གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཁབ་ནང་ ལཱ་གཡོག་གི་ དཀའ་ངལ་གསལ་སྟོན་སྙན་ཞུ།

༉ ལཱ་གཡོག་ལས་ཁུངས་ལས་ ལཱ་གཡོག་གནས་རིམ་བརྡ་དོན་སྡེ་ཚན་གྱིས་ སྤྱི་ལོ་༢༠༡༡ ཟླ་༤ པའི་ ཞིབ་དཔྱད་ཐེངས་༩ པའི་ གྲུབ་འབྲས་གསལ་སྟོན་སྙན་ཞུ་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ ལཱ་གཡོག་མེད་པའི་དཀའ་ངལ་མཐོ་ཤོས་དེ་ སྤྱི་ལོ་༢༠༠༩ ལུ་བརྒྱ་ཆ་༤ ཡོད་མི་ལས་ སྤྱི་ལོ་༢༠༡༡ ལུ་ བརྒྱ་ཆ་༣.༡ ལུ་ མར་ཕབ་འབད་ཡོད་པའི་གསལ་སྟོན་བྱུང་ནུག།


དེ་ཡང་ རྒྱལ་ཁབ་ཀྱི་ འཆར་གཞི་བཅུ་པའི་དམིགས་ཡུལ་དང་འཁྲིལ་ ལྷན་ཁག་དང་ ལས་ཁུངས་ ལས་འཛིན་ སྒེར་སྡེ་ བར་འབྲེལ་ལས་སྡེ་ དེ་ལས་ གཞུང་མིན་ཚོགས་སྡེ་ཚུ་གིས་ འགན་འཁྲི་འབག་ཐོག་ལས་ མི་སེར་དང་ ན་གཞོན་ཚུ་ལུ་ ལཱ་གཡོག་གོ་སྐབས་ཀྱི་དོན་ལུ་ སྲིད་བྱུས་དང་ ལམ་སྟོན་ དེ་ལས་ སྦྱོང་བརྡར་སྣ་ཚོགས་འགོ་འདྲེན་འཐབ་མི་ལུ་བརྟེན་ཏེ་ཨིན་པས།
སྤྱི་ལོ་༢༠༠༣ ལུ་ ལཱ་གཡོག་མེད་པའི་དཀའ་ངལ་དེ་ བརྒྱ་ཆ་༡.༨ ཡོདཔ་ད་ སྤྱི་ལོ་༢༠༠༤ བརྒྱ་ཆ་༢.༥ སྤྱི་ལོ་༢༠༠༦ ལུ་ བརྒྱ་ཆ་༣.༢ སྤྱི་ལོ་༢༠༠༧ ལུ་བརྒྱ་ཆ་༣.༧ སྤྱི་ལོ་༢༠༠༩ ལུ་བརྒྱ་ཆ་༤ སྤྱི་ལོ་༢༠༡༠ ལུ་བརྒྱ་ཆ་༣.༣ དེ་ལས་ སྤྱི་ལོ་༢༠༡༡ ལུ་བརྒྱ་ཆ་༣.༡ སྦེ་ཡོདཔ་ཡོདཔ་ཨིན་པས།
རྒྱལ་ཁབ་ཀྱི་ ཁྲོམ་སྡེ་ཚུ་ནང་འབད་བ་ཅིན་ ལཱ་གཡོག་མེད་པའི་དཀའ་ངལ་ བརྒྱ་ཆ་༥.༨ དང་ གྲོང་གསེབ་ནང་ བརྒྱ་ཆ་༢.༡ ཡོདཔ་ད་ རྒྱལ་ཁབ་ཀྱི་གནས་རིམ་ནང་ ལཱ་གཡོག་མེད་པའི་དཀའ་ངལ་དེ་ ཕོ་སྐྱེས་དང་ཕྱདཔ་ད་ ཨམ་སྲུ་མཐོ་སུ་སྦེ་ཡོདཔ་བཞིན་དུ་ བརྒྱ་ཆ་ལས་འབད་བ་ཅིན་ ཨམ་སྲུ་ལཱ་གཡོག་མེད་མི་བརྒྱ་ཆ་༤.༥ དང་ ཕོ་སྐྱེས་བརྒྱ་ཆ་༡.༨ ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༡ ནང་ ལཱ་གཡོག་མེད་མི་ སྐྱེས་ལོ་༢༠-༢༤ འི་བར་ན་འབད་མི་ལས་ ཨམ་སྲུ་བརྒྱ་ཆ་༡༢.༡ དང་ ཕོ་སྐྱེས་བརྒྱ་ཆ་༧.༡ ཡོད་པའི་ཁར་ སྐྱེས་ལོ་༡༥ དང་༡༩ འི་བར་ན་འབད་མི་ལས་ ཨམ་སྲུ་བརྒྱ་ཆ་༧.༦ དང་ བུཚ་བརྒྱ་ཆ་༦.༡ ཡོད་པའི་གསལ་སྟོན་བྱུང་ཡོདཔ་ཨིན་པས།
སྐྱེས་ལོ་༢༥ དང་༢༩ འི་བར་ན་འབད་མི་ ཨམ་སྲུ་ལཱ་གཡོག་མེད་མི་བརྒྱ་ཆ་༧.༧ དང་ ཕོ་སྐྱེས་བརྒྱ་ཆ་༧.༡ སྐྱེས་ལོ་༣༠-༣༤ འི་བར་ནང་འབད་མི་ ཨམ་སྲུ་བརྒྱ་ཆ་༤.༤ ཕོ་སྐྱེས་བརྒྱ་ཆ་༡.༢ སྐྱེས་ལོ་༣༥ ལས་༣༩ འི་བར་ནང་འབད་མི་ ཨམ་སྲུ་བརྒྱ་ཆ་༢.༩ ཕོ་སྐྱེས་བརྒྱ་ཆ་༠.༩ ཡོདཔ་ཨིན་པས།
ཞིབ་དཔྱད་གསལ་སྟོན་དང་འཁྲིལཝ་ད་ གཞུང་དང་ སྒེར་སྡེ་ ལས་སྡེ་ ལས་འཛིན་ དེ་ལས་ གཞུང་མིན་ཚོགས་སྡེ་ཚུ་ནང་ ལཱ་གཡོག་ཐེབས་འབད་ནི་ལུ་ སྤྲོ་བ་ཡོད་མི་ བརྒྱ་ཆ་༡༥.༨ དེ་ཅིག་འདུག་ཟེར་ཨིན་པས།
ལཱ་གཡོག་བརྟག་ཞིབ་ལས་སྡེ་གིས་ རྒྱལ་ཁབ་ནང་ སྤྱི་ལོ་༢༠༡༡ གི་ མི་རློབས་ཀྱི་ཚོད་རྩིས་ནང་ མི་གྲངས་༧༡༣,༣༠༠ དང་འཁྲིལ་ཏེ་ ཞིབ་དཔྱད་འབད་ཡོདཔ་ད་ དེ་གི་གྲས་ལས་ ཕོ་སྐྱེས་༣༤༨,༡༠༠ དང་ ཨམ་སྲུ་༢༦༤,༡༠༠ ཡོད་མི་ལས་ སྤྱི་ལོ་༢༠༡༠ ལུ་ གྲོང་གསེབ་ནང་ སྡོད་མི་ བརྒྱ་ཆ་༦༩.༢ ཡོད་རུང་ སྤྱི་ལོ་༢༠༡༡ ལུ་ བརྒྱ་ཆ་༦༨.༤ ལུ་ མར་བབས་སོང་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༠ ལུ་ ཁྲོམ་སྡེ་ནང་ སྡོད་མི་ བརྒྱ་ཆ་༣༠.༨ ཡོད་མི་ལས་ སྤྱི་ལོ་༢༠༡༡ ལུ་ བརྒྱ་ཆ་༣༡.༥ ལུ་ཡར་སེང་སོང་ཡོདཔ་ཨིན་པས།
སྙན་ཞུ་གྲུབ་འབྲས་དེ་ལུ་བརྟེན་ གཞུང་དང་སྒེར་ ལས་སྡེ་ ལས་འཛིན་ དེ་ལས་ གཞུང་མིན་ཚོགས་པའི་འགོ་དཔོན་ཚུ་གིས་ རྒྱལ་ཁབ་ཀྱི་ སྲིད་བྱུས་དང་ འཆར་གཞི་ དེ་ལས་ ལས་རིམ་ཚུ་དང་འཁྲིལ་ དཔལ་འབྱོར་ལོངས་སྤྱོད་དང་ བདེ་སྐྱིད་ མི་སྡེ་ལུ་ ག་དེ་སྦེ་ཕན་ཐོགས་ཏེ་ ཡོད་ག་ ཤེས་ཚུགས་ནིའི་དོན་ལུ་ ཨིན་པས།
དེ་བཟུམ་སྦེ་ སྲིད་བྱུས་དང་འཆར་གཞི་བརྩམ་མི་ གཞུང་གི་དབུ་འཁྲིདཔ་དང་ འགོ་དཔོན་ཚུ་གིས་ ད་ལས་ཕར་ སྙན་ཞུ་གྲུབ་འབྲས་དེ་དང་འཁྲིལ་ འཆར་གཞི་དང་སྲིད་བྱུས་བརྩམ་ནི་ལུ་ ལྷན་ཐབས་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment