གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྲོམ་སྡེའི་འགྲུལ་འཁོར་བཱསི་གི་ལམ་ཕྱོགས་ཚུ་ ཨང་གྲངས་ཐོག་ལས་ ལམ་སྟོན་འབད་ནི།

༡༥/༠༦/༢༠༡༢   ༉ ཐིམ་ཕུ་ཁྲོམ་ནང་འཁོད་ཀྱི་ སྐྱེལ་འདྲེན་བཱསི་ཚུ་ལུ་ ཨང་གྲངས་ཚུ་སྦྱར་ནི་ཨིནམ་ལས་ ད་ལས་ཕར་ འགྲོ་འགྲུལ་འབད་མི་ཚུ་གིས་ བཱསི་ཚུ་ ས་གནས་ག་ཏེ་ལུ་འགྱོ་མི་ཨིན་ན་ འཇམ་ཏོང་ཏོ་སྦེ་ ཧ་གོ་ཚུགས་ནི་ཨིན་པས།


དེ་ཡང་ ཁ་ཙ་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ མཐའ་བཅད་བཟོ་མི་ ཁྲོམ་སྡེའི་སྐྱེལ་འདྲེན་བཱསི་གི་ འགྲོ་འགྲུལ་འབད་མི་ ལམ་ཕྱོགས་༨ ཀྱི་ས་ཁྲ་ གསལ་སྟོན་འབད་མི་དང་འཁྲིལ་ བཱསི་ཚུ་ལུ་ ཨང་གྲངས་༡ ལས་༨ ཚུན་རེ་ སྦྱར་ནི་ཨིན་པས།
ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ སྐྱེལ་འདྲེན་གཙོ་འཛིན་འགོ་དཔོན་འོགམ་ ཀརྨ་སྤེན་པ་གིས་ གསལ་སྟོན་འབད་མི་ ས་ཁྲ་དང་འཁྲིལཝ་ད་ བར་སྦིས་ས་ལས་ འབྱུང་བཞི་ནང་དང་ པཱམ་འཚོ་ཚུ་ནང་ བཱསི་ཨང་གྲངས་༡ འབད་མི་ཚུ་གིས་ འགྲུལ་བསྐྱོད་འབད་ནི་ཨིན་པས།
བཱསི་ཨང་གྲངས་༢ པ་ཚུ་གིས་ བར་སྦིས་ས་ལས་ མུ་ཏིག་ཐང་དང་ བཱསི་ཨང་གྲངས་༣ པ་ཚུ་གིས་ བདེ་ཆེན་ཆོས་གླིང་ལས་ མུ་ཏིག་ཐང་ དེ་ལས་ བཱསི་ཨང་གྲངས་༤ པ་གིས་ བདེ་ཆེན་ཆོས་གླིང་ལས་ ཁྲོམ་སྡེའི་བཱསི་བཞག་ས་བརྒྱུད་དེ་ བདེ་ཆེན་ཆོས་གླིང་ལུ་འགྱོ་ནི་ཨིན་པས།
བཱསི་ཨང་གྲངས་༥ པ་གིས་ བར་སྦིས་ས་ ཁྲོམ་སྡེའི་བཱསི་བཞག་ས་ སེམས་རྟོག་ཁ་ དེ་ལས་ ལུང་བསྟན་ཕུག་ཚུ་ནང་ འགྲུལ་བསྐྱོད་འབད་ནི་དང་ བཱསི་ཨང་གྲངས་༦ པ་གིས་ ཁྲོམ་སྡེའི་བཱསི་བཞག་ས་ལས་ ལྕང་འབངས་འབྲུ་ཟམ་བརྒྱུད་དེ་ འབྲུག་སློབ་གྲྭ་ ཨ་ནེམོ་གྲྭ་ཚང་དང་ གཟི་ལུང་ཁ་ཚུ་ནང་ འགྲོ་འགྲུལ་འབད་ནི་ཨིན་པས།
དེ་བཟུམ་སྦེ་ བར་སྦིས་ས་ལས་ མགྱོགས་ལམ་བརྒྱུད་དེ་ རྟ་རྦབ་དང་ ཐིམ་ཕུ་ཚོད་བསྲེ་ཁྲོམ་ཚུ་ནང་འགྱོ་བ་ཅིན་ བཱསི་ཨང་གྲངས་༧ པའི་ནང་ འགྱོ་དགོཔ་ད་ ཁྲོམ་སྡེའི་བཱསི་བཞག་ས་ལས་ ནོར་འཛིན་ལམ་བརྒྱུད་དེ་ ཀ་ཝང་བྱང་ས་ལུ་འགྱོ་བ་ཅིན་ བཱསི་ཨང་གྲངས་༨ པའི་ནང་ འགྲུལ་བསྐྱོད་འབད་དགོཔ་ཨིན་པས།
ཁ་ཙ་ བརྒྱུད་འབྲེལ་ལྷན་ཁག་ནང་སྦེ་ བརྡ་བརྒྱུདཔ་ཚུ་དང་གཅིག་ཁར་ ཞལ་འཛོམས་ཅིག་འཚོགས་པའི་སྐབས་ བརྒྱུད་འབྲེལ་བློན་པོ་ ནཱན་ད་ལཱལ་རའི་གིས་ད་རེས་ཀྱི་ མཐའ་བཅད་ ལམ་འགྲུལ་ས་ཁྲ་དེ་ བཟོ་ནིའི་དོན་ལུ་ མི་སེར་ཚུ་དང་ཡང་ གྲོས་བསྟུན་འབད་ཡོདཔ་ལས་ བྱ་སྟབས་མ་དེཝ་ མི་འཐོན་ཟེར་ཨིནམ་ད་ གལ་སྲིད་ དཀའ་ངལ་ཨ་ཙི་རེ་འཐོན་རུང་ དེ་ཚུ་ལུ་གདོང་ལེན་འབད་དགོ་ཟེར་ཨིན་པས།
ཀརྨ་སྤེན་པ་གིས་འབད་བ་ཅིན་ ད་རེས་ཀྱི་ མཐའ་བཅད་ས་ཁྲ་བཟོ་བའི་སྐབས་ལུ་ ཧེ་མ་ འབྲུག་འགྲེམ་གྱིས་ བཟོ་མིའི་ས་ཁྲ་ཚུ་ནང་ དུམ་གྲ་རེ་བསྒྱུར་བཅོས་འབད་མི་དེ་ཡང་ བཱསི་བཀག་སའི་ས་ཁོངས་ ལ་ལུ་ཅིག་ བཏོན་བཏང་མི་དང་ ལ་ལུ་ཅིག་ གསརཔ་བཙུགས་ཏེ་ཡོད་མི་ཚུ་ཨིན་ཟེར་ཨིན་པས།
ཁོ་གིས་ དཔེ་འབད་བ་ཅིན་ ཐིམ་ཁྲོམ་ལས་ བདེ་ཆེན་ཆོས་གླིང་ལུ་ འགྱོ་བའི་སྐབས་ གླང་ཇོ་ཕར་ཁ་ བཱསི་བཀག་ས་ རྒྱལ་ཡོངས་ཚོགས་སྡེའི་ཡིག་ཚང་གི་འོག་ལུ་༡ དང་ གཞན་མི་དེ་ རྒྱལ་ཡོངས་ཚོགས་ཁང་གི་ལྟག་ལུ་ཡོད་མི་༢ ཐག་ཉེ་སུ་སྦེ་ཡོདཔ་ལས་ རྒྱལ་ཡོངས་ཚོགས་སྡེའི་ཡིག་ཚང་འོག་གི་ ས་ཁོངས་དེ་ ཆ་མེད་བཏང་ཡི་ཟེར་ཨིན་པས།
ད་རེས་ ལམ་ཕྱོགས་རེ་རེ་བཞིན་དུ་ནང་ བཱསི་ཨང་གྲངས་ ག་ཅི་བཟུམ་ཅིག་གིས་ འགྲུལ་སྐྱོད་འབད་ནི་ཨིན་ན་དང་ དུས་ཚོད་ཚུ་གི་སྐོར་ལས་ འགྲུལ་འཁོར་བཱསི་བཀག་ས་ཚུ་ནང་ ཞབས་ཏོག་བྱིན་མི་ཚུ་གིས་ སྦྱར་ནི་ཨིནམ་ལས་ འགྲོ་འགྲུལ་འབད་མི་ཚུ་ལུ་ ཕན་ཐོགས་སྦོམ་བྱུང་ཚུགས་ཟེར་ཨིན་པས།
ད་ལྟོའི་གནས་སྟངས་ནང་ འབྲུག་འགྲེམ་གྱི་ བཱསི་༡༩ དང་ སྒེར་གྱི་ལས་སྡེ་ མེ་ཏོག་དང་ གསེར་ཉ་སྐྱེལ་འདྲེན་༢ བསྡོམས་ཏེ་ བཱསི་༡༠ རྩིསཝ་ད་ བསྡོམས་ཀྱིས་ བཱསི་༢༩ ཡོདཔ་ཨིན་རུང་ ཁྲོམ་ནང་འཁོད་ཀྱི་ སྐྱེལ་འདྲེན་ཞབས་ཏོག་ གོང་འཕེལ་གཏང་ནིའི་དོན་ལུ་ བཱསི་ཐེབས་བཙུག་ནི་ལུ་ རྩ་འགེངས་དོ་ཟེར་ འགོ་དཔོན་ཚུ་གིས་ སླབ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment