གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨ་པ་གིས་ བུམོ་ལུ་ དབང་བཙོང་ལུས་འབྲེལ་འབད་ནིའི་དཔའ་བཅམ།

༉ སྤྱི་ཟླ་༥ པའི་ཚེས་༤ ལུ་ མོང་སྒར་ཁྲོམ་གྱི་ ཉེ་འདབས་ལུ་ ས་གནས་ལྕང་ཤིང་སྤེག་ཟེར་ས་ལུ་ སྐྱེས་ལོ་༥༧ ལང་མི་ ཕོ་སྐྱེས་ཅིག་གིས་ སྐྱེས་ལོ་༡༥ ལང་མི་ ཁོ་རའི་བུམོ་ལུ་ དབང་བཙོང་ལུས་འབྲེལ་འབད་ནིའི་ དཔའ་བཅམ་མི་ལུ་བརྟེན་ མོང་སྒར་ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ བཙུགས་ཡོདཔ་ཨིན་པས།


བྱ་ངན་དེ་ཡང་ ཉིན་མའི་ཆུ་ཚོད་ ཕྱེད་དང་༡༢ དེ་ཅིག་ཁར་ བྱུང་ཡོདཔ་ད་ དེ་བསྒང་ ཕོ་སྐྱེས་དེ་གི་གནས་ཚང་དང་ མོང་སྒར་འབྲིང་རིམ་སློབ་གྲྭ་གོང་མའི་ནང་ ད་ལྟོ་ དཔེ་ཆ་ལྷབ་པའི་བསྒང་ཡོད་མི་ ཁོ་རའི་ བུམོ་གཞན་མི་དེ་ ཁྱིམ་ནང་མེདཔ་ཨིན་རུང་ དབང་པོ་ལུ་ཐོ་ཕོག་མི་ ཁོང་རའི་ བུམོ་ཅིག་ཡོད་མི་དེ་ ཁྱིམ་གྱི་ཁང་མི་ཅིག་ནང་ རྒྱང་མཐོང་ཊི་བི་ལྟ་སྡོདཔ་ད་ བྱ་ངན་འབད་བའི་སྐོར་ལས་ སློབ་ཕྲུག་བུམོ་དེ་གིས་ ཤེས་གསལ་བྱུང་ནི་དེ་གིས་ དེ་འཕྲོ་ལས་ ཨའི་ལུ་ བརྡ་སླབ་པའི་ཤུལ་ལས་ ཨའི་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
ཀུན་གསལ་གྱིས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ དབང་བཙོང་ལུས་འབྲེལ་འབད་ནི་ལུ་ དཔའ་བཅམ་མི་ ཕོ་སྐྱེས་དེ་ ཨ་རྟག་ར་ ཆང་འཐུང་སྡོད་མི་ཅིག་ཨིནམ་ད་ ཁོ་རའི་ བུམོ་དེ་ ཁ་སླབ་མ་ཤེས་པའི་ཁར་ རྣམ་ཅོ་བྱ་རྡུགས་ཨིནམ་མ་ཚད་ ལམ་ཡང་ འགྱོ་མ་ཚུགས་མི་ཅིག་ཨིནམ་ད་ བུམོ་དེ་ ཐ་ན་ ཆབ་གསང་ཡང་ འབད་མ་ཤེས་མི་ཅིག་ཨིན་པས།
ཨ་ལུ་ཚུ་གི་ ཨའི་དེ་ མོང་སྒར་དགྲ་མེད་རྩེ་ན་རང་ལས་ཨིནམ་ད་ ཕོ་སྐྱེས་དེ་ བཀྲིས་སྒང་ཕོངས་མེད་ལས་ཨིན་རུང་ ཁོ་ར་ གཡོག་ནང་ལས་ སྒྲིག་ལོ་ཚང་སྟེ་ ད་རེས་ནངས་པ་ མོང་སྒར་ལས་ བཀྲིས་སྒང་ལུ་འགྱོ་སའི་ གཞུང་ལམ་གྱི་ལྟག་ལུ་ ལྕང་ཤིང་སྤེག་ཟེར་ས་ལུ་ ཁོང་རའི་ ས་ཆ་ཡོད་མི་ནང་ སྦ་སྒོར་ཅིག་རྐྱབ་སྟེ་ སྡོད་དོ་ཡོདཔ་ཨིན་པས།
བྱུང་རྐྱེན་དེ་གི་སྐོར་ལས་ ད་ལྟོ་ མོང་སྒར་ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་ད་ མོང་སྒར་རྫོང་ཁག་ནང་ དེ་བཟུམ་མའི་ དབང་བཙོང་ལུས་འབྲེལ་གྱི་ བྱུང་རྐྱེན་དེ་ དུས་ཅི་ ཐེངས་༣ པ་ ཨིན་པའི་གནས་ཚུལ།

བདེ་ཆེན་ཚེ་རིང་།

No comments:

Post a Comment