གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨར་རྐུན་འབད་མི་ ཁྲིམས་སྲུང་འགག་པ་ སྤེལ་རྒྱབ་ཅིག་ དོ་དམ་འོག་ལུ་བཙུགས་ཡོདཔ།

༡༤/༠༦/༢༠༡༢   ༉ ཐིམ་ཕུ་ཁྲིམས་སྲུང་འགག་སྡེ་ལས་ ཁྲིམས་སྲུང་འགག་པ་ སྤེལ་རྒྱབ་ཅིག་གིས་ ཨར་རྐུན་འབད་མི་ལུ་བརྟེན་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ བཙུགས་ཡོདཔ་ཨིན་པས།
ཀུར་སྟོད་ལས་ཨིན་མི་ ཁྲིམས་སྲུང་འགག་པ་དེ་ དོ་དམ་འོག་ལུ་བཙུགས་ཏེ་ བདུན་ཕྲག་༡ དེ་ཅིག་ ལང་ཡོདཔ་ཨིན་པས།



ཨིན་རུང་ ཐིམ་ཕུའི་ ཁྲིམས་སྲུང་འགག་པ་ཚུ་གིས་འབད་བ་ཅིན་ ད་ལྟོ་ཚུན་ ཁྲིམས་དང་འགལ་བའི་ ལཱ་ངན་འབད་མི་ ཁྲིམས་སྲུང་འགག་པ་ ཕུད་རྡོག་ཅིག་ཡང་ འཛིན་བཟུང་འབད་འབདཝ་མེད་ཟེར་ ཕྲང་སྟེ་ སླབ་མི་བཏུབ་པས།
གནས་ཚུལ་བཤད་མི་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁྲིམས་སྲུང་འགག་པ་ སྤེལ་རྒྱབ་དེ་ ད་ལྟོ་ ཞིབ་དཔྱད་མཐིལ་ཕྱིན་ འབད་ནིའི་དོན་ལུ་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ བཙུགས་བཞག་ནུག་ཟེར་ཨིན་པས།
ཨར་རྐུན་གྱི་ གནད་དོན་ཐོག་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་སྐབས་ སྤེལ་རྒྱབ་དེ་གི་ ཁྱིམ་ནང་ལས་ འགྲུལ་འཕྲིན་མོ་བཱ་ཡེལ་ལ་སོགས་པའི་ ཅ་ཆས་ཚུ་ ཐོབ་ནུག་ཟེར་ ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment