གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཀེ་ཊི་ཌི་རྡོ་རྗེ་དང་ སྐར་མ་སྨིན་དྲུག་སྡེ་ཚན་ལས་ འབྲུག་སྒྲ་དབྱངས་ཀྱིས་རྒྱལ་ཁ་ཐོབ་ཡོདཔ།

༢༡/༥/༢༠༡༢

མདའ་རྩེདཔ་གིས་ ཚ་གཏད་ཐོག་ལས་མདའ་རྐྱབ་པའི་བསྒང་།
༉ ཐིམ་ཕུ་བར་སྦིས་ས་ལུ་སྦེ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གཡང་འཕེལ་མདའ་རྩེད་འགྲན་བསྡུར་ནང་ ཁ་ཙ་ དབྱེ་ཁག་ ག་པའི་གྲས་ལས་ འབྲུག་སྒྲ་དབྱངས་དང་ ཀེ་ཊི་ཌི་རྡོ་རྗེ་ དེ་ལས་ སྐར་མ་སྨིན་དྲུག་སྡེ་ཚན་༣ གྱི་བར་ན་ རྩེད་འགྲན་འབདཝ་ད་ འབྲུག་སྒྲ་དབྱངས་ཀྱིས་ སྐོར་ཐེངས་༡༥ འི་ནང་ སྐུགས་༡ ཆོད་ཡོདཔ་མ་ཚད་ བཀག་རེག་མཐོ་ཤོག་ཕོག་ཡོདཔ་ལས་ རྒྱལ་ཁ་ཐོབ་ཅི།


སྐར་མ་སྨིན་དྲུག་མདའ་རྩེདཔ་ཚུ་གིས་ རྩེད་འགྲན་འགོ་བཙུགས་ཏེ་ སྐོར་ཐེངས་༦ པའི་ནང་འཁོད་ལུ་ བཀག་རེག་དང་ དོབ་སྦྱེལ་ཚུ་རྐྱབ་སྟེ་ སྐུགས་ཆོད་པའི་སྐབས་ གཞན་མི་ བྱང་ཕྱད་སྡེ་ཚན་༢ ཀྱིས་ དོ་འགྲན་འབད་དེ་ རྩེད་འགྲན་འབད་རུང་ བཀག་རེག་བཏོགས་མ་ཚུགས་པར་ སྐུགས་ཆོད་དཔ་ཨིན་པས།
ཨིན་རུང་ ལོག་རྩེད་འགྲན་འབད་དེ་ སྐོར་ཐེངས་༡༤ པའི་ནང་ ཀེ་ཊི་ཌི་རྡོ་རྗེ་སྡེ་ཚན་གྱིས་ བཀག་རེག་༢༣ དང་སྐུགས་༤ ཐོབ་པའི་སྐབས་ འབྲུག་སྒྲ་དབྱངས་སྡེ་ཚན་གྱིས་སྐུགས་༥ དང་ བཀག་རེག་༢༨  སྐར་མ་སྨིན་དྲུག་སྡེ་ཚན་གྱིས་ བཀག་རེག་༢༦ ཕོག་ནུག།
ད་རིས་དྲོ་པའི་ རྩེད་འགྲན་ནང་ ནོར་འཕེལ་༦ དང་ ཀུར་སྟོདཔ་ དེ་ལས་ གངས་ལ་སྡེ་ཚན་༣ གྱི་བར་ན་ རྩེད་འགྲན་འབད་ནི་དང་ ཉི་མ་ ཨེན་ཊ་སྨིན་རྒྱབ་དང་ ན་ཧིཌ་ དེ་ལས་ ཨེན་ཊི་ཊི་སྡེ་ཚན་གསུམ་གྱི་བར་ན་ རྩེད་འགྲན་འབད་ནི་ཨིན་པས།
ལིག་སྐོར་ཐེངས་དེ་ སྤྱི་ཟླ་༥ པའི་ཚེས་༢༥ ལུ་ མཇུག་བསྡུ་ཞིནམ་ལས་ སྐུགས་མཐོ་ཤོས་དང་ བཀག་རེག་མཐོ་ཤོག་ཡོད་མི་སྡེ་ཚན་ཚུ་གིས་ ཀོ་ཊར་རྩེད་འགྲན་ནང་ དོ་འགྲན་འབད་ཚུགས་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment