གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མཚན་མ་གཅིག་པའི་ལུས་འབྲེལ་གྱིས་ ཨེཆི་ཨའེ་བི་ནད་འབུབ་ འཐོབ་ནིའི་ཉེན་ཁ།

མཚན་མ་གཅིག་པའི་ གནད་དོན་ཐོག་ལུ་ 
གྲོས་བསྡུར་འབད་བའི་བསྒང་།
༉ ཁ་ཙ་ སྤ་རོ་ལུ་སྦེ་ ཨེཆི་ཨའེ་བི་ནད་འབུབ་ཀྱི་ ཞལ་འཛོམས་འཚོགས་པའི་སྐབས་ལུ་ མངོན་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་ཚེ་རིང་དབང་ཕྱུག་གིས་ མི་མང་གསོ་བའི་ཐབས་ལམ་གྱིས་ ནད་གཞི་དེ་ ཁྱབ་སྤེལ་འགྱོ་ནི་ལས་ བཀག་ཐབས་འབད་ནི་ལུ་ ཕན་ཁྱད་ཅན་བྱུང་སྟེ་ཡོདཔ་ཨིན་རུང་ ཁྲིམས་མཐུན་ཐོག་ལས་ འབྲེལ་བ་འཐབ་ནིའི་ནང་ དྲང་ཁྲིམས་ལྷན་སྡེ་ལུ་ དཀའ་ངལ་ཚུ་ བྱུང་དོ་ཡོདཔ་སྦེ་སླབ་ཅི།


ཁོ་གིས་འབད་བ་ཅིན་ དམངས་གཙོའི་རྒྱལ་ཁབ་ གཞན་ཚུ་ནང་བཟུམ་སྦེ་ འབྲུག་པའི་རྩ་ཁྲིམས་ཆེན་མོ་གིས་ཡང་ ཕོ་མོ་ག་ར་ལུ་ དབྱེ་བ་ག་ཅི་ཡང་མེད་པར་ འདྲ་མཉམ་གྱི་ དབང་ཆ་བྱིན་དགོཔ་སྦེ་ ཚུད་དེ་ཡོདཔ་ཨིན་རུང་ ལག་ལེན་འཐབ་པའི་སྐབས་ རྩ་ཚན་དང་ དོན་ཚན་ཚུ་གི་བར་ན་ མ་མཐུནམ་རེ་ བྱུང་མི་ལུ་བརྟེན་ བྱ་སྟབས་མ་བདེཝ་ ཐོནམ་མས་ཟེར་ཨིན་པས།
ཞལ་འཛོམས་ནང་ མཚན་མ་གཅིག་པའི་བར་ན་ ལུས་འབྲེལ་འབད་མིའི་སྐོར་ལས་ཡང་ གྲོས་བསྡུར་འབད་ཡོདཔ་ད་ དེ་གིས་ མ་འོངས་པ་ལུ་ ཨེཆི་ཨའེ་བི་ནད་འབུབ་ འཐོབ་ནིའི་ཉེན་ཁ་འདུག་ཟེར་ཨིན་པས།
གསོ་བའི་དྲུང་ཆེན་ ཉི་མ་དབང་འདུས་ཀྱིས་ སླབ་མིའི་ནང་ ནད་འབུབ་ཟུན་མི་ཚུ་ ཉེན་སྲུང་དང་ལྡནམ་སྦེ་ བཞག་ནིའི་དོན་ལུ་ ཉམས་རྒུདཔ་ཚུ་ལུ་ འོས་འབབ་ཅན་གྱི་ ཐབས་བྱུས་ཚུ་ བཏོན་དགོཔ་གལ་ཆེ་ཟེར་ཨིན་པས།
ཨེཆ་ཨའེ་བི་ནད་འབུབ་དེ་ གཙོ་བོ་ར་ ཕོ་དང་ ཕོ་གི་བར་ན་ ལུས་འབྲེལ་འབད་མི་དང་ གཞང་བཙོང་མི་ དེ་ལས་ སྨྱོ་རྫས་ལག་ལེན་འཐབ་མི་ཚུ་ལུ་བརྟེན་ཏེ་ ཁྱབ་སྤེལ་འགྱོ་དོ་ཡོདཔ་ཨིན་པས།
ཉི་མ་དབང་འདུས་ཀྱིས་འབད་བ་ཅིན་ འབྲུག་ལུ་ ནད་འབུབ་དེ་ ཁྱབ་སྤེལ་འབད་བའི་ རྒྱུ་རྐྱེན་ལེ་ཤ་ཡོདཔ་ཨིན་རུང་ ནད་འབུབ་ཀྱི་གནས་ཚད་དེ་ ཉུང་དྲགས་སྦེ་ཡོདཔ་ད་ སྤྱི་ལོ་༡༩༩༣ ལུ་ རྒྱལ་ཁབ་ནང་ ནད་འབུབ་འགོ་དང་པ་ ངོས་འཛིན་བྱུངམ་ལས་ཚུར་ ད་ལྟོ་ཚུན་ ནད་འབུབ་ཐོབ་མིའི་ གྱངས་ཁ་དེ་༢༧༠ ལུ་ ལྷོད་ཡོདཔ་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ ནད་འབུབ་ཐོབ་མི་༢༧༠ ལས་༤༥ ཤི་རྐྱེན་བྱུང་ཡོདཔ་ད་ སྙན་ཞུ་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ ནད་འབུབ་ཁྱབ་སྤེལ་གྱི་རྒྱུ་རྐྱེན་ བརྒྱ་ཆ་༩༠ ཕོ་དང་མོའི་བར་ན་ ལུས་འབྲེལ་འབད་མི་ལུ་བརྟེན་ཏེ་ བྱུང་ཡོདཔ་སྦེ་ བཀོད་ཡོདཔ་ཨིན་པས།
དེ་གི་འོག་ལས་ར་ ཨའི་ལས་ ཨ་ལུ་ལུ་ ནད་འབུབ་འབུ་བའི་གནད་དོན་ བརྒྱ་ཆ་༨.༡ འབད་མི་དེ་ ཨང་༢ པ་ཨིནམ་ད་ ཁྲག་ཚབ་བླུགས་མི་ལུ་བརྟེན་ ནད་འབུབ་ཐོབ་མིའི་ རྒྱུ་རྐྱེན་དེ་ བརྒྱ་ཆ་༢ དེ་ཅིག་ ཐོན་དོ་ཡོདཔ་ཨིན་པས།
གསོ་བའི་དྲུང་ཆེན་གྱིས་འབད་བ་ཅིན་ འབྲུག་པའི་མི་འབོར་ལས་ བརྒྱ་ཆ་༦༠ དེ་ཅིག་ སྐྱེས་ལོ་༢༥ མན་ཆད་འབད་མི་ཚུ་ཨིནམ་ད་ ད་རེས་ནངས་པ་ རྒྱ་གར་དང་ བང་ལ་དེཤ་ དེ་ལས་ ནེ་པཱལ་གྱི་བར་ན་ ཚོང་འབྲེལ་གྱི་འབྲེལ་བ་ཚུ་ གྱངས་ཁ་ཡར་སེང་ཐོག་ བྱུང་དོ་ཡོད་མི་དེ་ ཉེན་ཁ་ཅན་ཅིག་ ཨིནམ་སྦེ་སླབ་ཅི།
མ་གཞི་ འབྲུག་ལུ་ ཕོ་དང་ཕོ་གི་བར་ན་ ལུས་འབྲེལ་འབད་བའི་སྐོར་ལས་ ག་གིས་ཡང་ མ་ཤེས་རུང་ ཧེ་མ་ ཞིབ་འཚོལ་ཅིག་འབད་བའི་སྐབས་ ཕོ་སྐྱེས་དང་ ཕོ་སྐྱེས་ཀྱི་བར་ན་ ལུས་འབྲེལ་འབད་མི་ བརྒྱ་ཆ་༥ དང་ ཨམ་སྲུ་དང་ ཨམ་སྲུའི་བར་ན་ ལུས་འབྲེལ་འབད་མི་ བརྒྱ་ཆ་༤ ཡོད་པའི་ ངོས་འཛིན་བྱུང་ཡོདཔ་ཨིན་པས།
ད་ལྟོ་ཚུན་ རྫོང་ཁག་༡༨ ནང་ ནད་འབུབ་ཨེཆི་ཨའེ་བི་ཐོབ་ཡོད་པའི་ ངོས་འཛིན་རུང་ མགར་ས་དང་ བཀྲིས་གཡང་རྩེ་རྫོང་ཁག་༢ ནང་ ངོས་འཛིན་མ་བྱུངམ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment