནི་དེ་གིས་ རུ་པི་ལེན་ཐབས་མེདཔ་ཨིན་པས།
འདས་པའི་ཟླཝ་ནང་ འབྲུག་གིས་ རྒྱ་གར་ལས་ སྐྱིན་འགྲུལ་ཐེབས་ ལེན་ནིའི་ཞབས་ཏོག་དེ་ ཡར་སེང་འབད་ནིའི་དོན་ལས་ རྒྱ་གར་གཞུང་ལུ་ གྲོས་བསྟུན་འབད་ཡོད་རུང་ རྒྱ་གར་གྱིས་ རུ་པིའི་དཀའ་ངལ་ ཐོན་དགོ་པའི་ རྒྱུ་མཚན་བཀོད་དགོཔ་སྦེ་ སླབ་མི་ལུ་བརྟེན་ འབྲུག་གཞུང་གིས་ ད་རུང་ ཞིབ་དཔྱད་འབད་དེ་ རྒྱ་གར་གཞུང་ལུ་ སྙན་ཞུ་འབད་ཞིནམ་ལས་ ཡར་སེང་འཐོབ་ཚུགས་པའི་རེ་བ་བསྐྱེདཔ་ཨིན་པས།
ཁག་འབགཔ་ཅིག་གིས་ སླབ་མིའི་ནང་ ཁོ་གིས་ ཡིག་ཆ་ཚུ་ག་ར་ བཏོན་ཏེ་འབད་རུང་ བཟོ་སྐྲུན་གྱི་དོན་ལུ་ མཁོ་སྒྲུབ་འབད་མི་ ཅ་ཆས་ཚུ་གི་དོན་ལུ་ དངུལ་ཁང་ཚུ་གིས་ རུ་པི་བྱིན་མི་བཏུབ་པས་ཟེར་ཨིན་པས།
དངུལ་ཁང་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ དངུལ་ཁང་ནང་ རུ་པི་མེད་པར་ ཉིནམ་༣ དེ་ཅིག་ སོང་ཡི་ཟེར་ཨིནམ་ད་ དེ་བསྒང་ ག་ལུ་ཡང་ རུ་པི་བྱིན་མ་ཚུགས་རུང་ ཁ་ཙ་ འབྲུག་གིས་ རྒྱ་གར་པཱན་ཇབ་དངུལ་ཁང་ལས་བསྐྱི་མི་ རུ་པི་དེ་ བགོ་བཀྲམ་འབད་ཡི་ཟེར་ཨིན་པས།
དེ་དང་འབྲེལ་ འབྲུག་གིས་ རྒྱ་གར་གཞུང་དང་གཅིག་ཁར་ དངུལ་ལོར་བརྗེ་སོར་འབད་ནིའི་ མཐུན་རྐྱེན་ལས་རིམ་ཐོག་ རྒྱ་གར་གྱིས་ ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་རྒྱལ་ཁབ་ཚུ་ལུ་ ཡུ་ཨེས་ཌོ་ལར་དུང་ཕྱུར་༢ བཞག་མི་དེ་ ལག་ལེན་འཐབ་སྟེ་ རུ་པི་ལེན་ནི་གི་ གྲ་སྒྲིག་འབད་དོ་ཡོདཔ་ཨིན་པས།
ཨིན་རུང་ བདུན་ཕྲག་༣ དེ་ཅིག་ འགོར་ནི་མས་ཟེར་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ འགོ་དཔོན་ཅིག་གིས་ བཤད་པའི་ཁར་ ཁོ་གིས་འབད་བ་ཅིན་ ཟུང་ཕྱོགས་མཐུན་འབྲེལ་གྱི་ འགན་ཡིག་ཚུ་ བཟོ་དགོ་པའི་ཁར་ འབྲུག་ལུ་ དངུལ་ལོར་བརྗེ་སོར་གྱི་གནང་བ་འགྲུབ་ནིའི་དོན་ལུ་ རྒྱ་གར་གྱི་ ལྷན་རྒྱས་གཞུང་ཚོགས་ལས་ གནང་བ་འགྲུབ་དགོ་ཟེར་ ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment