གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོང་འབྲེལ་ཡར་དྲག་གཏང་ནིའི་ཆིངས་ཡིག།

༉ ཁ་ཙ་ རྒྱལ་ས་ལུ་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་དང་ བང་ལ་དེཤ་ཚོང་དང་བཟོ་གྲྭ་ཚོགས་སྡེའི་བར་ན་ ཚོང་འབྲེལ་གྱི་ ཆིངས་ཅིག་གུ་ མཚན་རྟགས་བཀོད་མི་དེ་གིས་ ད་ལས་ཕར་ དཔལ་འབྱོར་དང་ ཚོང་འབྲེལ་མཐུན་འབྲེལ་ཚུ་ ཡར་དྲག་གཏང་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།


ཆིངས་ཡིག་དེ་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་པའི་ གཙོ་འཛིན་གོང་མ་ དྲགོས་སྟོབས་རྒྱས་རྡོ་རྗེ་དང་ བང་ལ་དེཤ་ཚོང་དང་བཟོ་གྲྭ་ཚོགས་སྡེའི་གཙོ་འཛིན་གོང་མ་ ཨེ་ཀེ་ ཨ་ཛཱཌ་༢ ཀྱིས་ མཚན་རྟགས་བཀོད་ཡོདཔ་ད་ དེ་ནང་ བང་ལ་དེཤ་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ འཐུས་ཚབ་༣༠ ལྷགཔ་ཅིག་དང་ འབྲུག་ལུ་ བང་ལ་དེཤ་གི་སྐུ་ཚབ་ཡང་ ཡོདཔ་ཨིན་པས།
ཆིངས་ཡིག་དེ་ རྒྱལ་ཁབ་༢ ཀྱི་བར་ན་ སྔར་ལས་ཡོད་པའི་ཚོང་འབྲེལ་ཟུང་ཕྱོགས་མཐུན་འབྲེལ་ རྒྱ་བསྐྱེད་གཏང་ཚུགས་པའི་ གནད་ཚུ་ཡོདཔ་མ་ཚད་ རྩ་ཁྲིམས་དང་ ཁྲིམས་ལུགས་ནང་འཁོད་ཀྱི་ སྒྲིག་གཞི་དང་མཐུན་པའི་ མཉམ་འབྲེལ་བཟོ་གྲྭ་འཕྲུལ་ཁང་དང་ མཉམ་འབྲེལ་ཚོང་ལས་གཞན་ཚུ་ གཞི་བཙུག་འབད་ནི་ལུ་ དམིགས་གཏད་བསྐྱེད་དོ་ཡོདཔ་ཨིན་པས།
ཆིངས་ཡིག་དེ་ནང་ དོན་ཚན་༡༢ ཡོདཔ་ད་ དེ་ཡང་ ཚོགས་སྡེ་༢ ཀྱིས་ དཔལ་འབྱོར་གོང་འཕེལ་དང་ ཚོང་འབྲེལ་རྒྱ་བསྐྱེད་ དེ་ལས་ ཚོང་ལས་ཚུ་དང་ ལས་སྡེ་ཚུ་གི་བར་ན་ བཟོ་གྲྭའི་མཐུན་འབྲེལ་གྱི་ ལས་སྣ་ཚུའི་བརྡ་དོན་ཚུ་ བརྗེ་སོར་འབད་ནི་དང་ རྒྱལ་ཁབ་༢ ཀྱི་ ཚོང་འབྲེལ་དང་ དཔལ་འབྱོར་གྱི་འཐུས་ཚབ་ཚུ་ གཞུང་འབྲེལ་གཟིགས་སྐོར་ནང་ འོང་བའི་སྐབས་ རྒྱབ་སྐྱོར་དང་ ལྷན་ཐབས་འབད་ནིའི་སྐོར་ལས་ བཀོད་དེ་ཡོདཔ་ཨིན་པས།
འཐུས་ཚབ་སྡེ་ཚན་གྱིས་ རྒྱལ་ཁབ་ནང་ ཉིནམ་༣ སྡོད་པའི་རིང་ལུ་ སོ་ནམ་དང་ ནགས་ཚལ་གྱི་ ཐོན་སྐྱེད་དང་འབྲེལ་བའི་ བཟོ་གྲྭ་འཕྲུལ་ཁང་ གློག་མེ་ ཤེས་རིག་དང་གསོ་བ་ ཨིས་ཊར་༥ འབད་མི་ ཟ་ཁང་དང་ སྐྱིད་གནས་ཚུ་ནང་ མ་རྩ་བཙུག་ནིའི་ འོས་འབབ་ཚུ་ཡང་ བལྟ་ནི་ཨིནམ་ད་ རྒྱལ་ཁབ་ནང་སྡོད་པའི་རིང་ འབྲུག་གི་ ཚོང་པའི་འཐུས་མི་ཚུ་དང་གཅིག་ཁར་ མཐུན་ལམ་བཟོ་ནི་ཨིན་པས།
ཁ་ཙ་ འཐུས་ཚབ་ཚུ་གིས་ བསྟན་རྒྱས་བློན་པོ་ མཁའ་འགྲོ་དབང་ཕྱུག་དང་ མཇལ་ཕྲད་གནང་ཡོདཔ་ད་ ལྷན་ཁག་གི་ འགོ་དཔོན་ཚུ་གིས་ འཐུས་ཚབ་ཚུ་ལུ་ ཕྱིའི་མ་རྩ་གཞི་བཙུགས་ཀྱི་ སྲིད་བྱུས་དང་ལམ་ལུགས་ཀྱི་སྐོར་ལས་ གསལ་བཤད་འབད་ཡོདཔ་ཨིན་པས།
འཐུས་ཚབ་ཚུ་གིས་ ཁ་ཙ་ གླང་རྒྱུག་ཕར་ཁ་ལུ་ཡོད་པའི་ འབྲུག་ཤིང་བཟོ་ལྟེ་བ་དང་ ཝང་ཕྱུག་ལྟག་པ་ལུ་ཡོད་པའི་ སོ་ནམ་ཐོན་སྐྱེད་བཟོ་གྲྭ་འཕྲུལ་ཁང་ནང་ ལྟ་སྐོར་འབད་ནི་ཨིནམ་མ་ཚད་ ད་རིས་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་ནང་ ལྟ་སྐོར་འབད་ནི་ཨིནམ་ད་ རྒྱལ་ཁབ་ནང་སྡོད་པའི་རིང་ བློན་ཆེན་དང་ སོ་ནམ་བློན་པོ་དང་གཅིག་ཁར་ མཇལ་ཕྲད་གནང་ནི་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

No comments:

Post a Comment