གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རང་སྲོག་བཅད་མི་ སློབ་ཕྲུག་བུཚ་གི་གནད་དོན་ ལོག་ཞིབ་དཔྱད་འབད་ནི།

༢༢/༠༦/༢༠༡༢   ༉ ཕུན་ཚོགས་གླིང་ལུ་ འདས་པའི་ཟླཝ་ནང་ རང་སྲོག་བཅད་མི་ སློབ་ཕྲུག་བུཚ་དེ་ སློབ་གྲྭའི་དབུ་འཛིན་ལུ་ལྟ་སྟེ་ འདྲོག་འཇིགས་འཐབ་པའི་ཤུགས་ཀྱིས་ རང་སྲོག་བཅད་ཡོདཔ་སྦེ་ ཚེ་འདས་བུཚ་གི་ ཨ་པ་གིས་ ཉོགས་བཤད་ཡི་གུ་བཙུགས་མི་ལུ་བརྟེན་ ཕུན་ཚོགས་གླིང་ཁྲིམས་སྲུང་འགག་པ་གིས་ ལོག་ཞིབ་དཔྱད་འབད་ནི་ཨིན་པས།


ཚེ་འདས་བུཚ་གི་ ཨ་པ་གིས་ སྤྱི་ཟླ་༦ པའི་ཚེས་༡༨ ལུ་ གནད་དོན་དེ་གི་སྐོར་ལས་ ཁྲིམས་སྲུང་འགག་པ་ལུ་ ཉོགས་བཤད་བཀོད་ཡོདཔ་ཨིན་པས།
ཨམ་སྲུ་དང་ཨ་ལུ་སྲུང་སྐྱོབ་སྡེ་ཚན་གྱི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ དབུ་འཛིན་དེ་ ད་ལྟོ་ དོ་དམ་ནང་མེད་ཟེར་ཨིནམ་ད་ སློབ་རིམ་༧ པའི་ སློབ་ཕྲུག་བུཚ་དེ་གིས་ སྤྱི་ཟླ་༥ པའི་ཚེས་༢༠ གི་ཕྱི་རུ་ སློབ་གྲྭའི་ཉལ་ཁྱིམ་ནང་ རང་སྲོག་བཅད་ཡོདཔ་ཨིན་པས།
གནས་ཚུལ་བཤད་མི་ཚུ་གིས་འབད་བ་ཅིན་ སྤྱི་ཟླ་༥ པའི་ཚེས་༡༩ ལུ་ ཚེ་འདས་དང་ ཁོ་རའི་ ཆ་རོགས་༢ སློབ་གྲྭ་ལས་ གནང་བ་མ་ལེན་པར་ ཁྱིམ་ནང་ བྱོག་སོང་བའི་ དེ་གི་ནངས་པར་ དབུ་འཛིན་གྱིས་ ཤེས་རྟོགས་བྱུང་སྟེ་ ཁོང་ལུ་ ཚོགས་བརྡ་བཏང་ཡོདཔ་ལས་ དེ་གི་ཕྱི་རུ་ར་ རང་སྲོག་བཅད་ནུག་ཟེར་ སླབ་ཨིན་པས།
དབུ་འཛིན་གྱིས་ ངག་བརྗོད་ནང་ བཀོད་དོ་བཟུམ་འབད་བ་ཅིན་ བྱོག་འགྱོ་མི་ཨ་ལུ་ཚུ་ལུ་ ཉལ་ཁང་གི་ དོ་དམ་གདོང་ཁར་ ཚོགས་བརྡ་བཏང་ཡོདཔ་མ་གཏོགས་ ཚེ་འདས་བུཚ་དེ་ རྐྱངམ་གཅིག་ལུ་ ཚོགས་བརྡ་མ་བཏང་ཟེར་ཨིནམ་ད་ ཁྲིམས་སྲུང་འགག་པ་ལུ་ ཚེ་འདས་ཀྱི་ ཆ་རོགས་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་ར་ སློབ་གྲྭ་དང་ ཁྱིམ་གཉིས་ཆ་ར་ མ་དགའ་བའི་སྐོར་ལས་ ཚར་ལེ་ཤ་ཅིག་ར་ སླབ་ཅི་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ དབུ་འཛིན་གྱིས་ ངོས་ལེན་འབད་མི་དེ་ རྩིགཔ་ཟ་བའི་ཤུགས་ཀྱིས་ འབད་ཡོད་པའི་ སྒྲུབ་བྱེད་ལེ་ཤ་ཡོདཔ་ལས་ ཞིབ་དཔྱད་མཐིལ་ཕྱིན་འབད་དགོཔ་འདུག་ཟེར་ཨིནམ་ད་ ཚེ་འདས་བུཚ་དེ་ གཞན་གྱིས་ བསད་པའི་དོགས་པ་མེད་རུང་ ཨ་པ་གིས་ ད་རུང་ ཞིབ་དཔྱད་འབད་དགོ་པའི་ རེ་འདོད་འདུག་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ དབུ་འཛིན་གྱིས་ ཚེ་འདས་བུཚ་དེ་ལུ་ ཕམ་འབོ་དགོཔ་སྦེ་ ཉེན་བརྡ་བྱིན་ནུག་ཟེར་ སླབ་ཡོདཔ་ལས་ དབུ་འཛིན་དང་ སློབ་དཔོན་ དེ་ལས་ སློབ་ཕྲུག་ཨ་ལུ་ཚུ་ལས་ ད་རུང་ ངག་བརྗོད་ལེན་ནི་ཟེར་ཨིན་པས།
ཨ་པ་གིས་བཙུགས་མི་ ཉོགས་བཤད་ཡི་གུ་དང་འཁྲིལ་བ་ཅིན་ ཚེ་འདས་ཀྱིས་ ཁོ་རའི་ ཆ་རོགས་ཚུ་ལུ་ ཁོ་རའི་ ཕམ་འབོ་སྟེ་ ངོ་ཚ་སྡོདཔ་ལས་ ཁོ་ར་ཤི་བ་ཅིན་ དྲག་ནི་མས་ཟེར་ སླབ་ནུག་ཟེར་ བཀོད་ཡོདཔ་ཨིན་པས།
སློབ་གྲྭའི་དབུ་འཛིན་གྱིས་ བརྒྱུད་འཕྲིན་ཐོག་ལས་ སླབ་དོ་བཟུམ་འབད་བ་ཅིན་ ཉེས་འཛུགས་འབད་མི་ཚུ་ མི་བདེན་ཟེར་ཨིནམ་ད་ ག་གིས་ཡང་ ཨ་ལུའི་ཁྱིམ་ནང་ དཀའ་ངལ་ཐོན་ཏེ་ སེམས་ཤི་ཡོད་པའི་སྐོར་ལས་ མི་ཤེས་པས་ཟེར་ ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment