གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱ་གར་གྱི་ ལས་མི་༡ ལུ་ཤི་རྐྱེན།

༉ སྤྱི་ཟླ་༦ པའི་ཚེས་༧ གི་ ཕྱི་རུའི་ཆུ་ཚོད་༤ དེ་ཅིག་ཁར་ ཐིམ་ཕུ་ རཱམ་ཏོག་ཏོ་གི་ འཁོར་ལམ་འོག་ལས་མར་ རྒྱ་གར་གྱི་ མི་ཁུངས་ཨིན་མི་ ལས་མི་༢ རྦོབ་རིལ་སོང་མི་ལས་ སྐྱེས་ལོ་༤༥ ལང་མི་ ཕོ་སྐྱེས་ཅིག་ ས་གནས་ནང་ར་ ཁ་འཐུམ་མར་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།


སྐྱེས་ལོ་༡༨ ལང་མི་ ཕོ་སྐྱེས་གཞན་མི་དེ་ འཁོར་ལམ་འོག་ལས་མར་ ཕིཊ་༩༠ དེ་ཅིག་གི་ས་ཁར་ རྦོབ་རིལ་ཡོདཔ་ཨིན་རུང་ ཁོ་ལུ་ རྨ་སྐྱོན་དུམ་གྲ་ཅིག་ལས་ མ་བྱུང་ནི་དེ་གིས་ ཐིམ་ཕུ་འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ལས་ ཁ་ཙ་ལོག་བཏང་ཡོདཔ་ཨིན་པས།
ཁོང་༢ ཆ་ར་ རཱམ་ཏོག་ཏོ་ལུ་ གི་རིཕ་ལས་འགུལ་གྱི་ ལཱ་འབད་སྡོད་མི་ཅིག་ཨིནམ་ད་ ཚེ་འདས་ཕོ་སྐྱེས་དེ་ རྒྱ་གར་གྱི་ས་གནས་ ཇཱལ་པའི་གུ་རི་ལས་ཨིནམ་ད་ སྐྱེས་ལོ་༡༨ ལང་མི་ ཕོ་སྐྱེས་གཞན་མི་དེ་ རྒྱ་གར་གྱི་ ས་མཚམས་ཁྲོམ་སྡེ་ ཇའི་སྒང་ལས་ཨིན་པས།
ཁྲིམས་སྲུང་འགག་པ་ལུ་ ངག་བརྗོད་བཀོད་མི་དང་འཁྲིལཝ་ད་ ཁོང་༢ ཀྱིས་ རམ་ཏོག་ཏོ་ལུ་ ཆང་ཁང་ཅིག་ནང་ ཆང་འཐུང་ཞིནམ་ལས་ ལོག་ཁྱིམ་ནང་ འགྱོ་བའི་ལམ་ཁར་ ཆང་གིས་ འགྲངས་སོཔ་ལས་ ཁོང་༢ ཆ་ར་ ལམ་འོག་ལས་མར་ རྦོབ་རིལ་སོ་ཡི་ཟེར་ཨིན་པས།
ཚེ་འདས་ཀྱི་ཕུངམ་དེ་ ཁྲིམས་སྲུང་འགག་པ་གིས་ ཁོ་རའི་ བཟའ་ཚང་ལུ་ རྩིས་སྤྲོད་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ གནད་དོན་དེ་གི་སྐོར་ལས་ ཞིབ་དཔྱད་འབད་བའི་བསྒང་ ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment