གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཡོངས་ཚོགས་སྡེ་གིས་ རྐྱེན་ངན་འཛིན་སྐྱོང་དཔྱད་ཡིག་༢༠༡༢ ཅན་མ་ ཆ་འཇོག་གནང་ཡོདཔ།

༉ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ཚུ་གིས་ འབྲུག་གི་རྐྱེན་ངན་འཛིན་སྐྱོང་དཔྱད་ཡིག་༢༠༡༢ ཅན་མའི་ ཟིན་བྲིས་གུ་ གྲོས་བསྡུར་མཐིལ་ཕྱིན་གནང་པའི་ཤུལ་ལུ་ ཁ་ཙ་ ཚོགས་རྒྱན་བཙུགས་པའི་སྐབས་ འཐུས་མི་༢༢ ཀྱིས་ དགོ་ཟེར་བའི་ མོས་མཐུན་བྱུང་ཡོདཔ་ལས་ ཆ་འཇོག་གནང་ཡི།

དེ་ཡང་ རང་བཞིན་གནས་སྟངས་དང་ མཐའ་འཁོར་ལྷན་ཚོགས་ཀྱི་ ཚོགས་ཆུང་གིས་ བདུན་ཕྲག་ཧེ་མམ་ནང་ རྐྱེན་ངན་འཛིན་སྐྱོང་དཔྱད་ཡིག་དེ་ གྲོས་འབུལ་ཕུལ་མི་ལྟར་དུ་ ཚོགས་ཁང་ནང་ གྲོས་བསྡུར་འབདཝ་ད་ དོན་ཚན་༣༠ ལུ་ ལེགས་བཅོས་དང་བསྒྱུར་བཅོས་ དེ་ལས་ དོན་ཚན་གསརཔ་༥ ཐེབས་བཙུགས་ཡོད་མི་ཚུ་ ཆ་འཇོག་གནང་ཡོདཔ་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ཚུ་གིས་ རྫོང་ཁག་དང་ ཁྲོམ་སྡེ་ དེ་ལས་ རྒེད་འོག་ཚུ་ནང་ རྐྱེན་ངན་འབྱུང་བའི་སྐབས་ དེ་འཕྲོ་ལས་ གྲོགས་རམ་དང་ ཆ་རོགས་འབད་ནིའི་དོན་ལུ་ རྐྱེན་ངན་འཛིན་སྐྱོང་གི་ འཐུས་མི་ཚུ་ བཙག་འཐུ་འབད་དགོཔ་ད་ འཐུས་མི་ཚུ་ གནས་ཡུན་ཚང་བའི་སྐབས་ རྐྱེན་ངན་འཛིན་སྐྱོང་གི་ ཁྲི་འཛིན་རྫོང་བདག་གིས་ ད་རུང་ འགན་འཁྲི་འབག་ནིའི་དོན་ལུ་ ཁྲོམ་སྡེ་དང་ རྒེད་འོག་ཚུ་ལས་ ལྕོགས་གྲུབ་ཅན་གྱི་འཐུས་མི་ཚུ་ བཙག་འཐུ་འབད་དགོཔ་དེ་ གལ་ཆེ་ཟེར་ ཞུ་བ་ཕུལ་ཡོདཔ་ཨིན་པས།
རྐྱེན་ངན་དེ་ རྫོང་ཁག་ནང་རྐྱངམ་གཅིག་མེན་པར་ རྒེད་འོག་དང་ ཁྲོམ་སྡེ་ཚུ་ནང་ འབྱུང་པ་ཅིན་ རྫོང་ཁག་རྐྱེན་ངན་འཛིན་སྐྱོང་ཚོགས་པའི་ཁ་ཐུག་ལས་ གྲོགས་རམ་ཚུ་འབད་དེ་ མི་སྡེའི་དཀའ་ངལ་བསལ་ཚུགསཔ་འབད་དགོཔ་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ཚུ་གིས་ རྒྱལ་ཡོངས་ཚོགས་འདུ་ལས་ ཆ་འཇོག་གྲུབ་ཡོད་མི་ དོན་ཚན་༥ དེ་ ཕྱིར་འབུད་བཏང་ཐོག་ལས་ ཧེ་མའི་ཟིན་བྲིས་དེ་ ལོག་བཙུགས་ཡོདཔ་ཨིན་པས།
འབྲུག་གི་ རྐྱེན་ངན་འཛིན་སྐྱོང་དཔྱད་ཡིག་༢༠༡༢ ཅན་མ་དེ་ སྤྱི་ལོ་༢༠༠༧ ལུ་བརྩམས་ཡོད་མི་ལུ་ གཞིར་བཞག་ཐོག་ལས་ རྒཔོ་དང་ དྲུང་པ་ ཁྲོམ་དཔོན་ དེ་ལས་ རྫོང་ཁག་འགོ་དཔོན་ཚུ་གིས་ འབད་དགོ་པའི་ འགན་འཁྲི་དང་འགན་ཁུར་ཚུ་ ཟིན་བྲིས་ནང་འཁོད་ཡོདཔ་ཨིན་པས།
དཔྱད་ཡིག་དེ་ རྒྱལ་ཡོངས་ཚོགས་འདུ་ལས་ ས་གནས་གཞུང་དང་ ཁྲོམ་སྡེ་ དྲུང་ཁག་ཚུ་ནང་ རྐྱེན་ངན་རེ་འབྱུང་པ་ཅིན་ བདག་དབང་གི་ཐོག་ལས་ ཞིབ་དཔྱད་དང་ རྒྱབ་སྐྱོར་ཚུ་ འགན་འཁྲི་ཅན་ཚུ་གིས་ འབད་ཆོགཔ་སྦེ་ ཡོདཔ་ཨིན་པས།
འབྲུག་གི་རྐྱེན་ངན་འཛིན་སྐྱོང་དཔྱད་ཡིག་དང་འཁྲིལ་ རྫོང་ཁག་གི་འོག་ལུ་ཡོད་པའི་ ཁྲོམ་སྡེ་དང་ རྒེད་འོག་ཚུ་ ད་ལས་ཕར་ རྐྱེན་ངན་བཀག་ཐབས་འབད་ནི་དང་ ཐབས་དང་གནས་སྐབས་ འཆར་གཞི་ དེ་ལས་ གྲོགས་རམ་ཚུ་ག་དེ་སྦེ་ བྱིན་ནི་ཨིན་ན་ ལམ་ལུགས་དེ་དང་འཁྲིལ་ འབད་ཆོག་ནི་ཨིན་པས།
རྐྱེན་ངན་འཛིན་སྐྱོང་དབང་འཛིན་ནང་ འཐུས་མི་༢༠ ཡོདཔ་ད་ འཐུས་མི་ཚུ་ཡང་ རྒྱལ་པོའི་གཟིམ་དཔོན་ལས་འགོ་བཙུགས་ ལྷན་ཁག་༡༠ གི་དྲུང་ཆེན་ གྲྭ་ཚང་ལྷན་ཚོགས་ཀྱི་འཐུས་མི་ དེ་ལས་ རྒྱལ་ཡོངས་འབྲུག་གི་ དམག་མི་ཚུ་ཡོདཔ་ཨིན་པའི་གནས་ཚུལ།
 

བཀྲིས་ཕུན་ཚོགས།

No comments:

Post a Comment