གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལོ་ངོ་༣༧༤ ལང་མི་ དབང་འདུས་ཕོ་བྲང་རྫོང་ མེ་གིས་འཚིགས་ཡོདཔ།


རྒྱལ་ཡོངས་ཀྱི་ ནང་གཏེར་ལུ་ རྐྱེན་ངན་བྱུང་མིའི་ མྱ་ངན་བརྩི་སྲུང་གི་དོན་ལུ་ གཞུང་གིས་ ད་རིས་ རྒྱལ་ཡོངས་ངལ་གསོ་སྦེ་ གསལ་བསྒྲགས་གནང་ཡོདཔ་ཨིན།


ཁ་ཙ་ནུབ་མོར་ དབང་འདུས་ཕོ་བྲང་རྫོང་མེ་མཆོད་བཞེས་པའི་བསྒང་།
 
 




















༉ ཁ་ཙ་ཕྱི་རུའི་ ཆུ་ཚོད་༤ དེ་ཅིག་ལས་ རྒྱལ་ཁབ་ནང་ རྫོང་གཞིས་རྙིང་ཤོས་༣ པ་ཨིན་མི་ དབང་འདུས་ཕོ་བྲང་རྫོང་ལུ་ མེ་རྐྱེན་བྱུང་སྟེ་ ནུབ་མོའི་ཆུ་ཚོད་༡༡ དེ་ཅིག་ཁར་ རྫོང་དེ་ རྩ་བ་ལས་ འཚིགས་ཡོདཔ་ཨིན་རུང་ ནང་རྟེན་ཚུ་ག་ར་ ཉེན་སྐྱོབ་འབད་ཚུགས་ནུག།

ཁྲིམས་སྲུང་འགག་པའི་ མེ་བསད་སྡེ་ཚན་དང་ བསྟན་སྐྱོང་གླིང་དྲག་པོའི་བསྟན་སྲུང་དམག་མི་ རྫོང་ཁག་གི་ ལས་བྱེདཔ་ཚུ་དང་ དབང་འདུས་ལུ་ སྡོད་མི་ཚུ་གིས་ མེ་གསད་ནི་ལུ་ ག་དེ་དྲག་དྲག་རྩ་འགེངས་ཡོད་རུང་  མེ་བསད་མ་ཚུགས་པས།
མེ་རྐྱེན་འགོ་ཐོག་བྱུང་སར་ མཐོང་མི་ཅིག་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ མེ་དེ་ རྫོང་ནང་གི་ རྫོང་ཁག་བདག་སྐྱོང་ཡིག་ཚང་ལས་ འབར་སར་མཐོང་པའི་བསྒང་ལས་ རྫོང་གི་དབུ་རྩེའི་ཁ་ཐུག་ལུ་ ཁྱབ་སྤེལ་སོང་ནུག་ཟེར་ཨིན་པས།
མེ་རྐྱེན་དེ་ གློག་མེ་ལུ་བརྟེན་ བྱུང་ཡོད་པའི་ དོགས་པ་ཡོདཔ་ཨིན་པས།

འགོ་ཐོག་རྫོང་ཁག་བདག་སྐྱོང་གི་ཡིག་ཚང་ ཁ་ཐུག་ལས་ 
མེ་མཆོད་བཞེས་པའི་བསྒང་།

དབང་འདུས་ཕོ་བྲང་གི་རྫོང་བདག་ ལྷུན་གྲུབ་དབང་ཕྱུག་གིས་ སླབ་མིའི་ནང་ འབྲུག་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་འགོ་དཔོན་གྱིས་ ཁོ་ལུ་ རྫོང་ལུ་ མེ་ཤོར་བའི་སྐོར་ འགྲུལ་འཕྲིན་ལྷོད་ཡོདཔ་ལས་ དེ་འཕྲོ་ལས་ རྫོང་ནང་སོང་ཡོད་རུང་ བདུན་མཐའི་ངལ་གསོ་འབདཝ་ལས སྒོ་བསྡམས་བཞག་ནི་དེ་གིས་ སྒོ་བཅགས་མ་ཚུགས་པར་ ལཱ་ཁག་རྐྱབ་ཅི་ཟེར་ཨིན་པས།



ཨིན་རུང་ ཁོང་གིས་ ཤིང་གི་ལྕམ་ཚུ་ ལག་ལེན་འཐབ་སྟེ་ སྒོ་བཅགས་དཀྲུམ་བཏང་ཐོག་ལས་ ནང་ན་འཛུལ་འགྱོཝ་ད་ མེ་ཤུགས་སྦེ་ འབར་ཡོདཔ་ལས་ མེ་ལྷབ་གིས་ མེ་བསད་པར་འགྱོ་མི་ཅིག་ལུ་ རྨ་སྐྱོན་དུམ་གྲ་ཅིག་ བྱུང་ཡི་ཟེར་ རྫོང་བདག་གིས་ བཤདཔ་ཨིན་པས།
འགོ་ཐོག་སྐབས་ རྫོང་ནང་ མི་༢༠ དེ་ཅིག་ འཛུལ་ཡོདཔ་ཨིན་རུང་ ལ་ལུ་ལོག་སོང་མི་ལུ་བརྟེན་ རྫོང་ནང་ན་ རྫོང་བདག་དང་ དགེ་སློང་༢ དེ་ཅིག་མ་གཏོགས་ མ་ལུས་ནི་དེ་གིས་ ནང་རྟེན་བཙུགས་མི་ ལྕགས་སྒྲོམ་འཐུ་འབག་འོངམ་ད་ རྫོང་བདག་གི་རྐང་མར་ རྨ་སྐྱོན་ཡང་བྱུང་ནུག།
དེ་གི་ཤུལ་ལས་ མེ་དེ་ རྫོང་གི་དབུ་རྩེ་ཁ་ཐུག་ལུ་ འབར་སར་མཐོངམ་ལས་ ཚ་ངེར་བཏོན་ཏེ་ དབུ་རྩེའི་ལྷ་ཁང་གི་ སྒོ་བཅགས་དཀྲུམ་འབད་ཐོག་ལས་ ནང་ན་འཛུལ་ཏེ་ ནང་རྟེན་གྱི་ ལྕགས་སྒྲོམ་ཚུ་ ཕྱི་ཁར་བཀོག་བཏང་ཡི་ཟེར་ རྫོང་བདག་གིས་ སླབ་ཨིན་པས།
ད་རུང་ རྫོང་གི་ནང་རྟེན་གཙོ་བོ་ ཞབས་དྲུང་ཁམས་སུམ་ཟིལ་གནོན་གྱི་ སྐུ་འདྲ་དེ་ཡང་ ཉེན་སྐྱོབ་འབད་ཚུགས་ཡོདཔ་ད་ དེ་ཡང་ ནང་རྟེན་མང་ཤོས་ར་ ད་ལྟོ་ རྫོང་ཉམས་གསོའི་དོན་ལུ་ གྱང་རྩིག་གུ་ལས་མར་ ཐགཔ་ལེ་ཤ་ར་ དཔྱངས་ཏེ་ཡོད་མི་ཚུ་ ལག་ལེན་འཐབ་ཐོག་ལས་ བཏོན་ཡོདཔ་ཨིན་པས།

དབང་འདུས་ཕོ་བྲང་རྫོང་ མེ་མཆོད་བཞེས་པའི་བསྒང་།


ཁ་ཙ་ནུབ་མོ་ ནང་རྟེན་གྱི་ ལྕགས་སྒྲོམ་ཚུ་ རྫོང་གི་ཁྱིམ་ཐོག་གུ་ལས་མར་ ཕྱི་ཁར་བཀོག་ནི་དེ་གིས་ རྒྱལ་བ་རིགས་༥ འི་རྩང་ཚུ་ནང་ བུད་སོཔ་ལས་ ད་རིས་དྲོ་པ་ཆུ་ཚོད་༤ དེ་ཅིག་ལས་ བཏོན་ནི་ཨིན་ཟེར་ རྫོང་བདག་གིས་ སླབ་ཨིན་པས།
རྫོང་བདག་གིས་འབད་བ་ཅིན་ དེ་བཟུམ་མའི་ རྐྱེན་ངན་བྱུང་མི་དེ་ རྒྱལ་ཡོངས་ལུ་ བློ་ཕམ་པའི་ གནད་དོན་ཅིག་ཨིནམ་བཞིན་དུ་ ནང་སྲིད་དང་ སྲོལ་འཛིན་ལྷན་ཁག་གིས་ ད་རིས་ རེས་གཟའ་མིག་དམར་འདི་ རྒྱལ་ཡོངས་མྱ་ངན་བརྩི་སྲུང་གི་དོན་ལུ་ ངལ་གསོ་བཞག་ནི་སྦེ་ གསལ་བསྒྲགས་འབད་ཡི།
བ་འཇོ་སྨན་ཁང་གི་ ཌོག་ཊར་ཕུན་ཚོགས་རྡོ་རྗེ་གིས་འབད་བ་ཅིན་ སྲོག་སྐྱབས་ཀྱི་ ལཱ་འབད་མིའི་གྲས་ལས་༡ དུ་པ་ལུ་བརྟེན་པའི་ དཀའ་ངལ་དུམ་གྲ་ཅིག་བྱུང་ཡོད་རུང་ ད་ལྟོ་ གནས་སྟངས་ལེགས་ཤོམ་སྦེ་ཡོད་ཟེར་ཨིན་པས།
ད་ལྟོ་ ཉམས་གསོ་ཞུ་སྟེ་ ལཱ་བརྒྱ་ཆ་༤༠ དེ་ཅིག་ མཇུག་བསྡུ་ཡོད་མི་ དབང་འདུས་ཕོ་བྲང་རྫོང་གི་དོན་ལུ་ ཟད་འགྲོ་ཚུ་ འབོར་ཆེ་ཏོག་ཏོ་སྦེ་ བཏང་ཡོདཔ་ལས་ རྒྱལ་ཁབ་དང་ དམིགས་བསལ་དུ་ ཤར་དར་བརྒྱད་ཀྱི་ མི་སེར་ཚུ་ལུ་ གྱོང་རྒུད་ སྦོམ་ཤོས་ཅིག་ཨིན་མས་ཟེར་ ནང་སྲིད་དང་སྲོལ་འཛིན་བློན་པོ་ མི་འགྱུར་རྡོ་རྗེ་གིས་ སླབ་ཨིན་པས།
ནང་སྲིད་བློན་པོ་གིས་འབད་བ་ཅིན་ མ་གཞི་ རྫོང་དེ་ ཉམས་གསོ་ཞུ་སྟེ་ རྒྱལ་ཁབ་ནང་ མིག་དཔེ་བཟུམ་ཅིག་སྦེ་ བཟོ་ནི་གི་ རེ་བ་བསྐྱེད་ཡོདཔ་ཨིན་རུང་ ད་རེས་ མེ་རྐྱེན་ཤོརཝ་ད་ རྐྱེན་ངན་དེ་ རྒྱལ་ཁབ་ཀྱི་ ས་གནས་གཞན་ཚུ་གི་དོན་ལུ་ཡང་ ཉེན་བརྡ་བཟུམ་ཅིག་ཨིན་ཟེར་ཨིན་པས།
ཞབས་ཏོག་བློན་པོ་ ཡེ་ཤེས་སྦྱིན་པ་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ ཞབས་དྲུང་རིན་པོ་ཆེ་གིས་ བཞེངས་གནང་མི་ རྫོང་གཞིས་༣ དེ་ མེ་མཆོད་བཞེས་སར་མཐོངམ་ད་ འབད་ཐབས་ག་ཅི་ཡང་ མ་བྱུངམ་ལས་ སེམས་ཕམ་སྦོམ་བྱུང་རུང་ རྫོང་དེ་ སྔར་ག་ཨིནམ་སྦེ་ར་  གསར་བཞེངས་འབད་ནི་ཨིན་ཟེར་ཨིན་པས།
མེ་རྐྱེན་བྱུང་སར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་འབྲུག་རྒྱལ་༤ པ་མཆོག་ བྱོན་ཡོད་པའི་གནས་ཚུལ།

དབང་འདུས་ལས་ ཉི་མ་དབང་འདུས།

No comments:

Post a Comment