གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དམག་མིའི་རྩིས་འཛིན་པ་ གར་སོང་མེད་པར་བྱང་ཡོདཔ།

༉ སྤ་རོ་ཤར་པ་ལུ་ འབྲུག་གི་བསྟན་སྲུང་དམག་སྡེའི་ གསེང་ཁ་༧ པའི་ རྩིས་འཛིན་པ་ཅིག་གིས་ ཟད་འགྲོ་མ་དངུལ་ལས་ དངུལ་ཀྲམ་འབུམ་༧ དེ་ཅིག་ སྒེར་སྤྱོད་འབད་བའི་ དོགས་པ་ཡོདཔ་བཞིན་དུ་ རྩིས་འཛིན་པ་དེ་ སྤྱི་ཟླ་༥ པའི་ཚེས་༧ ལས་ གར་སོང་མེད་པར་ བྱང་ཡོད་པའི་ ལོ་རྒྱུས་ཡོདཔ་ཨིན་པས།


རྩིས་འཛིན་པ་དེ་གིས་ མིང་རྟགས་ཚུ་ རྫུས་མ་རྐྱབ་ཐོག་ལས་ འབྲུག་གི་དངུལ་ཁང་ནང་ཡོད་མི་ དམག་སྡེའི་རྩིས་དེབ་ནང་ལས་ བཏོན་འབག་ཡོད་པའི་ དོགས་པ་ཡོདཔ་ཨིན་པས།
ལོ་རྒྱུས་དང་འཁྲིལཝ་ད་ ཁོ་གིས་ ཉིནམ་༡ ངལ་གསོ་ལེན་སྡོད་པའི་ཤུལ་ལུ་ བྱོག་ཡར་སོ་ནུག་ཟེར་ཨིནམ་ད་ ཀུར་སྟོད་ལས་ སྐྱེས་ལོ་༣༤ ལང་མི་ རྩིས་འཛིན་པ་གིས་ སྤ་རོ་ལུ་ཡོད་མི་ དངུལ་འབྲེལ་ལས་ཁང་ཚུ་ལས་ཡང་ སྐྱིན་འགྲུལ་དངུལ་ཀྲམ་འབུམ་༧ ལྷགཔ་ཅིག་ ལེན་འབག་ནུག་ཟེར་ཨིན་པས།
ཨ་ལུ་༢ ཀྱི་ ཨ་པ་ཨིན་མི་དེ་གིས་ ཁོ་རའི་ གནས་ཚང་༢ པ་དེ་ ཕུན་ཚོགས་གླིང་ཚུན་ ཁྱིད་སོང་བའི་ཤུལ་ལུ་ ཁོ་ར་ གར་སོང་མེད་པར་ ཡར་སོ་ནུག་ཟེར་ཨིན་པས།
རྩིས་འཛིན་པ་དེ་ བྱང་སྟོར་ཤོར་ཡོད་པའི་སྐོར་ སྤ་རོའི་ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ད་ ཀུན་གསལ་གྱིས་ གནད་དོན་དེ་གི་སྐོར་ལས་ ཤར་པ་ལུ་ དམག་སྡེའི་འགོ་དཔོན་ཚུ་དང་ བདེན་དཔྱད་འབད་ནི་གི་ དཔའ་བཅམ་རུང་ ཁོང་གི་ཁ་ཐུག་ལས་ ད་ལྟོ་ ག་ནི་ཡང་ སླབ་ཐབས་མེད་ཟེར་ སླབ་མི་ལུ་བརྟེན་ གཏན་འཁེལ་བཟོ་མ་ཚུགསཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment