གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནས་ཚུལ་མདོར་བསྡུས།

རང་ཟླ་༤ པའི་ཚེས་༡༥ ལུ་ བསྟན་པའི་དུས་ཆེན་ལྔ་འཛོམས་ཨིནམ་བཞིན་དུ་ སྤ་རོ་དང་རྒྱལ་ས་ལྟེ་བ་ དེ་ལས་ ཉེ་འདབས་ཀྱི་རྫོང་ཁག་ཚུ་ནང་ལས་ དད་ཅན་ སྟོང་ཕྲག་མ་ལངམ་ཅིག་གིས་ གུ་རུ་རིན་པོ་ཆེའི་སྦས་གནས་ སྤ་རོ་སྟག་ཚང་ལུ་ གནས་མཇལ་བར་འོང་ཡོདཔ་ཨིན་པས། དད་ཅན་ཚུ་གིས་ དང་པར་ གུ་རུ་རྡོ་རྗེ་གྲོ་ལོད་སྒྲུབ་ཁང་དང་ དེ་ལས་ གུ་རུ་གསུང་བྱོན་མ་ལྷ་ཁང་ དེ་བཟུམ་སྦེ་ སྟག་ཚང་སེང་གེ་བསམ་གྲུབ་ཟེར་ ཧེ་མ་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ ཕུར་པའི་སྒྲུབ་ཁང་ཡོད་སའི་ གནས་ཆེན་ཚུ་གིས་གཙོས་པའི་ གནས་གཞན་དང་ ནང་རྟེན་ཚུ་ལས་དབང་ཞུ་ཡོདཔ་ཨིན་པས། ཐོ་བཀོད་དང་འཁྲིལཝ་ད་ གནས་ཆེན་དེ་ནང་ ཉིན་བསྟར་བཞིན་དུ་ འབྲུག་མི་༥ དང་༡༠ གྱི་བར་་ན་ འོང་དོ་ཡོདཔ་མ་ཚད་ ད་རེས་ནངས་པ་ ཕྱིའི་ལྟ་བཤལ་པ་ ༤༠ དང་༥༠ འི་བར་ན་ འོང་དོ་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment