གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁ་ཙ་ལས་ བསམ་གྲུབ་ལྗོངས་མཁར་ཁྲོམ་ཁར་ འཐུང་ཆུའི་བཀྲམ་སྤེལ་ ལོག་ཐོབ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་གྱི་ཁྲོམ་ཁར་ཁྲོམ་ཁར་ འཐུང་ཆུ་མེད་པར་ བདུན་ཕྲག་༡ དེ་ཅིག་ལང་པའི་ཤུལ་ལུ་ ཉམས་བཅོས་ཀྱི་ལཱ་ཚུ་འབད་དེ་ ཁ་ཙ་ལས་ ལོག་བཀྲམ་སྤེལ་འབད་ཚུགས་ཡོདཔ་ཨིན་པས།
དཀའ་ངལ་དེ་ཡང་ འདས་པའི་བདུན་ཕྲག་ནང་ ཆརཔ་ཤུགས་སྦེ་རྐྱབ་སྟེ་ སྤྱི་ཟླ་༦ པའི་ཚེས་༡༢ ལུ་ རྫོང་ཁག་གི་ འཐུང་ཆུའི་རྐ་༢ ཀྱི་ ཆུ་དུང་ཚུ་ མེདཔ་བཏང་མི་ལུ་བརྟེན་ཏེ་ཨིན་པས།
འཐུང་ཆུ་མེད་པའི་སྐབས་ ཁྲོམ་ཁར་སྡོད་མི་ཚུ་གིས་ འཐུང་ཆུ་ཚུ་ སྤྱི་ལོ་༡༩༦༡ ལུ་ རྒྱ་གར་གྱི་ ཚོང་པ་ཅིག་གིས་ ས་འོག་ཆུ་དོང་གི་ཨོམ་ བཟོ་སྐྲུན་འབད་མི་ནང་ལས་ དབོག་དོ་ཡོདཔ་ཨིན་པས།


མི་ལ་ལུ་ཅིག་གིས་ རང་སོའི་ སྣུམ་འཁོར་ཚུ་ནང་ གྱིབ་དམ་ཚུ་བཙུགས་སྟེ་ སི་ལི་ཀཱོན་འཕྲུལ་ཁང་ནང་འགྱོ་སའི་ ལམ་ཁར་ཡོད་པའི་ རོང་ཆུ་ནང་ལས་ཡང་ དབོག་འབག་དོ་ཡོདཔ་ཨིན་པས།
ཁྲོམ་དེ་ནང་སྡོད་མི་ སྐྱེས་ལོ་༥༩ ལང་མི་ པདྨ་གིས་སླབ་མིའི་ནང་ གོ་ལ་འཁྱུ་ནི་དང་ གཟུགས་འཁྱུ་ནི་ཚུ་ གྱིབ་དམ་ནང་ དབོགས་འབག་འོང་མི་ ཆུ་ལུ་བརྟེན་དགོ་ནི་དེ་གིས་ ལཱ་ཁག་རྐྱབ་མས་ཟེར་ཨིནམ་ད་ དཀའ་ངལ་དེ་ གནམ་འབྱར་ ཨ་རྟག་ར་ བྱུང་དོ་ཡོདཔ་ཨིན་རུང་ དཀའ་ངལ་དེ་ བསལ་མ་ཚུགས་པར་འདུག་ཟེར་ཨིན་པས།
ཨིན་རུང་ ས་འོག་ཆུ་དོང་གི་ ཆུ་སྐམ་ནི་ར་མེདཔ་ལས་ ཕན་ཐོགས་སྦོམ་འདུག་ཟེར་ཨིནམ་ད་ སྐྱེས་ལོ་༣༢ ལང་མི་ མ་དཱན་ཐ་པ་གིས་ ས་འོག་ཆུ་དོང་ནང་གི་ཆུ་དེ་ བསིལ་ཏོང་ཏོ་དང་ ཧིང་སངས་ས་འདུག་ཟེར་ཨིན་པས།
བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེའི་ བཀོད་ཁྱབ་བཟོ་རིག་འགོ་དཔོན་ ཡེ་ཤེས་རྡོ་རྗེ་གིས་འབད་བ་ཅིན་ མ་གཞི་ ཨ་རྟག་ར་ ཆུ་རུད་ལུ་བརྟེན་པའི་ དཀའ་ངལ་ཚུ་ ཐོན་ནི་ཡོད་རུང་ དུས་ཅི་གི་ཆུ་རུད་དེ་ ས་ཁོངས་གསརཔ་ནང་ལས་ ཐོན་ནུག་ཟེར་ཨིན་པས།
ད་ལྟོའི་གནས་སྟངས་ནང་ སྤྱི་ལོ་༢༠༠༠ ལུ་ ཁྲོམ་ཁར་ མི་གྲངས་༡,༥༠༠ གི་དོན་ལུ་ ལང་མིའི་འཐུང་ཆུ་ བཟོ་བཀོད་འབད་ཡོད་མི་ལས་ བཀྲམ་སྤེལ་འབད་དོ་ཡོདཔ་ཨིན་རུང་ ད་རེས་ནངས་པ་ ཁྲོམ་སྡེ་ནང་ མི་གྲངས་༨༠༠ དེ་ཅིག་ཡོདཔ་ད་ མ་འོངས་ལོ་༥ དེ་ཅིག་གི་ཤུལ་ལས་ ལག་ལེན་འཐབ་ཚུགས་ནི་ཨིན་མི་ ཆུ་ཉམས་བཅོས་ཁང་ཅིག་ གཞི་བཙུགས་འབད་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
འཐུང་ཆུ་ཉམས་བཅོས་ཁང་དེ་ མཇུག་བསྡུ་བའི་བསྒང་ལས་ ཁྲོམ་སྡེ་ནང་ ཉིནམ་རེ་ལུ་ ཆུ་ལི་ཊར་ས་ཡ་༣ རེ་ བཀྲམ་སྤེལ་འབད་ཚུགས་ནི་དང་ ད་ལྟོའི་གནས་སྟངས་ནང་ འཐུང་ཆུ་དེ་ ཉེ་འདབས་ཀྱི་ རོང་ཆུ་ནང་ལས་འཐེན་མི་དང་ ས་འོག་ལས་བཏོན་ཏེ་ བཀྲམ་སྤེལ་འབད་དོ་ཡོདཔ་ཨིན་པས།
ཡེ་ཤེས་རྡོ་རྗེ་གིས་འབད་བ་ཅིན་ པིན་ཅི་ནི་ སྒོ་ར་ཁའི་འོག་ལུ་ཡོད་པའི་ ས་འོག་ཆུ་དུང་དེ་ ཟད་འགྲོ་མ་དངུལ་ ས་ཡ་༨༠༠,༠༠༠ བཏང་ཐོག་ལས་ བཟོ་སྐྲུན་འབད་ཡོདཔ་ཨིན་རུང་ ཆརཔ་ཤུགས་སྦེ་ རྐྱབ་མི་ལུ་བརྟེན་ གནོད་སྐྱོན་བྱུང་སྟེ་ ཡོད་ཟེར་ཨིན་པའི་གནས་ཚུལ།

རྩོས་འབྲི་ལས་བྱེདཔ།

No comments:

Post a Comment