གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གདུང་བསམ་རྩི་ས་ལས་འགུལ་གྱིས་ རུ་པིའི་དཀའ་ངལ་བསལ་ནི?

༢༣/༥/༢༠༡༢

༉ རྒྱལ་ཁབ་ཀྱི་བཟོ་གྲྭ་འཕྲུལ་ཁང་ སྦོམ་ཤོས་ཅིག་ཨིན་མི་ བསམ་གྲུབ་ལྗོངས་མཁར་ ངང་ལམ་ལུ་ཡོད་པའི་ གདུང་བསམ་རྩི་ས་ལས་འགུལ་དང་ དར་ལ་གློག་མེ་ལས་འགུལ་གཉིས་ བསྒུབ་ཞིནམ་ལས་ རྒྱལ་ཁབ་ནང་ རྒྱ་གར་གྱི་ཏི་རུ་ རུ་པི་མ་ལང་པའི་དཀའ་ངལ་དེ་  བསལ་ཚུགས་པའི་རེ་བ་ཡོདཔ་ཨིན་པས།



དེའི་སྐོར་ལས་ རྒྱལ་ས་ལུ་ གཞུང་དང་ འབྲུག་བཟོ་སྐྲུན་ཚོགས་པའི་ཁག་འབགཔ་འཐུས་མི་༢༠༠ དེ་ཅིག་གི་བར་ན་ བཟོ་སྐྲུན་དང་འབྲེལ་བའི་ དཀའ་ངལ་ཚུ་གི་སྐོར་ལས་ གྲོས་བསྡུར་འབད་བའི་སྐབས་ ཞབས་ཏོག་བློན་པོ་ ཡེ་ཤེས་སྦྱིན་པ་གིས་ རུ་པི་མང་ཤོས་ར་ གདུང་བསམ་རྩི་ས་ལས་འགུལ་དང་ དར་ལ་གློག་མེ་ལས་འགུལ་༢ ནང་ ཟད་འགྲོ་བཏང་ཡོདཔ་ལས་ ལས་འགུལ་༢ མཇུག་བསྡུ་བའི་བསྒང་ལས་ རི་པུ་འབོར་ཆེ་དྲགས་སྦེ་ ཟད་འགྲོ་གཏང་དགོཔ་མེད་ནི་དེ་གིས་ དཀའ་ངལ་ཚུ་མི་བྱུང་ཟེར་ཨིན་པས།
དེ་མ་ཚད་ གློག་ཤུགས་མེ་ག་ཝཱཊ་༡༠,༠༠༠ དང་ ད་ལས་ཕར་ ལོ་༡ ནང་ རྒྱལ་ཁབ་ནང་ ལྟ་བཤལཔ་ཉུང་ཤོས་༡༠༠,༠༠༠ དེ་རེ་ ལེན་ནིའི་དམིགས་གཏད་ཡོད་མི་ཚུ་ འགྲུབ་པའི་བསྒང་ཡོདཔ་ལས་ དེ་གིས་ ལྷག་པར་དུ་ འོང་འབབ་ཡར་སེང་གཏང་ནི་ལུ་ ཕན་ཐོགས་ཡོད་ཟེར་ཨིན་པས།
བློན་པོ་གིས་ གསུངས་མིའི་ནང་ ད་ལྟོ་ རུ་པི་མ་ལང་པའི་ དཀའ་ངལ་ཐོན་མི་དེ་ གཞུང་དང་ དངུལ་ཁང་ཚུ་གིས་ རུ་པི་བཀག་ཆ་མ་འབད་བར་ བྱིན་མི་ལུ་བརྟེན་ཨིན་རུང་ ལག་ལེན་དེ་ སྒེར་སྡེ་གོང་འཕེལ་གཏང་ཐབས་ལུ་ཨིནམ་ལས་ གལ་སྲིད་ ཧེ་མ་ལས་ རུ་པི་བཀག་ཆ་འབད་བ་ཅིན་ གོང་འཕེལ་གྱི་གནས་སྟངས་དེ་ ད་ལྟོ་བཟུམ་ཅིག་ནང་ མ་ལྷོདཔ་འོང་ཟེར་ཨིན་པས།
རུ་པི་བྱིན་ནིའི་ ལམ་ལུགས་གསརཔ་བཟོ་མི་དེ་གིས་ རུ་པི་ཚད་འཛིན་འབད་ནི་མིན་པར་ ལས་དོན་ཚུ་ ལེགས་ཤོམ་སྦེ་ འཛིན་སྐྱོང་འཐབ་ནིའི་དོན་ལུ་ཨིནམ་ལས་ ལམ་ལུགས་དང་འཁྲིལཝ་ད་ ཁག་འབགཔ་ཚུ་གིས་ དངུལ་ཁང་ལས་ རུ་པི་ལེན་པའི་སྐབས་ གཞུང་ལས་ ཡི་གུ་ཚུ་ གསལ་སྟོན་འབད་དགོ་ནི་ཨིན་པས།
བློན་པོ་གིས་ ནན་བསྐྱར་དུ་ གསུངས་མིའི་ནང་ རུ་པི་མ་ལང་པའི་རྒྱུ་རྐྱེན་གཅིག་ འབྲུག་མི་ཚུ་གིས་ དོན་མེད་ཀྱི་ཟད་འགྲོ་ དཔེ་འབད་བ་ཅིན་ བཟའ་འཐུང་དང་ གྱོན་ཆས་ དེ་ལས་ སྣུམ་འཁོར་ནང་འདྲེན་ཚུ་ལུ་ ཤུགས་ཆེ་སུ་ བཏང་ནི་དེ་གིས་ཨིནམ་ལས་ ལས་འཆར་དེ་ཚུ་གི་ ཟད་འགྲོ་མར་ཕབ་འབད་བ་ཅིན་ དཀའ་ངལ་མར་ཕབ་འབད་ཚུགས་ཟེར་ཨིན་པས།
བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ གསུངས་མིའི་ནང་ རུ་པིའི་དཀའ་ངལ་བསལ་ནིའི་ ཐབས་ལམ་ཅིག་ རྒྱལ་ཁབ་ནང་འཁོད་ལས་ ཐོན་སྐྱེད་འབད་མི་ ཚོད་བསྲེའི་རིགས་ཚུ་ ཚོང་འབྲེལ་འབད་ནི་དེ་ཨིན་ཟེར་ཨིནམ་ད་ དེ་གིས་ མ་དངུལ་ཕྱི་ཁར་གཏང་ནི་ལས་ བཀག་ཚུགས་པའི་ཁར་ མི་སེར་སོ་ནམ་པའི་ འོང་འབབ་ཀྱི་ འཚོ་བའི་གནས་སྟངས་ཡང་ ཡར་དྲག་བཟོ་ཚུགས་ཟེར་ཨིན་པས།
ད་ལས་ཕར་འབད་རུང་ ང་བཅས་ཀྱིས་ ཉུང་ཤོས་ ལོ་༡ དེ་ཅིག་གི་རིང་ ནང་འཁོད་ལས་ཐོན་མི་ ཚོད་བསྲེ་ལུ་ གཙོ་བོར་བཏོན་ཚུགས་པ་ཅིན་ མི་སྡེ་ལུ་ ཕན་ནི་ཨིནམ་ལས་ ག་ར་གིས་ རང་མགོ་རང་འདྲོངས་བཟོ་ཐབས་ལུ་ མནོ་བསམ་ཐེབས་གཏང་དགོཔ་ གལ་ཆེ་བས་ཟེར་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment