གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་ངོ་༢༤ གིས་ གཞི་གནས་གསལ་སྟོན་མ་འབད་བར་ཡོདཔ།

༉ སྤྱི་ལོ་༢༠༡༡ གི་ གཞི་གནས་དང་ འཁྲི་བའམ་བུ་ལོན་ཚུ་ གསལ་སྟོན་མ་འབད་མི་དང་ ཡང་ཅིན་ བརྡ་དོན་གནས་ཚུལ་ཚངམ་སྦེ་ མ་བཙུགས་མིའི་ཐོ་ནང་ སྤྱི་ཚོགས་ཀྱི་ འཐུས་མི་༢ དང་ རྫོང་ཁག་ཚོགས་སྡེའི་ཁྲི་འཛིན་༤ དྲང་དཔོན་༦ ཁྲོམ་དཔོན་༡  དེ་ལས་ གཞུང་མིན་ལས་ཚོགས་ཀྱི་ ཁྲི་འཛིན་དང་ ངོ་ཚབ་༡༡ (མིང་ཐོ་ཚུ་ ཐིག་ཁྲམ་ནང་གཟིགས) ཡོདཔ་ཨིན་པས།


དེ་ཡང་ གཞི་གནས་དང་ འཁྲི་བ་ཚུ་ གསལ་སྟོན་མ་འབད་མི་ འགོ་ཐོག་སྐབས་ མི་མང་ལས་གཡོགཔ་༣༢ ཡོད་མི་ལས་༧ གྱིས་ སྤྱི་ལོ་༢༠༡༢ ཟླཝ་༥ པའི་ནང་ གཞི་གནས་གསལ་སྟོན་གྱི་ ཡིག་ཆ་ཚུ་ བཙུགས་ཡོདཔ་ཨིན་པས།
ཁ་ཙ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཡོངས་འབྲེལ་འཆར་སྒོའི་ནང་ སྤྱི་ལོ་༢༠༡༡ ལོའི་ གཞི་གནས་གསལ་སྟོན་གྱི་ སྙན་ཞུ་མདོར་བསྡུས་ཅིག་ བཙུགས་མིའི་ནང་ དུས་ཚོད་ཁར་ གསལ་སྟོན་མ་འབད་མི་ཚུ་ལུ་ གཞི་གནས་གསལ་སྟོན་བཅའ་ཡིག་༢༠༡༢ ཅན་མ་དང་འཁྲིལ་ ཉེས་ཆད་ཕོག་འོང་ཟེར་བཀོད་ནུག།
མི་ཚུ་གིས་ གཞི་གནས་གསལ་སྟོན་གྱི་ ཞག་དུས་འབྱིད་ཞིནམ་ལས་ ཉིན་གྲངས་༣༠ གི་ནང་འཁོད་ལུ་ གསལ་སྟོན་འབད་མ་ཚུགས་པའི་ རྒྱུ་མཚན་དང་བཅས་པའི་ འོས་ཁུངས་བཀལ་མ་ཚུགས་པ་ཅིན་ རྒྱལ་ཡོངས་ལས་མིའི་གླ་ཆ་ལུ་ གཞི་བཞག་སྟེ་ ཉིནམ་རེ་ལུ་ ཉེས་ཆད་དངུལ་ཀྲམ་༡༠༠ རེ་ ཕོག་ནི་ཨིན་པས།
བསྒྱུར་བཅོས་འབད་མི་ སྤྱི་ལོ་༢༠༡༢ ཀྱི་ གཞི་གནས་གསལ་སྟོན་གྱི་ བཅའ་ཡིག་དང་འཁྲིལ་ མི་མང་ལས་གཡོགཔ་༣༣༡ སྤྱི་གཡོགཔ་དབྱེ་སྡེའི་གྲངས་སུ་ཚུད་མི་ལས་༣༠༠ གིས་ སྤྱི་ཟླ་༣ པའི་ཚེས་༣༡ གི་ཞག་དུས་དང་ ཟླཝ་༡ ཡུན་སེང་གི་ དུས་ཚོད་ནང་ རང་སོའི་གཞི་གནས་དང་ འཁྲི་བ་ཚུ་ གསལ་སྟོན་འབད་ཡོདཔ་ལས་ གཞི་གནས་གསལ་སྟོན་གྱི་ བཅའ་ཡིག་ལུ་གནས་མིའི་ཚད་ བརྒྱ་ཆ་༩༠.༣༣ ལུ་ལྷོད་ཡོདཔ་ཨིན་པས།
མི་གྲངས་༢༥༤ གིས་ སྤྱི་ཟླ་༣ པའི་ཚེས་༣༡ གི་ནང་འཁོད་ལུ་ གསལ་སྟོན་འབད་ཡོདཔ་མ་ཚད་༤༥ གིས་ ཞག་དུས་ཚང་སྟེ་ ཡུན་སེང་གི་དུས་ཚོད་ཟླཝ་༡ གི་ནང་འཁོད་ལུ་ གསལ་སྟོན་འབད་ཡོདཔ་ཨིན་པས།
དབྱེ་སྡེ་དེ་ནང་ཚུད་མི་༡༨༨ ཀྱིས་ བརྡ་དོན་ཡོངས་འབྲེལ་ཐོག་ལས་དང་ མི་མང་ལས་གཡོགཔ་མེན་མི་༡༠,༦༣༥ གིས་ རང་གསོའི་གཞི་གནས་ཚུ་ གསལ་སྟོན་འབད་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment