གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སཱེ་ཋི་ཁ་རི་གི་ གཙང་ཆུའི་མཐའམ་བདའ་སྟེ་ གནས་སྐབས་ཆུ་བྱག་གི་དཀའ་ངལ།

ཆུ་རུད་ཀྱིས་མེདཔ་བཏང་མི་ སཱེ་ཋི་ཁ་རི་གཙང་ཆུ།
༡༦/༠༦/༢༠༡༢   ༉ དགེ་ལེགས་ཕུག་ མོའུ་ཁོ་ལ་གི་ ཡན་ལག་ཅིག་ཨིན་མི་ སཱེ་ཋི་ཁ་རི་གི་ གཙང་ཆུའི་མཐའམ་བདའ་སྟེ་ གནས་སྐབས་ཆུ་རུད་བཀག་ཐབས་ཀྱི་ཆུ་བྱག་གི་ ལཱ་ཚུ་བསྣར་འགྱངས་སྦེ་ལུས་མི་གིས་ མི་སེར་ཚུ་ལུ་ ཚ་གྱང་ལང་དོ་ཡོདཔ་ཨིན་པས།


མི་སེར་ཚུ་ལུ་ ཚ་གྱང་ལང་དགོ་མིའི་གནད་དོན་གཙོ་བོ་དེ་ ན་ཧིང་ལོ་ལུ་ གནས་སྐབས་ཀྱི་ ཆུ་རུད་བཀག་ཐབས་ཀྱི་ཆུ་བྱག་རྐྱབ་ནིའི་ལཱ་མཇུག་བསྡུ་སྟེ་ ཟླཝ་༡ གི་ནང་འཁོད་ལུ་ར་ གཙང་ཆུ་གིས་ འཕྱག་བདའ་ཡར་སོ་ནི་དེ་གིས་ཨིནམ་ད་  ཟད་འགྲོ་དངུལ་ཀྲམ་ས་ཡ་༦ གནས་མི་ གཙང་ཆུའི་ཆུ་བྱག་ཀི་ལོ་མི་ཊར་༣.༥ འབད་མི་དེ་ མ་རྐྱབ་པ་ཅིན་ བྱེམ་དང་ རྡོ་གིས་གང་སྟེ་ཆུ་རུད་འོང་ཉེན་ལས་བཀག་འཐབ་འབད་བའི་ཁར་ དགེ་ལེགས་ཕུག་ དྲུང་ཁག་གི་ བཟོ་རིག་འགོ་དཔོན་གིས་འབད་བ་ཅིན་ ལཱ་བརྒྱ་ཆ་༩༠ དེ་ཅིག་ བསྒྲུབས་ཚར་བའི་ཤུལ་ལུ་ ཆུ་རུད་ཀྱིས་ འཕྱག་བདའ་ཡར་སོ་ཡི་ཟེར་ཨིན་པས།
སཱེ་ཋི་ཁ་རི་གཡུས་ཚན་ལས་ སྐྱེས་ལོ་༤༩ ལང་མི་ ཧཱ་རི་ཅཱན་ད་ར་ཀཕ་ལེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཧེ་མ་འབད་དོ་བཟུམ་གྱི་ལཱ་ཚུ་ ལོག་སྟེ་ར་འབད་བ་ཅིན་ གཞུང་གི་མ་དངུལ་ཆུད་ཟད་བཏངམ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གཞུང་གི་ཁ་ཐུག་ལས་ མི་སེར་གྱི་དཀའ་ངལ་སེལ་ཐབས་ལུ་ ཚ་གྱང་འབག་སྟེ་ གྲོགས་རམ་སྦོམ་འབད་དོ་ཡོདཔ་ཨིན་རུང་ ས་གནས་འགོ་ཁྲིདཔ་ཚུ་གིས་ ལག་ལེན་སྒྲིང་སྒྲིང་ཅིག་འབད་མི་ཚུགས་པས་ཟེར་ཨིན་པས།
མི་སེར་ཚུ་གིས་འབད་བ་ཅིན་ ཁོང་གིས་ རྒེད་འོག་རྒཔོ་འབད་སར་སོང་ཞིནམ་ལས་ ཧེ་མ་བཟུམ་སྦེ་ གནས་སྐབས་ཀྱི་ ཆུ་བྱག་མེདཔ་རྐྱབ་ནི་མེན་པར་ གཏན་འཇགས་ཀྱི་རྩི་སའི་རྩིགཔ་རྐྱབ་པ་ཅིན་ ཟད་འགྲོ་འཕྲོ་བརླག་མི་འགྱོ་ཟེར་སླབ་པའི་ཁར་ དེ་གི་སྐོར་ལས་ རྫོང་ཁག་ཚོགས་འདུའི་ནང་ བཙུགས་དགོཔ་སྦེ་ ཚར་ལེ་ཤ་ཅིག་ར་ ཞུ་བ་འབད་ཡི་ཟེར་ཨིན་པས།
ཧེ་མ་བཟུམ་སྦེ་ར་ གནས་སྐབས་ཀྱི་ཆུ་བྱག་ བཟོ་སྐྲུན་འབད་ནི་ཨིན་པ་ཅིན་ གཞུང་གིས་ མ་དངུལ་ཆུད་ཟད་འགྱོ་འོང་ཟེར་ འཇིགས་མེད་བསྟན་འཛིན་གྱིས་བཤདཔ་ཨིན་པས།
དགེ་ལེགས་ཕུག་ དྲུང་པ་པདྨ་དབང་འདུས་ཀྱིས་འབད་བ་ཅིན་ མ་གཞི་ གཏན་འཇགས་ཀྱི་ ཆུ་བྱག་རྐྱབ་པ་ཅིན་ དེ་གིས་ ཕན་ཐོགས་འབྱུང་ནི་ཨིན་རུང་ ཆུ་བྱག་བཟོ་སྐྲུན་གྱི་ལཱ་འབད་ནི་དེ་ རྫོང་ཁག་དང་ ཁྲོམ་སྡེ་ དེ་ལས་ དྲུང་ཁག་གསུམ་ ག་ལུ་ཕོག་པའི་འགན་ཁུར་ཨིན་ན་ ཧ་གོ་མ་ཚུགས་ཟེར་ཨིན་པས།
སྐལ་བཟང་རྡོ་རྗེ་གིས་འབད་བ་ཅིན་ ག་དེམ་ཅིག་སྦེ་ གཏན་འཇགས་ཀྱི་ རྩི་སའི་རྩིགཔ་བཟོ་སྐྲུན་འབད་རུང་ གཙང་ཆུ་གིས་འབག་འོང་མི་ རག་རོ་གིས་གང་ནི་མས་ཟེར་ཨིན་པས།
དེ་ཡང་ གནམ་འབྱ་ཆུ་གིས་གང་དོ་ཡོདཔ་ཨིན་རུང་ གནམ་དགུན་གྱི་སྐབས་ལུ་ ཆུ་མེད་པར་ སྐམ་སྦེ་ལུས་ནི་མས་ཟེར་ཨིན་པས།
ཨིན་རུང་ གཏན་འཇགས་ཀྱི་ རྩི་སའི་རྩིགཔ་བཟོ་སྐྲུན་འབད་ནིའི་དོན་ལུ་ ཐིམ་ཕུ་ལས་ མཁས་མཆོག་ཚུ་ འོང་ཞིནམ་ལས་ ས་ཁོངས་ལྟ་རྟོག་འབད་ཡོདཔ་མ་ཚད་ ཁོང་གིས་ ཧེ་མ་ ཆུ་རུད་ལས་བརྟེན་པའི་ རག་རོ་ཚུ་ བཀོ་ས་ཡང་ འཚོལ་དགོ་པའི་སྐོར་ལས་སླབ་ཅི་ཟེར་ སྐལ་བཟང་རྡོ་རྗེ་གིས་བཤདཔ་ཨིན་པའི་གནས་ཚུལ།

རྩོམ་བྲིས་ལས་བྱེདཔ།

No comments:

Post a Comment