གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཤེལ་རྔཔོ་ཡུ་ནའི་ཊེཌ་གིས་ རྒྱལ་ཁ་ཐོབ་ཡོདཔ།

ཤེལ་རྔཔོ་ཡུ་ནའི་ཊེཌ་སྡེ་ཚན་གྱི་ མདའ་རྩེདཔ་ཅིག་གིས་ འབའ་གཏད་པའི་བསྒང་།
༉ སྤྱི་ཟླ་༦ པའི་ཚེས་༡༨ རེས་གཟའ་མིག་དམར་ལུ་ ལྕང་གླིང་མི་ཐང་གི་ མདའ་རྩེད་ཐང་ནང་སྦེ་ འབའ་སྐྱོར་ལྟག་གི་ནང་ ཤེལ་རྔཔོ་ཡུ་ནའི་ཊེཌ་དང་ ཨར་ཊི་སི་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ ཉིནམ་དང་པམ་ནང་ རྒྱལ་ཕམ་ཕྱེ་མ་ཚུགས་པར་ ཁ་ཙ་ འཕྲོ་མཐུད་རྩེད་འགྲན་འབདཝ་ད་ ཤེལ་རྔཔོ་ཡུ་ནའི་ཊེཌ་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།

དེ་ཡང་ ཉིནམ་དང་པའི་ནང་ ཨར་ཊི་སི་སྡེ་ཚན་གྱིས་ སྐུགས་དང་པ་ཆོད་པའི་སྐབས་ ཤེལ་རྔཔོ་ཡུ་ནའི་ཊེཌ་སྡེ་ཚན་གྱིས་ སྐུགས་༢༡ ལས་བརྒལ་ ཐོབ་མ་ཚུགསཔ་ད་ ཕྱི་རུ་ཆུ་ཚོད་༥ དང་སྐར་མ་༣༠ ལུ་དུས་ཚོད་ཚངམ་ད་ སྡེ་ཚན་༢ ཀྱི་ སྐུགས་༡༢ འདྲན་འདྲ་ཐོབ་ཡོདཔ་ཨིན་པས།
ཁ་ཙ་ དྲོ་པའི་ཆུ་ཚོད་༩ ལས་རྩེད་འགྲན་འགོ་བཙུགས་ཏེ་ ཉིན་མའི་ཆུ་ཚོད་༡༢ ཚུན་ རྩེད་འགྲན་འབདཝ་ད་ ཤེལ་རྔཔོ་ཡུ་ནའི་ཊེཌ་སྡེ་ཚན་གྱིས་ སྐུགས་ཆོདཔ་ད་ གཞན་མི་སྡེ་ཚན་གྱིས་ སྐུགས་༡༩ ལས་བརྒལ་ཐོབ་མ་ཚུགས།
སྡེ་ཚན་༢ ཀྱིས་ སྐུགས་རེ་རེ་འདྲན་འདྲ་ཆོད་པའི་ཤུལ་ལུ་ སྐུགས་གསུམ་པམ་གྱི་ དོན་ལུ་རྩེད་འགྲན་འབདཝ་ད་ ཤེལ་རྔཔོ་ཡུ་ནའི་ཊེཌ་སྡེ་ཚན་གྱིས་ མཇུག་གི་སྐུགས་དེ་ཡང་ཆོད་དཔ་ལས་ ཨར་ཊི་སི་སྡེ་ཚན་ལས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
ད་རེས་ཀྱི་ རྩེད་འགྲན་ནང་ གླིང་གེ་སར་དང་ རྒྱ་ཕབསི་སྡེ་ཚན་དང་ འབའ་སྐྱོར་གཞན་མིའི་ནང་ ཌི་ཇི་སྡེ་ཚན་དང་ དགའ་བའི་ཆ་རོགས་སྡེ་ཚན་ཚུ་གི་བར་ད་ རྩེད་འགྲན་འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment