གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆོས་སྡེ་དང་ སྲིད་ཚོགས་ཀྱི་འབྲེལ་དོན་ ཁ་གསལ་མེདཔ།

དགེ་རབ་གྲྭ་ཚང་ཁག་གི་ བླ་སློབ་ཚུ་ གྲོས་འཛོམས་གནང་པའི་བསྒང་།
༢༨/༠༦/༢༠༡༢  ༉ མ་གཞི་ ཆོས་དེ་ སྲིད་དོན་ལས་འབྲེལ་བ་མེདཔ་སྦེ་གནས་དགོ་ཟེར་ ཆོས་སྡེ་ལྷན་ཚོགས་ཀྱི་བཅའ་ཁྲིམས་ནང་ བཀོད་དེ་ཡོདཔ་ཨིན་རུང་ ངོ་ཤེས་འདྲིས་ཤེས་ཡོད་མི་ སྲིད་དོན་ཚོགས་པའི་འཐུས་མི་ཚུ་གིས་སྐུལ་བསྒྲགས་ཀྱི་དོན་ལུ་འོང་པའི་སྐབས་ ཁོང་དང་འབྲེལ་བ་འཐབ་ཆོག་ག་ཟེར་ ཁ་ཙ་ གཞུང་གྲྭ་ཚང་གི་ འདུས་ཚོགས་ཞལ་འཛོམས་ནང་ དྲི་བཀོད་འབད་ཡི།


ཞལ་འཛོམས་ནང་ རྫོང་ཁག་༢༠ ལས་ དགེ་རབ་གྲྭ་ཚང་ཁག་གི་ འཐུས་མི་༧༥ དེ་ཅིག་གིས་ བཅའ་མར་གཏོགས་པའི་བསྒང་ཡོདཔ་བཞིན་དུ་ དྲི་བ་དེ་ཡང་ བཙག་འཐུའི་ལྷན་འཛིན་ས ཆོས་རྒྱལ་དར་མགོ་རིག་འཛིན་གྱིས་ གཞུང་དང་ དགེ་སློང་ཚུ་ལུ་ བཙག་འཐུའི་ལམ་ལུགས་ཀྱི་སྐོར་ལས་ གསལ་བཤད་འབད་བའི་སྐབས་ལུ་བཀོད་ཅི།
གཞུང་གྲྭ་ཚང་གི་ ངོ་ཚབ་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ གྲྭ་ཚང་འཕགས་པའི་དགེ་འདུནམ་ཚུ་ལུ་ འབད་ཆོགཔ་ག་ཅི་ཨིན་ན་དང་ འབད་མ་ཆོགཔ་ག་ཅི་ཨིན་ནའི་སྐོར་ལས་ ཁ་གསལ་སྦེ་ འཁོད་དེ་མེད་པ་ལུ་བརྟེན་ བྱ་སྟབས་མི་བདེ་བས་ཟེར་ཨིན་པས།
དེ་མ་ཚད་ རང་དང་གཅིག་ཁར་ ངོ་ཤེས་འདྲིས་ཤེས་ཡོད་མི་ སྲིད་དོན་ཚོགས་པ་ཚུ་ སྐུལ་བསྒྲགས་འབད་བར་འོང་པའི་སྐབས་ འབྲེལ་བ་མ་འཐབ་པར་སྡོད་པ་ཅིན་ འཐབ་འཛིང་འབད་འབདཝ་བཟུམ་ཅིག་ འགྱོ་ནི་མས་ཟེར་ཨིན་པས།
ད་རུང་ ངོ་ཚབ་ཅིག་གིས་ སླབ་མིའི་ནང་ ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་དེ་ ཆོས་སྡེ་ལྷན་ཚོགས་ཀྱི་ ཁྲི་འཛིན་འབདཝ་ད་ ནང་སྲིད་བློན་པོ་ཁོ་ར་ སྲིད་དོན་ཚོགས་པ་ཨིནམ་ལས་བརྟེན་ ཆོས་སྡེ་ལྷན་ཚོགས་དེ་ སྲིད་དང་འབྲེལ་བ་མེདཔ་སྦེ་གནས་དགོ་ཟེར་མི་དང་ རྒྱབ་འགལ་འགྱོཝ་མས་ཟེར་ཨིན་པས།
དེ་འབདཝ་ལས་ གནད་དོན་དེ་ ད་ལྟོ་ལས་ར་ དག་གསལ་རྐྱབ་དགོཔ་ གལ་ཆེ་ཏོག་ཏོ་ཅིག་ ཨིན་མས་ཟེར་ཨིན་པས།
བཙག་འཐུའི་ལྷན་འཛིན་ ཆོས་རྒྱལ་དར་མགོ་རིག་འཛིན་གྱིས་འབད་བ་ཅིན་ མ་གཞི་ བཙག་འཐུ་ལྷན་ཚོགས་ཀྱིས་ ཆོས་སྡེ་ལྷན་ཚོགས་ཀྱི་ ཁྲི་འཛིན་སྐོར་ལས་ ལེགས་ཤོམ་སྦེ་ར་ ཧ་གོ་ཟེར་ཨིནམ་ད་ ཆོས་སྡེ་ལྷན་ཚོགས་ལུ་ ཁྲིམས་ལུགས་དང་ ལམ་ལུགས་ཚུ་བཟོ་ནིའི་ རང་དབང་སྤྲོད་དེ་ཡོདཔ་ལས་ གནད་དོན་དེ་གི་དོན་ལུ་ ག་ཅི་འབད་དགོཔ་ ཡོདཔ་ཨིན་ན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ བཙག་འཐུ་མ་རན་པའི་ ཟླཝ་༦ གི་ཧེ་མ་ལས་ སྐུ་རིམ་བསྒྲུབ་ནི་ཚུ་ཡང་ འབད་མ་ཆོག་པའི་ཁར་ སངས་རྒྱས་ཀྱི་ ན་བཟའ་བཞེས་མི་ག་ར་གིས་ ཆོས་སྡེ་ལྷན་ཚོགས་ནང་ ཐོ་བཀོད་འབད་དགོཔ་ཨིན་ཟེར་ཨིན་པས།
རྩི་རང་གི་ བླམ་གནས་བརྟན་ དབང་འདུས་ཀྱིས་ སླབ་མིའི་ནང་ ཆོས་སྡེའི་དབུ་ཁྲིདཔ་ཚུ་དང་གཅིག་ཁར་ ཞལ་འཛོམས་འཚོགས་ཏེ་ འབད་བཏུབ་ག་ཅི་ཨིན་ན་དང་ འབད་མ་བཏུབ་ག་ཅི་ཨིན་ན་ཚུ་ ལེགས་ཤོམ་སྦེ་ གྲོས་བསྟུན་འབད་དེ་ གཏན་འཁེལ་བཟོ་དགོཔ་དེ་ ཁག་ཆེ་བས་ཟེར་ཨིན་པས།
གྲྭ་ཚང་འཕགས་པའི་ དགེ་འདུནམ་ཚུ་གིས་འབད་བཏུབ་དང་ མ་བཏུབ་པའི་སྐོར་ལས་ ལེགས་ཤོམ་སྦེ་ གསལ་བཀོད་གནང་དགོཔ་ཁག་ཆེ་བས་ཟེར་ གྲྭ་ཚང་ལྷན་ཚོགས་ཀྱི་ དྲུང་ཆེན་ཀརྨ་དཔལ་འབྱོར་གྱིས་ བཤདཔ་ཨིན་པས།
དེ་མ་ཚད་ ཆོས་སྡེའི་དབུ་ཁྲིདཔ་ཚུ་དང་ འབྲུག་གི་བཙག་འཐུ་ལྷན་ཚོགས་གཉིས་ གཅིག་ཁར་འཛོམས་ཞིནམ་ལས་ གནད་དོན་ཚུ་ ཁ་གསལ་བཟོ་དགོཔ་འདུག་ཟེར་ ཁོ་གིས་ སླབ་ཨིན་པས།
ཨིན་རུང་ ཉིནམ་༦ གི་རིང་ འགོ་འདྲེན་འཐབ་ནི་ཨིན་མི་ ཞལ་འཛོམས་དེ་ སྤྱི་ཟླ་༧ པའི་ཚེས་༢ ལུ་ མཇུག་བསྡུ་ནི་ཨིནམ་བཞིན་དུ་ དེ་ནང་ འཆར་གཞི་༡༡ པའི་གྲོས་བསྟུན་དང་ གྲྭ་ཚང་ནང་ མི་སྟོབས་གོང་འཕེལ་གཏང་ནི་ དེ་ལས་ གྲྭ་ཚང་འཕགས་པའི་དགེ་འདུནམ་ཚུ་གི་ ཀུན་སྤྱོད་རྣམ་གཞག་ཚུ་གི་སྐོར་ལས་ གྲོས་བསྡུར་འབད་ནི་ཨིན་པའི་གནས་ཚུལ། 

ཡེ་ཤེས་སྒྲོལ་མ།

No comments:

Post a Comment