གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བདུན་ཕྲག་གནས་ཚུལ།

གནས་སྐབས་ཅིག་ བཙོན་ནང་ལས་བཏང་ཡོདཔ།

༉ བདུན་ཕྲག་འདི་ནང་ མངོན་མཐོ་ཁྲིམས་འདུན་གྱིས་ ཀེ་གངས་རི་བཟོ་སྐྲུན་ལས་སྡེའི་ཇོ་བདག་ ཀརྨ་དགེ་ལེགས་དབང་ཕྱུག་ལུ་ གནས་སྐབས་ཅིག་ བཙོན་ཁང་ནང་ སྡོད་མ་དགོ་པའི་ གནང་བ་གནང་ནུག།



དེ་ཡང་ ཆེ་མཐོ་ཁྲིམས་འདུན་གྱིས་ ཧེ་མའི་ཟླཝ་ནང་ ཁག་འབགཔ་ཀརྨ་དགེ་ལེགས་དབང་ཕྱུག་ལུ་ ཡིག་ཆ་རྫུས་བཟོ་དང་ གཡོ་སྒྱུ་ལག་ལེན་ རྫུན་ཞུགས་གནས་ཚུལ་སྙན་ཞུ་འབད་བའི་ ཉེས་པ་ལུ་བརྟེན་ ལོ་༣ ཡངས་ཆག་མེད་པར་ བཙོན་ཁྲིམས་བཀལ་བའི་ཤུལ་ལུ་ ཁོ་གིས་ མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་དེ་ ཁོ་ར་ གནས་སྐབས་ཅིག་ བཙོན་ནང་ལས་ གཏང་དགོ་པའི་ གསོལ་ཞུ་འབད་མི་དང་འཁྲིལ་ཨིན་པས།
ཁག་འབགཔ་དེ་གིས་ ཁེ་རྒུད་མ་བཏུབ་པར་ མཐོ་གཏུགས་འབད་མི་དེ་ཡང་ ན་ཧིང་ སྤྱི་ཟླ་༨ པའི་ཚེས་༥ ལུ་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ཁྲིམས་འདུན་གྱིས་ ཁོ་ལུ་ བཙོན་ཁྲིམས་ཟླ་ངོ་༦ བཀལ་ཡོད་རུང་ ཉེས་བཤེར་འབད་མི་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཁྲིམས་ཀྱི་བྱ་རིམ་དང་འཁྲིལ་ ཞག་དུས་༡༠ ནང་མིན་པར་ ཉིན་གྲངས་༡༧ གྱི་ཤུལ་ལས་ མཐོ་གཏུགས་འབད་ནི་དེ་གིས་ཨིན་པའི་གནས་ཚུལ།

ཨ་པ་ངོས་འཛིན་གྱི་བརྟག་དཔྱད་༣ པ།


༉ ལོ་༣ གྱི་ཧེ་མར་ མོང་སྒར་ལུ་ སློབ་ཕྲུག་བུམོ་སྐྱེས་ལོ་༡༦ ལང་མི་ཅིག་གིས་ ཨ་ལུ་བུམོ་ཅིག་ སྐྱེས་ཡོད་རུང་ ཁ་ཉེས་ཕོག་མི་ ས་འཇལ་པ་དེ་གིས་ ཨ་ལུའི་ཨ་པ་ ཁོ་མེན་ཟེར་ སླབ་མི་ལུ་བརྟེན་ ཨ་པ་ངེས་བདེན་ཨིན་མིན་ ཚན་རིག་ཐོག་ལས་ བལྟ་ནིའི་དོན་ལུ་ ཁྲག་གི་དཔེ་ཚད་ བརྟག་དཔྱད་འབད་བར་ ཤཱྲི་ལངྐ་ལུ་ བཏང་ཡོདཔ་ཨིན་པས།
འདི་འབདཝ་ད་ ཌི་ཨེན་ཨེ་གི་ ཚན་རིག་བརྟག་ཞིབ་སྙན་ཞུའི་ནང་ ཨ་ལུའི་ཨ་པ་ ཁོ་མེནམ་སྦེ་ ཐོན་སོཔ་ལས་ ཁྲིམས་འདུན་གྱིས་ ཉེས་གྲོལ་བཏང་པའི་ཤུལ་ལས་ བུམོ་དེ་གི་ ངོ་ཚབ་ལུ་ རི་ནིའུ་ཟེར་མི་ ཨམ་སྲུ་ཆ་བཞག་དང་ ལྕོགས་གྲུབ་ཡར་སྐྱེད་ཀྱིས་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་དེ་ ཚན་རིག་གི་ བརྟག་དཔྱད་ཐེངས་༢ པ་འབདཝ་ད་ ད་རུང་ ས་འཇལ་པ་དེ་ ཨ་ལུའི་ཨ་པ་མེནམ་སྦེ་ ཐོན་སོཔ་ལས་ ཆེ་མཐོ་ཁྲིམས་འདུན་གྱིས་ རི་ནིའུ་ལུ་ འབའ་དང་ཉེས་བྱ་ དངུལ་ཀྲམ་༩,༥༠༠ བཀལ་ནུག།
ཨིན་རུང་ རི་ནིའུ་དེ་ ཚན་རིག་གི་ བརྟག་དཔྱད་སྙན་ཞུ་ལུ་ བློ་མ་བདེ་བར་ བདུན་ཕྲག་ཧེ་མའི་ནང་ གྲངས་མང་ཁྲིམས་ཁྲི་ལུ་ མཐོ་གཏུགས་འབད་དེ་ ཌི་ཨེན་ཨེ་གི་ བརྟག་དཔྱད་ཐེངས་༣ པ་དེ་ ཤྲི་ལངྐ་ལུ་མིན་པར་ རྒྱལ་ཁབ་སོ་སོ་ཅིག་ནང་ འབད་གནང་དགོ་པའི་ ཞུ་བ་ཕུལ་ཡོད་པའི་གནས་ཚུལ།

No comments:

Post a Comment