གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གངས་ལས་བབས་མི་ གཙང་ཆུ་ཚུ་གིས་ རྒྱ་མཚོའི་མཐའ་མར་སྡོད་མི་ཚུ་ལུ་ ཉེན་འཚུབས།

རྒྱ་གར་གྱི་ བེ་ཨོཕ་བེང་གཱལ་མཚོ་གླིང།
༉ ཧི་མ་ལ་ཡ་གངས་རི་ལས་འབབ་མི་ གཙང་ཆུ་ཚུ་གིས་ གངས་རི་བདའ་སྟེ་ གནས་ཡོད་པའི་རྒྱལ་ཁབ་ཚུ་གིས་མ་ཚད་ རྒྱ་མཚོའི་མཐའམ་བདའ་སྟེ་ ཆགས་མི་རྒྱལ་ཁབ་ བང་ལ་དེཤི་དང་ ཤྲི་ལངྐ་ཚུ་ལུ་ གནོད་ཉེན་སྦོམ་སྦེ་རང་རྐྱབ་དོ་ཡོད་མི་དེ་ རྒྱལ་ཁབ་ཚུ་ མཚོའི་སྦོ་ལོགས་ཁར་ ཡོད་ནི་དེ་གིས་ཨིན་པས།


འཛམ་གླིང་གནམ་གཤིས་འགྱུར་བགྲོད་ བརྟག་ཞིབ་ཚོགས་པ་གིས་ སྙན་ཞུ་འབད་མི་དང་འཁྲིལཝ་ད་ འཛམ་གླིང་ཚ་དྲོད་ ཌི་གི་རི་སེལ་ཤི་ཡསི་༡.༡ ཡར་འཕར་འགྱོ་མི་ལུ་བརྟེན་ གཙང་ཆུའི་རྐ་འགོ་ལུ་ཡོད་པའི་ ཁྱེགས་དང་ ཁཝ་ཚུ་བཞུ་འགྱོཝ་ད་ རང་བཞིན་གྱི་རྐྱེན་ངན་ ཆུ་རུད་ཐོན་པའི་བསྒང་ལས་ མི་དང་སེམས་ཅན་ ལོ་ཐོག་ཚུ་ལུ་ གནོད་སྐྱོན་རྐྱབ་མ་ཚད་ མཚོའི་སྦོ་ལོགས་ཁར་སྡོད་མི་ རྒྱལ་ཁབ་ཚུ་ནང་ མཚོ་བྲེས་ཏེ་ ཚེ་སྲོག་ལུ་བར་ཆད་རྐྱབ་ཨིན་པས།
ཤྲི་ལངྐ་ལུ་འབད་བ་ཅིན་ མཚོ་བྲེས་མི་ལུ་བརྟེན་ ཆུ་ཞིང་ག་ར་འཕྱག་བདའ་སྟེ་ ལོ་ཐོ་འཛུགས་སྐྱོང་ལུ་དཀའ་ངལ་ཐོན་ཏེ་ ལོ་༥ དེ་ཅིག་སོང་ཡོདཔ་ད་ ཤྲི་ལངྐ་གི་རྒྱལ་ས་ ཀོ་ལམ་བོ་གི་ ལྷོ་ཕྱོགས་ཁ་ཐུག་གི་ དེན་ཡུ་མུ་ལ་གཡུས་ཚན་ནང་ ལྕང་ལཱ་རྐྱབ་མ་ཚུགས་པར་ ལོ་༣ ལྷགཔ་ཅིག་སོང་ཡོད་མི་དེ་ཡང་ ཆར་ཆུའི་དཀའ་ངལ་ལུ་བརྟེན་ཨིན་ཟེར་ཨིན་པས།
གཡུས་ཚན་དེ་ནང་ ཆུ་ཞིང་སྟོངམ་ལུས་མིའི་གྲས་ལས་གཅིག་ སྐྱེས་ལོ་༦༢ ལང་མི་ བཱན་དྷ་སི་ན་གི་ ཆུ་ཞིང་ཨིནམ་ད་ ཁོ་གི་ཆུ་ཞིང་ག་ར་ མཚོ་བྲེས་མི་ལུ་བརྟེན་ གནོད་སྐྱོན་རྐྱབ་ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཁོང་བཟའ་ཚང་༥ ས་གཞི་དེ་ལུ་བརྟེན་ སྡོད་མི་ཅིག་ཨིན་རུང་ ཐན་ཤུགས་དང་ མཚོ་བྲེས་མི་ལུ་བརྟེན་ བཟའ་འཐུང་མ་ལང་པའི་ དཀའ་ངལ་ཐོན་ཏེ་ ལོ་༢ དེ་ཅིག་སོང་བའི་ཤུལ་ལུ་ ཚོད་བསྲེ་བཙུག་ནི་འགོ་བཙུགས་མི་དེ་གིས་ དཀའ་ངལ་དུམ་གྲ་ཅིག་སེལ་ཚུགས་ཅི་ཟེར་ཨིན་པས།
གཡུས་ཚན་དེ་ཁར་ ཆུ་འབབ་སའི་རྐ་མེདཔ་ལས་ འཐུང་ཆུ་དང་ ཞིང་ཆུ་ག་ར་ ཆརཔ་ལུ་བརྟེན་དོ་ཡོད་རུང་ ཆརཔ་དུས་ཚོད་ཁར་རྐྱཔ་མ་བཏུབ་ལས་ ལོ་ཐོག་བཏབ་མ་ཚུགས་པའི་དཀའ་ངལ་ཐོནམ་མས་ཟེར་ཨིན་པས།
གཞུང་མིན་ལས་ཚོགས་ཅིག་ནང་ལཱ་འབད་མི་ གནམ་གཤིས་འགྱུར་བགྲོད་མཁས་མཆོག་ རཱ་ག་ པ་ལ་ཝ་ལ་གིས་འབད་བ་ཅིན་ དེ་བཟུམ་གྱི་དཀའ་ངལ་ཚུ་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་བྱུང་དོ་ཡོདཔ་སྦེ་སླབ་ཡོདཔ་བཞིན་དུ་ ཐན་ཤུགས་ཀྱི་དཀའ་ངལ་དེ་ འཛམ་གླིང་ནང་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་པའི་ སྤྱིར་བཏང་ཅིག་ཨིན་པས།
དཀའ་ངལ་ཚུ་བསལ་ཐབས་ལུ་ ཧི་མ་ལ་ཡ་གངས་རི་ལུ་སྡོད་མི་ རྒྱལ་ཁབ་ག་ར་ལུ་ཕོག་པའི་ འགན་ཁུར་ཅིག་ཨིན་ཟེར་ཨིནམ་ད་ དམིགས་བསལ་གྱི་ འབྲུག་ལས་འབབ་པའི་ གངས་རིའི་གཙང་ཆུ་གིས་ མཚོ་བྲེས་དོ་ཡོདཔ་ལས་ དོ་འགྲན་ཅན་གྱི་དཀའ་ངལ་གདོང་ལེན་འབད་དོན་ལུ་ ག་ར་གིས་ མཉམ་རུབ་འབད་དགོ་ཟེར་ཨིན་པས།
རྒྱལ་ཡོངས་རང་བཞིན་གནས་སྟངས་ལྷན་ཚོགས་ཀྱི་ གནམ་གཤིས་འགྱུར་བགྲོད་མཁས་མཆོག་ འཕྲིན་ལས་ཀྱིས་འབད་བ་ཅིན་ འབྲུག་གི་གཙང་ཆུ་ལུ་བརྟེན་  རྒྱ་མཚོ་བྲེས་ཡོདཔ་ལས་ རྒྱ་མཚོ་མཐའམ་བདའ་སྟེ་སྡོད་མི་ མི་དང་སེམས་ཅན་ཚུ་ལུ་ ཉེན་འཚུབས་སྦོམ་ར་ཡོདཔ་ལས་ རང་བཞིན་རྐྱེན་ངན་ སྔོན་འགོག་ཐབས་ལམ་གྱི་དོན་ལུ་ གྲོགས་རམ་འབད་དགོཔ་ཡོད་རུང་ འབྲུག་རྒྱལ་ཁབ་ཡང་ ཕྱིའི་གྲོགས་རམ་ལུ་བརྟེན་མི་ཅིག་འབད་ནི་དེ་གིས་ འབད་ཐབས་མིན་འདུག་ཟེར་ཨིན་པས།
འབྲུག་གི་གཙང་ཆུ་ཚུ་ རྒྱ་གར་ བེ་ཨོཕ་བེང་འགལ་དང་ ཨིན་ཌེ་ཡན་ཨོ་ཤིན་གྱི་ རྒྱ་མཚོ་ནང་ འབབ་དོ་ཡོདཔ་ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment