གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབང་འདུས་ཕོ་བྲང་རྫོང་མེ་མཆོད་བཞེས་པའི་ རྒྱལ་ཡོངས་མྱ་ངན་བརྩི་སྲུང་ཞུ་ནིའི་དོན་ལུ་ ནངས་པར་ངལ་གསོ་བཞག་ནི།


༉ ནང་སྲིད་ལྷན་ཁག་གིས་ ད་ལྟོ་ ནུབ་མོའི་ཆུ་ཚོད་༩ དང་སྐར་མ་༣༠ ལུ་ རྒྱལ་ཡོངས་ཀྱི་ ནང་གཏེར་བཟུམ་ཅིག་ཨིན་མི་ དབང་འདུས་ཕོ་བྲང་རྫོང་ མེ་མཆོད་བཞེས་པའི་ རྒྱལ་ཡོངས་མྱ་ངན་བརྩི་སྲུང་ཞུ་ནིའི་དོན་ལུ་ ནངས་པར་ རྒྱལ་ཡོངས་ངལ་གསོ་བཞག་ནི་སྦེ་ གསལ་བསྒྲགས་གནང་ཡི། 

བ་རཱ་ཛིལ་ལུ་ ཞལ་འཛོམས་ནང་བྱོན་མི་ བློན་ཆེན་འཇིགས་མེད་འོད་ཟེར་མཆོག་ལུ་ རྐྱེན་ངན་དེ་གི་སྐོར་ལས་ སྙན་ཞུ་འབད་ཡོདཔ་ད་ བློན་ཆེན་གྱི་འགན་འཛིན་པ་ ཞབས་ཏོག་བློན་པོ་ ཡེ་ཤེས་སྦྱིན་པ་གིས་འབད་བ་ཅིན་ ད་ལས་ཕར་ ཉེན་སྲུང་གི་དོན་ལུ་ རྫོང་གཞིས་ཚུ་ནང་ མེ་བསད་སྣུམ་འཁོར་འགྱོ་སའི་ལམ་དང་ ཆུ་མཛོད་ཀྱི་ ཞབས་ཏོག་མཐུན་རྐྱེན་ཚུ་ བཟོ་ནི་དེ་ གལ་ཆེཝ་སྦེ་ མཐོང་གསལ་བྱུང་ཡི་ཟེར་ཨིན་པས།

བློན་པོ་ཡེ་ཤེས་སྦྱིན་པ་གིས་ དབང་འདུས་རྫོང་དེ་ རྩ་བ་ལས་ར་ མེ་མཆོད་བཞེས་རུང་ ནང་རྟེན་རྩ་ཅན་ཚུ་ག་ར་ ཐོབ་ཚུགས་ནི་དེ་གིས་ ཁ་རྗེ་བཟང་ཡི་ཟེར་ཨིནམ་ད་ རྫོང་དེ་ ལོག་ སྒྲིང་སྒྲིང་སྦེ་ར་ ཉམས་གསོ་ཞུ་ནི་ཟེར་ བཤདཔ་ཨིན་པས།

མེ་རྐྱེན་དེ་ རྫོང་ཁག་བདག་སྐྱོང་གི་ ཡིག་ཚང་ནང་ལས་ འགོ་བཙུགས་ཡོདཔ་ཨིན་རུང་ རྒྱུ་རྐྱེན་ག་ཅི་ལུ་བརྟེན་ བྱུང་ཡོདཔ་ཨིན་ན་ ད་ལྟོ་ ཏན་ཏན་སྦེ་ མ་ཤེསཔ་ཨིན་པས།

ལྷ་ཁང་ཚུ་ནང་ སྨན་སྐུ་སྦོམ་ཡོད་མི་ཚུ་རྐྱངམ་གཅིག་ ཉེན་སྲུང་འབད་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།






གཉིས



གཅིག

2 comments:

  1. ལམ་སྲོལ་དང་འགལ་ཡོད་པའི་བསམ་འཆར།

    ༈ ང་བཅས་རའི་དཔལ་ལྡན་འབྲུག་པའི་བསྟན་པའི་གཞི་མ་ ཕན་དང་བདེ་བའི་འབྱུང་གནས་ འཕགས་པའི་དགེ་འདུན་གྱི་སྡེའི་བཞུགས་གནས་དམ་པ་ དབང་འདུས་ཕོ་བྲང་རྫོང་ཆེན་འདི་ དཔལ་ལྡན་བླ་མ་བདུད་འཇོམས་རྡོ་རྗེ་ངག་གི་དབང་པོའི་ཐུགས་བསྐྱེད་བླ་ན་མེད་པ་ལས་འཁྲུངས་པའི་ནོར་བུ་ཅིག་ཨིནམ་ མཁས་བླུན་མཐུན་སྣང་དུ་གྲུབ་སྟེ་ཡོད། འདིནི་ སྤྱིར་ཁ་བཞི་འགྲོ་བ་ཡོངས་དང་ཁྱད་པར་དུ་ ཤར་དར་བརྒྱད་ཀྱི་མི་སེར་གྱི་བསོད་ནམས་ཀྱིས་མ་ཐེགས་པར་ མེ་ལྷའི་ཞལ་དུ་ཤོར་མི་འདི་ ནམ་ཡང་བརྗེད་མ་ཚུགས་པའི་རྐྱེན་ངན་སྦོམ་ཤོས་ཅིག་ཨིན་པས། དེ་གི་སྦེ་ང་བཅས་འབྲུག་གི་རྒྱལ་བློན་འབངས་གསུམ་རིས་མེད་ཀྱི་ གནད་དོན་དེ་གི་དོན་ལུ་ སེམས་ལུ་བཟོད་མ་ཚུགས་པའི་མྱ་ངན་ཕོག་པའི་རྐྱེན་གྱིས་སྦེ་ རྫོང་ཆེན་འདི་ལོག་བཞེངས་ནིའི་དོན་ལུ་ རྒྱལ་བློན་འབངས་གསུམ་གྱི་ཁ་ཐུག་ལས་ རང་ནུས་དང་བསྟུན་པའི་ཞལ་འདེབས་ཕུལ་མི་འདི་ ང་བཅས་རའི་ཕམ་བཟང་པོའི་ལུགས་སྲོལ་བཟང་པོ་ལུ་བརྟེན་ཏེ་བྱུང་ཡོདཔ་ཨིནམ་ འཛམ་གླིང་ཡོངས་ཀྱི་ཤེས་ཟེར་ཞུ་ནི། ཞལ་འདེབས་ཕུལ་ནིའི་དོན་ལུ་ གླུ་གཞེས་ལུ་བསྟེན་དགོཔ་ཅིག་འདུག་ག? རང་གི་ལམ་སྲོལ་དང་མ་འཁྲིལ་བར་ མིང་ དབང་འདུས་ཕོ་བྲང་རྫོང་བཞེངས་ནིའི་ཞལ་འདེབས་ཀྱི་དོན་ལུ་ཨིནམ་བཟོ་སྟེ་ གླུ་གཞེས་འཐེན་ཏེ་འབྲུག་འབངས་ཡོངས་ལུ་ རྒྱང་མཐོང་ནང་སྤྱན་འབུལ་ཞུ་མི་འདི་ དཔལ་ལྡན་འབྲུག་པའི་ལམ་སྲོལ་དང་འགལ་བ་མིན་འདུག་ག? གལ་སྲིད་མེད་པ་ཅིན་ མི་ཤི་སྟེ་མྱ་ངན་རྩིས་སྲུང་འབདཝ་ད་ མྱ་ངན་ཨིན་ཟེར་མྱ་ངན་གྱི་གླུ་གཞེས་འཐེན་རུང་བཏུབ་སྦེ་ཨིན་ན? གལ་སྲིད་ བཏུབ་ཟེར་བ་ཅིན་འདི་བཟུམ་གྱི་ལམ་སྲོལ་ང་བཅས་འབྲུག་རྒྱལ་ཁབ་ནང་མེདཔ་ལས་ ཐུགས་བཞེད་གནང་དགོཔ་འདུག་ཟེར་མནོཝ་མས། ལུགས་གཉིས་བརྟན་པའི་རྒྱལ་ཁབ་ནང་ ལུགས་གཉིས་དང་མ་འཁྲིལ་བར་ ག་ཅི་འབད་རུང་བཏུབ་སྦེ་བཞག་པ་ཅིན་ མི་དབང་མངའ་བདག་རྒྱལ་པོའི་དགོངས་པ་དང་ཡང་མི་འགལ་ག་ཟེར་ཞུ་ནི།
    གཏམ་སྙན་ལུ་རྔམ་འདོད་ཆེ་སྟེ་ དབང་འདུས་ཕོ་བྲང་རྫོང་ཆེན་བཞེངས་ནིའི་དོན་ལུ་ཨིན་ཟེར་ མི་དམངས་ཀྱི་གདོང་ཁར་གླུ་གཞེས་སྤྱན་འབུལ་ཕུལཝ་ཨིན་ཟེར་བ་ཅིན་ གླུ་གཞེས་འཐེན་ནིའི་སྐབས་མེནཔ་ལས་བརྟེན་ ལམ་སྲོལ་དང་མི་མཐུན་པས། ཡང་ན་ དད་པའི་དབང་གི་ཨིན་ཟེར་བ་ཅིན་ རྨོངས་པའི་རྨོངས་རྟགས་ཕྱི་ཁར་ཤར་ཡོདཔ་ མཁས་བླུན་ཀུན་གྱི་མཁྱེན་ཟེར་ཞུ་ནི། དེ་གི་སྦེ་ བྱ་བ་ག་ཅི་རང་བརྩམ་རུང་ རང་གི་ལམ་སྲོལ་ལས་མ་བརྒལ་བར་བརྩམ་སྟེ་མཛད་གནང་དགོཔ་འདི་ ང་བཅས་དཔལ་ལྡན་འབྲུག་པའི་མི་སེར་ཡོངས་ཀྱི་ཐུགས་ལུ་ངེས་དགོཔ་གལ་ཆེ་བའི་བསམ་འཆར་ཕུལཝ་ཨིན། འཛོལ་བའི་ཆ་ཡོད་པ་ཅིན་ བཀའ་སྲུང་དམ་ཅན་རྣམས་ཀྱི་སྤྱན་སྔར་བཤགས།། །།

    ReplyDelete
  2. ཁྱོད་ཀྱིས་བསམ་འཆར་དེ་སྦེ་བཀོད་མི་དེ་ དང་པ་ཁྱོད་ར་ཡོན་ཏན་གྱི་གཞི་ཆུང་པའི་སྐྱོན་དང་ གཉིས་པ་ཐུགས་བཞེད་གནང་ཐངས་རྒྱ་ཆུང་པའི་སྐྱོན་ཨིན་པས། ག་ཅི་སྨོ་ཟེེར་བ་ཅིན་ གླུ་གཞས་ཟེར་བའི་ཡིག་སྡེབ་རང་ཧ་མ་གོ་བའི་ཁར་ དགོངས་པ་དང་འགལ་ནི་ལུ་ཡང་ཡིག་སྡེབ་མ་འདྲཝ་གཉིས་བྲིས་འདུག། ལྷག་པར་དུ་རྒྱལ་ཡོངས་ལུ་སྟབས་མ་བདེཝ་དེ་བཟུམ་བྱུང་མི་དེ་ གཅིག་ལས་འབད་བ་ཅིན་ལྷ་ཆོས་སྐྱོང་སྲུང་མ་ཚུ་ཐུགས་མ་དགྱེས་པའི་འཕྲུལ་ཨིནམ་ལས་ གསུང་གླུ་གར་གྱི་མཆོད་པ་ཕུལ་མི་འདི་གིས ་ཐུགས་མཉེས་ཏེ་འབྱུང་བཞིའི་རྐྱེན་ཚུ་བཟློག་ནིའི་ཆེད་དུ་ཨིནམ་ཁྱོད་ཀྱིས་ཧ་མ་གོ་བས། སྔར་སྲོལ་ནང་འབད་ནི་མེདཔ་མ་གཏོགས་ ལམ་སྲོལ་དེ་སྤྱིར་བཏང་ལག་ལེན་འཐབ་མི་དེ་ལུ་སླབ་ཨིནམ་ལས་ དེའི་གོ་དོན་ར་མི་ཤེས་རུང་ བསམ་འཆར་བཀོད་མི་ལུ་ལྟ་སྟེ་བགོད་བྲ་བས།

    ReplyDelete