གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དཀོན་གཉེར་ཅིག་ དོ་དམ་འོག་ལུ་བཙུགས་ཡོདཔ།

༉ བུམ་ཐང་ལུ་ སྐྱེས་ལོ་༤༤ ལང་མི་ དཀོན་གཉེར་ཅིག་གིས་ ལྷ་ཁང་རྩིས་སྤྲོད་འབད་བའི་སྐབས་ སྟོན་པའི་སྐུ་འདྲ་ཅིག་གི་ ནང་གཟུངས་བཏོན་ཡོད་པའི་ དོགས་པ་ལུ་བརྟེན་ ཁྲིམས་སྲུང་འགག་པ་གིས་ དོ་དམ་འོག་ལུ་ བཙུགས་ཡོདཔ་ཨིན་པས།


དེ་ཡང་ སྟང་རྒེད་འོག་ སྦསཔ་ཟུར་གཡུས་ཚན་གྱི་ བདེ་ཆེན་གླིང་སྨྱུང་མའི་ལྷ་ཁང་དེ་ སྤྱི་ཟླ་༥ པའི་ཚེས་༢༢ ལུ་ དཀོན་གཉེར་གྱིས་ ཁོ་རའི་ ཨ་ཞེམོ་ལུ་ རྩིས་སྤྲོད་འབད་ནིའི་དོན་ལས་ རྫོང་ཁག་སྲོལ་འཛིན་འགོ་དཔོན་འོགམ་གིས་ ཐོ་བཀོད་འབད་བའི་སྐབས་ ཤེས་རྟོགས་བྱུངམ་ལས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ལྷ་ཁང་དེ་ ཧེ་མ་ལས་ ཉེས་འཛུགས་ཕོག་མི་ ཕོ་སྐྱེས་དེ་གི་ བཟའ་ཚང་གིས་ བདག་འཛིན་འཐབ་དོ་ཡོདཔ་ད་ ཁོ་ར་ སྤ་རོ་ལུ་ སྡོད་ནི་དེ་གིས་ གཡུས་ཁར་སྡོད་མི་ ཨ་ཞེམོ་ལུ་ རྩིས་སྤྲོད་འབད་ནི་སྦེ་ འཕྲལ་ཁམས་ཅིག་ཁར་ གཡུས་ཁར་སོང་ཡོདཔ་ཨིན་པས།
གནས་ཚུལ་བཤད་མི་གིས་འབད་བ་ཅིན་ རིང་ཚད་ཕིཊ་༩ དེ་ཅིག་འབད་མི་ སྟོན་པའི་སྐུ་འདྲ་དེ་ རྩིས་སྤྲོད་འབད་མི་དང་འབྲེལ་སྐབས་ མི་མང་ལུ་ མཇལ་ཁ་གནང་པའི་སྐབས་ སྐུ་འདྲའི་གཤམ་ལས་ དར་ཅིག་ཐོན་སར་མཐོང་སྟེ་ ལེགས་ཤོམ་སྦེ་ ལྟ་བའི་སྐབས་ གཤམ་ལས་སྤོག་བཏང་ཡོདཔ་སྦེ་ མཐོང་ཡོདཔ་ཨིན་པས།
དབྱེ་ཞིབ་འབད་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྐྱེན་ངན་དེ་ ནམ་བྱུང་ཡོདཔ་ཨིན་ན་མ་ཤེས་རུང་ ལྷ་ཁང་གི་སྒོ་དང་ སྒོ་སྒྲིག་ཚུ་ག་ར་ སྔར་ག་ཨིནམ་སྦེ་ཡོདཔ་ལས་ རྒྱུས་ཡོད་མི་ཅིག་གིས་ར་ བྱ་ངན་འབད་འབདཝ་འོང་ནི་མས་ཟེར་ཨིནམ་ད་ ཨིན་རུང་ ཕོ་སྐྱེས་དེ་ དྲི་དཔྱད་ཀྱི་དོན་ལུ་ དོ་དམ་འོག་ལུ་ བཞག་ཡོདཔ་ཨིན་པས།
སྦསཔ་ཟུར་ཚོགས་པ་ ཚེ་རིང་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལྷ་ཁང་དེ་ གཡུས་མི་ཚུ་གི་ཨིན་རུང་ བལྟ་ནི་དེ་ ཧེ་མ་ལས་ ཉེས་འཛུགས་ཕོག་མི་ བཟའ་ཚང་གིས་ བདག་འཛིན་འཐབ་ཡོདཔ་ལས་ ད་ལྟོ་ཡང་ ཁོང་གིས་ར་ ལྟ་སྟེ་ཡོདཔ་ད་ དང་ཕུའི་ སྐུ་འདྲ་དེ་ནང་ ནང་གཟུངས་ག་ཅི་ཡོདཔ་ཨིན་ན་ ག་གིས་ཡང་ མི་ཤེས་པས་ཟེར་ཨིན་པས།
ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྐུའི་ནང་ན་ གཟུངས་སྔགས་ཀྱི་ ཡིག་ཤོག་དང་ ཀ་བལ་ཚུ་ བཙུགས་ཏེ་འདུག་ཟེར་ཨིནམ་ད་ ཁྲིམས་སྲུང་འགག་པ་གིས་ གནད་དོན་དེ་གི་སྐོར་ལས་ ཞིབ་དཔྱད་ཚུ་ འབད་བའི་བསྒང་ཡོདཔ་ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment