གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་ཨིས་ཊར་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཡོདཔ།

འབྲུག་ཨིས་ཊར་(ཁེན་འཇར་ཧོནམ) དང་ མུ་ཏིག་ཐང་སྡེ་ཚན་གྱི་བར་ན་ རྩེད་འགྲན་འབད་བའི་བསྒང་།

༉ ཁ་ཙ་ ཐིམ་ཕུ་ལྕང་ཇི་ཇི་གི་ ཕུཊ་བཱོལ་རྩེད་ཐང་ནང་ འབྲུག་ཨིས་ཊར་དང་ མུ་ཏིག་ཐང་སྡེ་ཚན་གཉིས་ཀྱི་བར་ན་ རྩེད་འགྲན་འབདཝ་ད་ འབྲུག་ཨིསི་ཊར་གིས་ གཱོལ་༤ བཙུགས་ཏེ་ རྒྱལ་ཁ་ཐོབ་ཅི།


རྩེད་འགྲན་འགོ་བཙུགས་ཏེ་ དུས་ཡུན་སྐར་མ་༢༧ ནང་ འབྲུག་ཨིསི་ཊར་སྡེ་ཚན་ལས་ ཨེསི་ཊེ་ཀར་ ཨང་༢༣ ཨྱོན་རྡོ་རྗེ་གིས་ གཱོལ་དང་པམ་དེ་ བཙུགས་ཡོདཔ་ད་ བྱང་ཕྱད་སྡེ་ཚན་གྱིས་ གཱོལ་བཙུག་ནིའི་རྩ་འགེངས་རུང་ མཐར་འཁྱོལ་བྱུང་མ་ཚུགས་པས།
བར་མཚམས་ངལ་གསོ་མ་རན་པའི་ དུས་ཡུན་སྐར་མ་༤༥ ནང་ ད་རུང་ འབྲུག་ཨིསི་ཊར་སྡེ་ཚན་ལས་ ཤེས་རབ་ལྷུན་གྲུབ་ཀྱིས་  གཱོལ་༢ པ་དེ་ བཙུགས་ཡོདཔ་ཨིན་པས།
བར་མཚམས་ངལ་གསོ་ལས་ ལོག་རྩེད་འགྲན་འགོ་བཙུགས་ཏེ་ དུས་ཡུན་སྐར་མ་༥ གི་ནང་འཁོད་ལུ་ ད་རུང་ འབྲུག་ཨིས་ཊར་ལས་ ཡེ་ཤེས་ལྷུན་གྲུབ་ཀྱིས་ གཱོལ་༣ པ་དེ་ བཙུགས་ཡོདཔ་ལས་ མུ་ཏིག་ཐང་སྡེ་ཚན་གྱིས་ གཱོལ་བཙུག་ནིའི་དོན་ལུ་ ཕན་ཚུན་དོ་འགྲན་འབད་ཐོག་ལས་ དུས་ཡུན་སྐར་མ་༨༠ ལུ་ ཨང་༡༦ པ་གིས་ གཱོལ་༡ བཙུགས་ཡོདཔ་ཨིན་པས།
འབྲུག་ཨིས་ཊར་གྱི་ རྩེད་འགྲན་པ་ བློ་བཟང་རྡོ་རྗེ་གིས་ དུས་ཡུན་སྐར་མ་༨༩ ལུ་ གཱོལ་༤ པ་བཙུགས་ཡོདཔ་ལས་ མུ་ཏིག་ཐང་སྡེ་ཚན་ཕམ་བཏང་ཡོདཔ་ཨིན་པས།
ད་རིས་ འཕྲོ་མཐུད་རྩེད་འགྲན་ནང་ ཐིམ་ཕུ་ཡུ་ནའི་ཊེཌ་དང་ འབྲུག་ཨིས་ཊར་སྡེ་ཚན་གཉིས་ཀྱི་བར་ན་ རྩེད་འགྲན་འབད་ནི་ཨིན་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།
 



No comments:

Post a Comment