གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྲ་ཆས་རྫུས་མ་ཚུ་ ནང་འདྲེན་གྱི་ ཐབས་བྱུས་གསརཔ།

༉ རྒྱལ་ཁབ་ནང་ སྲ་ཆས་རྫུས་མ་ཚུ་ ནང་འདྲེན་བཀག་སྲུང་གི་ཐབས་ལམ་ལུ་ ད་ལས་ཕར་ འབྲུག་རྩིས་དཔྱད་བཀོད་འཛིན་གྱི་ ལག་ཁྱེར་ལེན་ཐོག་ལས་ དེ་ནང་བཀོད་པའི་ ཐོ་དང་འཁྲིལ་ཏེ་མ་གཏོགས་ སྲ་ཆས་ཚུ་ ག་ལྷོད་སྦེ་ མཁོ་སྒྲུབ་འབད་མི་ཆོག་ནི་ཨིན་པས།


སྤྱི་ཟླ་༥ པའི་ནང་ འབྲུག་རྩིས་དཔྱད་བཀོད་འཛིན་གྱིས་ གནང་བ་གྲུབ་མི་ ཁྱིམ་བཟོ་དང་ གློག་མེའི་ ཅ་ཆས་ཚུ་བསྟན་རྒྱས་ལྷན་ཁག་གིས་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།
དེ་བཟུམ་མའི་ལམ་ལུགས་གསརཔ་དེ་ མགུ་རྙོགས་པའི་ གཞི་ཅིག་ལས་མིན་འདུག་ཟེར་ སྲ་ཆས་ཚོང་འབྲེལ་འཐབ་མི་ མང་ཤོས་ཅིག་གིས་སླབ་ཨིན་པས།
སྲ་ཆས་ཚོང་ཁང་ཇོ་བདག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཅ་ཆས་ལྷམ་པ་མ་འདྲཝ་༥,༠༠༠ དེ་ཅིག་ ཉོ་འདྲེན་འབད་ནི་ཨིན་པ་ཅིན་ དེ་ཚུ་ག་ར་ སྦུང་ཚོང་སྦེ་ ལག་ཁྱེར་ལེན་ནི་ལུ་བྱ་སྟབས་མ་བདེཝ་འབྱུང་ནི་ཨིནམ་ད་ལྷག་པར་དུ་ཚོང་སྡེ་སྦོམ་ཚུ་གིས་ ཁྲོམ་ཆུང་ཚུ་ནང་ སྤྲོ་བ་མི་སྐྱེད་པས་ཟེར་ཨིན་པས།
སྦུང་ཚོང་གི་ ལག་ཁྱེར་ལེན་དགོཔ་འདྲཝ་ཅིག་འབད་བ་ཅིན་ ཚོང་སྡེའི་ ཁྱད་ཚད་དང་འཁྲིལ་པའི་ ཅ་ཆས་ཚུ་ མཁོ་མངགས་འབད་དགོཔ་མ་ཚད་ བསིལ་ཚོང་འཐབ་མི་ཚུ་ཡང་ སྦུང་ཚོང་གི་གྲས་ཁར་ ཚུད་ནི་མས་ཟེར་ཨིན་པས།
ཁོང་གི་ཚོང་ཁང་ནང་ཡོད་མི་ ཅ་ཆས་མང་ཤོས་ཅིག་ ཐོ་ནང་ཚུད་དེ་མེདཔ་མ་ཚད་ འབྲུག་རྩིས་དཔྱད་བཀོད་འཛིན་གྱི་ ཐོ་ནང་ཚུད་མི་སྲ་ཆས་ལ་ལུ་ཅིག་ རྣམ་ཅོག་གིས་ར་ མ་གོ་མི་ཡང་འདུག་ཟེར་ སྲ་ཆས་ཚོང་པ་གིས་ སླབ་ཨིན་པས།
ད་ལྟོ་ འབྲུག་རྩིས་དཔྱད་བཀོད་འཛིན་ནང་ སྲ་ཆས་༡༠༠ དེ་ཅིག་ ཐོ་ནང་བཀོད་དེ་ཡོདཔ་ད་ འབྲུག་རྩིས་དཔྱད་བཀོད་འཛིན་གྱི་ མདོ་ཆེན་ ཕུན་ཚོགས་དབང་འདུས་ཀྱིས་འབད་བ་ཅིན་ ག་དེམ་ཅིག་སྦེ་ སྦུང་ཚོང་རྐྱབ་མི་ ལས་སྡེ་ཚུ་གིས་ བཀྲམ་སྤེལ་འབད་ནི་ལུ་ དང་འདོད་བསྐྱེད་པ་ཅིན་ ཅ་ཆས་ཚུ་ སྤུས་ཚད་དང་ ལྡན་པའི་ལག་ཁྱེར་ཚུ་དགོ་ཟེར་ཨིན་པས།
ད་ལྟོ་ ཅ་ཆས་ཀྱི་ སྤུས་ཚད་ལྟ་རྟོག་འབད་ནི་གི་ འཕྲུལ་ཆས་མེད་དེ་འབད་རུང་ ཡིག་ཐོ་བཀོད་དེ་ཡོད་མི་དེ་ལུ་ ཆ་བཞག་ཐོག་ལས་ འབད་དོ་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ ཚོང་སྡེ་སྦོམ་ དཔེར་ན་ ཊ༌ཊ་དང་ ཇིན་དཱལ་ཚུ་གིས་ ཚོང་འབྲེལ་འཐབ་པ་ཅིན་ སྲ་ཆས་ཀྱི་ ཚོང་དཔོན་ཁོང་ར་དང་གཅིག་ཁར་ འབྲེལ་བ་འཐབ་དགོཔ་ཁག་ཆེ་ཟེར་ མདོ་ཆེན་གྱིས་ སླབ་ཨིན་པས།
འབྲུག་རྩིས་དཔྱད་བཀོད་འཛིན་གྱི་འགན་ཁུར་དེ་ གཙོ་བོ་ར་ སྲ་ཆས་ཀྱི་ སྤུས་ཚད་ཚུ་ ལྟ་རྟོག་འབད་དེ་ ངོས་ལེན་འབད་ནི་དེ་ ཨིན་ཟེར་ཨིན་པས།
རྒྱལ་ཁབ་ནང་ ནང་འདྲེན་འཐབ་ཡོད་མིའི་ སྲ་ཆས་བརྒྱ་ཆ་༨༠ དེ་ཅིག་ རྫུས་མ་ཨིན་མས་ཟེར་ མདོ་ཆེན་ཕུན་ཚོགས་དབང་འདུས་ཀྱིས་ སླབ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment