གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཁབ་ནང་ པེ་ཊོལ་མར་ཁུ་ལི་ཊར་རེ་ལུ་ དངུལ་ཀྲམ་༦.༧ ཡར་སེང་།

གོང་ཚད་ཡར་སེང་ལུ་བརྟེན་ མར་ཁུ་བླུགས་ནིའི་དོན་ལུ་ གྱལ་རིམ་བཙར་སྡོད་མི་ སྣུམ་འཁོར་ཚུ།


༉ ཁ་ཙ་ ནུབ་མོ་ལས་  པེ་ཊོལ་མར་ཁུའི་གོང་ཚད་དེ་ དངུལ་ཀྲམ་༦.༧ གྱིས་ ཡར་སེང་འབད་ཡོདཔ་ད་ ཡར་སེང་དེ་ ཁ་ཉིནམ་ རྒྱ་གར་གྱི་རྒྱལ་ས་ ནིའི་ལྡི་ལི་ལུ་ རུ་པི་༧.༥༠ ཡར་སེང་འབད་མི་ལུ་བརྟེན་ཨིན་པས།
བསྟན་རྒྱས་ལྷན་ཁག་གི་འགོ་དཔོན་ ཚེ་རིང་གིས་འབད་བ་ཅིན་ རྒྱལ་ས་ལུ་ ཁ་ཙ་ ཕྱི་རུ་ཚུན་ པེ་ཊོལ་ ལི་ཊར་རེ་ལུ་ དངུལ་ཀྲམ་༦༠.༢༢ གནས་མི་དེ་ ལི་ཊར་རེ་ལུ་ དངུལ་ཀྲམ་༦༦.༩༢ ལུ་ཡར་སེང་སོང་མི་གིས་ རྒྱལ་ཁབ་ཀྱི་སྣུམ་འཁོར་བཏང་མི་ཚུ་ལུ་ ཚ་གྱང་ལང་ནིའི་གཞི་གནས་ཅིག་ལུ་ གྱུར་ཡི་ཟེར་ཨིན་པས། 



གསོ་བའི་ལྷན་ཁག་ནང་ལཱ་འབད་མི་ ཚེ་རིང་དབང་འདུས་ཀྱིས་འབད་བ་ཅིན་ མར་ཁུའི་གོང་ཚད་ཡར་སེང་འབད་མི་གིས་ ཚ་གྱང་སྦོམ་ར་ ལང་དགོཔ་བྱུང་ཡི་ཟེར་ཨིནམ་ད་ དེ་ཡང་ ཁོ་ར་ སྡོད་ས་བར་སྦིས་ས་ལུ་ཨིནམ་ལས་ ཉིན་བསྟར་བཞིན་དུ་ སྡོད་གནས་དང་ཡིག་ཚང་གི་བར་ན་ འགྲུལ་སྐྱོད་འབད་བའི་སྐབས་ ཟླཝ་རེ་ལུ་ སྣུམ་འཁོར་ནང་པེ་ཊོལ་མར་ཁུ་ དངུལ་ཀྲམ་༣,༠༠༠ དེ་རེ་གི་རྩིས་ བླུགས་རུང་ལང་མི་ཚུགས་ནི་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མར་ཁུའི་གོང་ཚད་དེ་ ད་རེས་བཟུམ་སྦེ་ར་ ཡར་སེང་འབད་བ་ཅིན་ སྣུམ་འཁོར་མ་བདའ་བར་ ཁྲོམ་གྱི་འགྲུལ་འཁོར་བཱསི་ ལག་ལེན་འཐབ་དགོཔ་བཟུམ་ཅིག་འདུག་ཟེར་ཨིནམ་ད་ དེ་ཡང་ ཁོ་གིས་འབད་བ་ཅིན་ ང་བཅས་ལུ་ ཐོབ་ནི་ཟེར་རུང་ ཟླ་རིམ་གྱི་དངུལ་ཕོགས་ཅིག་ལས་བརྒལ་མེདཔ་ལས་ དེ་གིས་ ཁྱིམ་གྱི་ཁང་གླ་དང་ སྐྱ་ནམ་གྱི་གོང་ཚད་ཡར་སེང་འབད་མི་ཚུ་ལུ་ཡང་ ལང་ཚུགས་པར་ལཱ་ཁག་ཡོད་པའི་ཁར་ ལྷག་པར་དུ་ མར་ཁུའི་གོང་ཚད་ཡར་སེང་འབད་མི་དེ་གིས་ དཀའ་ངལ་སྦོམ་ཤོས་ཅིག་ཨིན་མས་ཟེར་ཨིན་པས།
མར་ཁུའི་གོང་ཚད་ཡར་སེང་འབད་མི་གིས་ ག་ཅིག་གི་ཐད་ལས་འབད་རུང་ དེ་གིས་ ལྷན་གྲོགས་འབད་ནི་ཨིནམ་ལས་ གློ་འཁོར་བཏང་མི་ བསོད་ནམས་ལ་གིས་འབད་བ་ཅིན་ གླ་འཁོར་གྱི་གླ་འཐུས་དེ་ མར་ཁུའི་གནས་སྟངས་དང་འཁྲིལ་ ཡར་སེང་མ་འབད་བ་བཞག་པ་ཅིན་ ཁོང་གིས་ རྒུད་འབག་ཐོག་ལས་ ལཱ་འབད་མི་ཚུགས་ནི་མས་ཟེར་ཨིན་པས།
ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ འགོ་དཔོན་ཅིག་གིས་སླབ་མིའི་ནང་ མར་ཁུའི་གོང་ སེང་པ་ཅིན་ གླ་འཁོར་གྱི་གླ་འཐུས་ཚུ་ཡང་སེང་དགོ་ཟེར་ཨིན་པས།
རྒྱ་གར་ལུ་ པེ་ཊོལ་མར་ཁུའི་གོང་ཚད་ ཡར་སེང་འབད་ནི་ཨིན་པའི་ གནས་ཚུལ་གོ་བའི་ཤུལ་ལུ་ ཐིམ་ཕུ་ཁྲོམ་གྱི་མར་ཁུ་བླུགས་མཛོད་ཁང་༥ པོ་ཆ་ར་ནང་ སྣུམ་འཁོར་བརྒྱ་ལས་བཅད་དེ་ གྱལ་བསྣར་སའི་ མཐོང་སྣང་དེ་ ཁ་ཙ་ ཉིན་མ་ཚུན་ཨིན་པས།
བཟོ་རིག་འགོ་དཔོན་དབང་འདུས་ཀྱིས་ ཁ་ཙ་ནུབ་མོ་ མུ་ཏིག་ཐང་ མར་ཁུ་བླུགས་མཛོད་ཁང་ནང་ དུས་ཡུན་ཆུ་ཚོད་༢ དེ་ཅིག་ བསྒུགས་སྡོད་དགོཔ་བྱུང་ཡོདཔ་ད་  ཁོ་ལུ་ཚ་གྱང་ངོ་མ་ར་ མར་ཁུའི་གོང་ཚད་ཡར་སེང་འབད་ནི་དེ་གིས་མིན་པར་ མར་ཁུའི་མཛོད་ཁང་ནང་ མར་ཁུ་རྫོགས་སོ་པའི་ ཚ་གྱང་ལུ་བརྟེན་ཏེ་ཨིན་པས།
རྒྱ་གར་ལུ་ ལྡོག་ཕྱོགས་ཚོགས་པ་དང་ མི་མང་གིས་ ངོ་རྒོལ་མགྲེམ་སྟོན་འབད་བའི་ཤུལ་ལུ་ གཞུང་གིས་རུ་པི་༢ དང་ ཡང་ན་༢.༥༠ དེ་ཅིག་ མར་ཕབ་འབད་ནིའི་ལོ་རྒྱུས་ཡོད་རུང་ ད་ལྟོ་བར་ན་ཡང་ གཏན་འཁེལ་མ་སོང་བར་ཡོདཔ་ཨིན་པས།
འབྲུག་གིས་ པེ་ཊོལ་མར་ཁུ་དེ་ རྒྱ་གར་ལས་ ནང་འདྲེན་འབད་དོ་ཡོདཔ་བཞིན་དུ་ སྤྱི་ལོ༢༠༠༩ ལུ་ པེ་ཊོལ་མར་ཁུ་ དངུལ་ཀྲམ་ས་ཡ་༦༩༣ གྱི་རྩིས་ ནང་འདྲེན་འབད་ཡོདཔ་ད་ སྤྱི་ལོ་༢༠༡༠ ལུ་དངུལ་ཀྲམ་ས་ཡ་༩༥༡ དེ་ལས་ སྤྱི་ལོ་༢༠༡༡ ལུ་ དངུལ་ཀྲམ་ དུང་ཕྱུར་༡.༣ གྱི་རྩིས་ ནང་འདྲེན་འབད་ཡོདཔ་ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment