གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཡཱལ་ཨེཕ་སི་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཡོདཔ།

ཡཱལ་ཨེཕ་སི་དང་ རཱ་བཱེན་སྡེ་ཚན་གཉིས་ཀྱི་བར་ན་ རྩེད་འགྲན་འབད་བའི་བསྒང་།
༉ ཐིམ་ཕུ་ལྕང་ཇི་ཇི་གི་ ཕུཊ་བཱོལ་རྩེད་ཐང་ནང་སྦེ་ འགོ་འདྲེན་འཐབ་མི་ སྡེ་ཚེན་ཁ་པའི་རྩེད་འགྲན་དེ་ ཁ་ཙ་ ཡཱལ་ཨེཕ་སི་དང་ རཱ་བཱེན་སྡེ་ཚན་གཉིས་ཀྱི་བར་ན་ རྩེད་འགྲན་འབད་ཐོག་ལས་ ལིག་སྐོར་ཐེངས་དེ་ མཇུག་བསྡུ་བའི་སྐབས་སུ་ ཡཱལ་ཨེཕ་སི་སྡེ་ཚན་གྱིས་ གཱོལ་༤ བཙུགས་ཏེ་ ར་བཱེན་སྡེ་ཚན་དེ་ ཕམ་བཏང་ཡོདཔ་ཨིན།

རྩེད་འགྲན་འགོ་བཙུགས་ཏེ་ དུས་ཡུན་སྐར་མ་གཅིག་མ་འགྱོཝ་ལས་ ཡཱལ་ཨེཕ་སི་སྡེ་ཚན་གྱིས་ ཨིསི་ཊེ་ཀར་ ཀུན་ལེགས་རྣམ་རྒྱལ་གྱིས་ གཱོལ་དང་པ་བཙུགས་ཡོདཔ་ཨིན་པས།
ད་རུང་ དུས་ཡུན་སྐར་མ་༡༢ ནང་འཁོད་ལུ་ སྡེ་ཚན་དེ་གིས་ རྩེད་འགྲན་པ་གིས་ གཱོལ་༢ པམ་དེ་བཙུགས་ཅི།
ར་བཱེན་སྡེ་ཚན་གྱིས་ དོ་འགྲན་ཅན་གྱི་ཐོག་ལུ་ རྩེད་འགྲན་འབད་རུང་ གཞན་མི་སྡེ་ཚན་དེ་ སྒྲིང་སྒྲིང་ཡོད་མི་ལུ་བརྟེན་ གཱོལ་བཙུག་ནིའི་གོ་སྐབས་ཐོབ་མ་ཚུགས་པས།
ཕན་ཚུན་སྡེ་ཚན་གཉིས་ཀྱི་བར་ན་ རྩེད་འགྲན་འབད་དེ་ དུས་ཡུན་སྐར་མ་༡༧ དང་༢༠ ལུ་གཱོལ་རེ་རེ་བཙུགས་ཡོད་པའི་ཁར་ བར་མཚམས་ངལ་གསོ་མ་རནམ་ཅིག་ཁར་ ཀུན་ལེགས་རྣམ་རྒྱལ་གྱིས་ གཱོལ་༡ བཙུགས་མི་ ཡོདཔ་ཨིན་པས།
ནངས་པ་ལས་ མཐའ་བཅད་འོག་མའི་རྩེད་འགྲན་འབད་ནི་ཨིནམ་ད་ རྩེད་འགྲན་དང་པའི་ནང་ རིག་གཞུང་དང་ འབྲུག་ཨིསི་ཊར་སྡེ་ཚན་གཉིས་ཀྱི་བར་ན་ ཕྱི་རུའི་ཆུ་ཚོད་༢ ལས་འགོ་བཙུག་ནི་དང་ རྩེད་འགྲན་གཉིས་པ་དེ་ འབྲུག་ཡུ་ནའི་ཊེཌ་དང་ ཊནསི་པོརཊ་ཡུ་ནའི་ཊེཌ་སྡེ་ཚན་གཉིས་ཀྱི་བར་ན་ རྩེ་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment