གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སློབ་ཕྲུག་༤ གིས་ ཆེ་མཐོ་ཁྲིམས་འདུན་ལུ་མཐོ་གཏུགས།

༢༡/༠༦/༢༠༡༢  ༉ ན་ཧིང་ སྤྱི་ཟླ་༡༡ པའི་ནང་ དབྱངས་ཅན་ཕུག་ འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་རིམ་༡༢ པའི་ ཚན་རིག་ཆོས་ཚན་གྱི་ སློབ་ཕྲུག་༤ གིས་ སློབ་གྲྭའི་སྲུང་རྒྱབ་ཅིག་ བརྡུང་རྫོབ་འབད་མི་ལུ་བརྟེན་ འཕྲལ་ཁམས་ཅིག་ཁར་ ཐིམ་ཕུ་རྫོང་ཁག་ཁྲིམས་འདུན་གྱི་ ཁྲིམས་ཁྲི་དང་པ་གིས་ བཙོན་ཁྲིམས་ལོ་༢ དང་ ཟླཝ་༦ ལས་ ལོ་༥ འི་བར་ན་ བཀལ་ཡོདཔ་ལས་ ཉིནམ་དག་པ་ཅིག་གི་ཧེ་མར་ ཆེ་མཐོ་ཁྲིམས་ཀྱི་འདུན་ས་ལུ་ མཐོ་གཏུགས་འབད་ཡོདཔ་ཨིན་པས།


ཁོང་ཆ་ཁྱབ་ཀྱིས་ མཐོ་གཏུགས་འབད་དགོ་མི་དེ་ཡང་ ད་ལྟོ་ དཔེ་ཆ་ལྷབ་པའི་བསྒང་ཨིནམ་ལས་ འཕྲོ་མཐུད་ཤེས་ཡོན་སྦྱང་ནི་གི་ སྐྱིད་སྡུག་ཞུ་ནིའི་དོན་ལུ་ཨིན་པས།
ཁོང་སློབ་ཕྲུག་༤ གིས་ བཀོད་ཚོགས་ཆོས་རྒྱུགས་ཀྱི་ དྲི་ཤོག་ཚུ་ ཨར་རྐུན་འབད་ནིའི་དོན་ལུ་ དཔའ་བཅམ་པའི་སྐབས་ སློབ་གྲྭའི་སྲུང་རྒྱབ་དེ་ བརྡུང་རྫོབ་འབད་ཡོདཔ་ཨིན་པས།
རྫོང་ཁག་ཁྲིམས་འདུན་གྱིས་ འཁྲུན་ཆོད་བཏོན་པའི་ཤུལ་ལུ་ ཉེས་ཅན་སློབ་ཕྲུག་ཚུ་གིས་ སློབ་གྲྭའི་སྲུང་རྒྱབ་དེ་ལུ་ རྒུད་འཐུས་དངུལ་ཀྲམ་༢༧༢,༠༠༠ བྱིན་ཡོདཔ་ཨིན་པས།
དེ་བསྒང་སྲུང་རྒྱབ་དེ་ དབང་པོ་ལུ་ ཐོ་ཕོག་མི་ལུ་བརྟེན་ བརྡུང་རྫོབ་འབད་མི་ སློབ་ཕྲུག་༣ གྱིས་ ཉིན་གྲངས་༡༠ གྱི་ ནང་འཁོད་ལུ་ ཉིནམ་རེ་གི་ གླ་ཆ་རྩིས་རྐྱབ་སྟེ་ ལོ་༧ གྱི་གླ་ཆ་ བཏབ་དགོཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment