གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མོ་བཏབ་ཀྱི་གློག་ཐག་རཝ་ ཕན་ཁྱད་ཅན།

༉ ཧཱ་དཀར་འཚོ་རྒེད་འོག་གི་ སྤྱི་འོག་༢ ནང་ ལོ་ཐོག་བསྲུང་ནིའི་དོན་ལུ་ མོ་བཏབ་ཀྱི་ གློག་ཐག་རཝ་རྐྱབ་སྟེ་ཡོད་མི་དེ་གིས་ རི་དྭགས་སེམས་ཅན་ཚུ་ བསྲུང་ནི་ལུ་ ཕན་ཐོགས་པ་གིས་མ་ཚད་ ལོ་ཐོག་ཚུ་ལུ་ གནོདཔ་བཀལ་མི་ སྒོ་ནོར་སེམས་ཅན་ཚུ་ཡང་ བཀག་ཚུགས་དོ་ཡོདཔ་ཨིན་པས།


མ་གཞི་ གློག་ཐག་རཝ་དེ་གིས་ ལོ་ཐོག་ཚུ་ལུ་ གནོདཔ་བཀལ་མི་ སེམས་ཅན་ཚུ་ ཕན་ཐོགས་དོ་ཡོདཔ་ཨིན་རུང་ དུས་ཅི་ ཀེ་བ་བཙུགས་ཏེ་ ཟླཝ་༢ ལང་རུང་ དུས་ཚོད་ཁར་ ཆརཔ་རྐྱབ་མ་བཏུབ་མི་ལུ་བརྟེན་ མི་སེར་སོ་ནམ་པ་ཚུ་ ཚ་གྱང་ལང་དོ་ཡོདཔ་ཨིན་པས།
ཨ་རྟག་འབད་བ་ཅིན་ ཀེ་བ་བཙུགས་ཞིནམ་ལས་ ཟླཝ་ཕྱེད་དང་༢ དེ་ཅིག་ཁར་ མེ་ཏོག་ཤར་ནིའི་ དུས་ཚོད་ཨིནམ་བཞིན་དུ་ གལ་སྲིད་ ཆརཔ་རྐྱབ་པ་ཅིན་ ཀེ་བའི་ཐོན་ཤུགས་ ལེགས་ཤོམ་འོང་ནི་ལུ་ ཕན་ཐོགས་འབྱུང་ནི་ཨིན་པས།
ས་དམར་རྒཔོ་ ཚེ་དབང་རྟ་མགྲིན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཟླཝ་དང་པའི་ ཟླ་ཕྱེད་ལས་ ཀེ་བ་བཙུགས་ཡོདཔ་ཨིན་རུང་ དུས་ཚོད་ཁར་ ཆརཔ་མ་རྐྱབ་ནི་དེ་གིས་ དུས་ཅི་ ཀེ་བའི་ཐོན་སྐྱེད་ ག་དེ་སྦེ་འོང་ག་ཟེར་བའི་ ཚ་གྱང་ལངམ་མས་ཟེར་ཨིན་པས།
ཨིན་རུང་ ཉིནམ་༢ དེ་ཅིག་གི་ ཧེ་མ་ལས་ ཆརཔ་དུམ་གྲ་རེ་ རྐྱབ་མི་ལུ་བརྟེན་ ཁ་རྗེ་བཟང་ཡི་ཟེར་ཨིན་པས།
དཀར་འཚོ་ལས་ བསོད་ནམས་ཚེ་རིང་གིས་ གཡུས་མི་ཚུ་གི་དོན་ལུ་ དངུལ་ཐོག་གཙོ་བོ་ར་ ཀེ་བ་འབད་ནི་དེ་གིས་ ཀེ་བའི་ཐོན་སྐྱེད་ལེགས་ཤོམ་མེདཔ་ད་ ལྷག་པར་དུ་ ཚ་གྱང་ལངམ་མས་ཟེར་ སླབ་ཨིན་པས།
ཀེ་བའི་ཞིང་ནང་ ཆུ་དཔག་གེ་ཟེར་རུང་ ཆུ་ཐག་རིང་ནི་དེ་གིས་ ལཱ་ཁག་རྐྱབ་མས་ཟེར་ཨིན་པས།
དཀར་འཚོ་རྒཔོ་ ཁྱུང་བདུད་ཀྱིས་འབད་བ་ཅིན་ ཀེ་བ་བཙུགས་པའི་ཉིནམ་ལས་ ཟླཝ་༢ དེ་ཅིག་ ཆརཔ་མ་རྐྱབ་རུང་ ད་རེས་ ཉིནམ་༣ དེ་ཅིག་ ཆརཔ་དུམ་གྲ་རེ་རྐྱབ་མི་དེ་གིས་ ཀེ་བའི་ཐོན་སྐྱེད་ལུ་ ཐོ་མི་ཕོགཔ་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གློག་ཐག་རཝ་བསྒོར་མི་དེ་གིས་ མི་དང་ སེམས་ཅན་ཚུ་གི་ ཚེ་སྲོག་ལུ་ ཉན་ཁ་མེད་པ་ལུ་བརྟེན་ཏེ་ ལག་ལེན་འཐབ་ནི་ལུ་ བྱ་སྟབས་བདེ་བས་ཟེར་ སླབ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment