གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩེད་འགྲན་གྱི་དོན་ལུ་ སྨྱོ་རྫས་ལག་ལེན་གྱི་ གོ་སྐབས་སྦོམ་ཡོདཔ།

རྩེད་རིགས་སྐབས་ སྨྱོ་རྫས་ལག་ལེན་སྐོར་ ཞལ་འཛོམས་ནང་ བཅའ་མར་གཏོགས་མི་ཚུ།
༉ འབྲུག་ཨོ་ལིམ་པིག་ཚོགས་པ་གིས་ འགོ་འདྲེན་ཐོག་ འགོ་ཐོག་རྒྱལ་ཁབ་ནང་ རྩེད་རིགས་ཀྱི་སྐབས་ སྨྱོ་རྫས་ལག་ལེན་འཐབ་མ་ཆོག་པའི་ ཁྲིམས་ལུགས་ཀྱི་སྐོར་ འཛམ་གླིང་སྨྱོ་རྫས་བཀག་དམ་ལས་སྡེ་དང་ ལྷོ་ཨེ་ཤེ་ཡ་ ལུང་ཕྱོགས་རྒྱལ་ཁབ་ནང་ལས་ མཁས་མཆོག་ཚུ་གིས་གཙོས་པའི་ འབྲུག་མི་ཚུ་གིས་ ཐིམ་ཕུ་གཏེར་མ་གླིང་ཀ་ནང་སྦེ་ གོ་བསྡུར་ཞལ་འཛོམས་འཚོགས་མི་དེ་ མཇུག་བསྡུ་ཡོདཔ་ཨིན་པས།


འགོ་འདྲེན་འཐབ་མི་ འགོ་དཔོན་ཚེ་རིང་ལྷམོ་གིས་ སླབ་མི་དང་འཁྲིལཝ་ད་ རྩེད་རིགས་ནང་ འབྲེལ་གཏོགས་འབད་མི་ཚུ་གིས་ སྨྱོ་རྫས་ལག་ལེན་འཐབ་ཡོད་མི་དེ་ བཀག་ཐབས་འབད་ནིའི་དོན་ལུ་ ལོ་བསྟར་བཞིན་དུ་ འཛམ་གླིང་ནང་ གོ་བསྡུར་ཞལ་འཛོམས་ འཚོགས་སྲོལ་ཡོད་རུང་ ང་བཅས་རྒྱལ་ཁབ་ནང་ འདི་བཟུམ་གྱི་ ཞལ་འཛོམས་མ་འཚོགས་པས་ཟེར་ཨིན་པས།
དུས་ཅི་ རྒྱལ་ཁབ་ནང་ འགོ་འདྲེན་འཐབ་དགོ་པའི་དམིགས་ཡུལ་དེ་ཡང་ ཕྱི་རྒྱལ་ཁབ་ཚུ་ནང་བཟུམ་སྦེ་ རྩེད་རིགས་ནང་ བཅའ་མར་གཏོགས་མི་ཚུ་གིས་ མིང་གཏམ་འཐོན་ནིའི་དོན་ལུ་ སྨྱོ་རྫས་ལག་ལེན་འཐབ་དོ་ཡོདཔ་ལས་ དེ་གིས་ བྱ་སྟབས་མ་བདེ་བའི་དཀའ་ངལ་ བྱུང་ནི་དེ་གིས་ཨིན་ཟེར་ཨིན་པས།
རྒྱལ་ཁབ་ནང་ སྔོན་འགོག་བཟུམ་ཅིག་སྦེ་ སྨྱོ་རྫས་ལག་ལེན་འཐབ་མི་བཀག་ནི་དང་ ལུང་ཕྱོགས་རྒྱལ་ཁབ་ཚུ་ནང་ཡང་ བྱ་ངན་འབྱུང་མི་བཅུག་ནིའི་ཐབས་ཤེས་ལུ་ ཁྲིམས་ལུགས་བརྩམས་ཡོད་མི་དེ་ གོ་བ་བརྡ་སྤྲོད་འབད་ནི་ འཛམ་གླིང་སྨྱོ་རྫས་བཀག་དམ་ རྒྱལ་ཁབ་གཅིག་གིས་གཅིག་ལུ་ རྒྱབ་སྐྱོར་དང་གྲོགས་རམ་ འབད་ནི་ཚུ་གི་སྐོར་ལས་ ཤེས་ཚུགསཔ་བཟོ་ནིའི་དོན་ལུ་ཨིན་ཟེར་ བཤདཔ་ཨིན་པས།
འཛམ་གླིང་སྨྱོ་རྫས་བཀག་དམ་ལས་སྡེ་ལས་ ཌོག་ཊར་ཊཱོམ་མཱེ་གིས་ སླབ་མི་དང་འཁྲིལཝ་ད་ རྒྱལ་ཡོངས་ཀྱི་རྩེདམོ་ མདའ་དང་ རྡོས་སྒོར་ ཕུཊ་བཱོལ་ བཱོ་ལི་བཱོལ་ བཱསི་ཀེཌ་བཱོལ་ ཁུ་རུ་ ཊའི་ཀོཎ་ཌོ་ མཛོག་ཁྱད་ དེ་ལས་ གཞན་རྒྱལ་སྤྱི་གི་ རྩེད་རིགས་ཚུ་རྩེ་བའི་སྐབས་ རྩེད་འགྲན་པ་ཚུ་གིས་ སྨྱོ་རྫས་ཚུ་ ལག་ལེན་འཐབ་སྲོལ་ཡོད་མི་དེ་ ང་བཅས་ཀྱི་རྒྱལ་ཁབ་ནང་ འགོ་དང་འགོ་ལས་ར་ བཀག་ནིའི་ཐབས་ལམ་སྟོན་དགོཔ་དེ་ ག་ནི་བ་ཁག་ཆེ་བས་ཟེར་ཨིན་པས།
སློབ་གྲྭ་ཁག་དང་ སྒེར་སྡེ་ ལས་འཛིན་ གཞུང་མིན་ཚོགས་སྡེ་ དེ་ལས་ འབྲུག་ཨོ་ལིམ་པིག་ཚོགས་པ་ལས་ བཅའ་མར་གཏོགས་མི་ རྩེད་འགྲན་པ་ཚུ་གིས་ རྩེདམོ་རྩེ་བའི་སྐབས་ ཕྱི་རྒྱལ་གྱི་ དཔེ་ལྟ་སྟེ་ སྨྱོ་རྫས་ལག་ལེན་འཐབ་ནིའི་གོ་སྐབས་སྦོམ་ཡོདཔ་ལས་ རྩེད་འགྲན་པ་ཚུ་ལུ་ འགོ་དཔོན་དང་ སློབ་སྟོན་པ་ཚུ་གིས་ གནད་དོན་འདི་གི་སྐོར་ལས་ གོ་བ་བརྡ་སྤྲོད་ཚུ་ ལེགས་ཤོམ་སྦེ་འབད་ནིའི་ དུས་ཚོད་དེ་ ན་འཐན་རན་ནུག་ཟེར་ བཤདཔ་ཨིན་པས།
འགོ་དཔོན་ལ་ལུ་ཅིག་གིས་འབད་བ་ཅིན་ རྩེདམོ་ནང་ བཅའ་མར་གཏོགས་མི་ཚུ་གིས་ སྔོན་གོང་ལས་ ནད་གཞི་དང་འཁྲིལ་བའི་ སྨན་ལག་ལེན་འཐབ་ཡོད་པའི་སྐོར་ སྙན་ཞུའི་བརྡ་སྤྲོད་འབད་དགོཔ་ད་ གལ་སྲིད་ བརྡ་སྤྲོད་མ་འབད་བར་ ཞིབ་དཔྱད་འབདཝ་ད་ བདའ་ཟུན་པ་ཅིན་ ཉེས་ཁྲིམས་སྨིན་དགོཔ་ངེས་བདེན་ཨིནམ་ལས་ བྱ་སྟབས་མ་བདེ་བའི་ དཀའ་ངལ་སྦོམ་ཡོད་མི་ཚུ་ ཧ་གོ་ཚུགས་ཅི་ཟེར་ཨིན་པས།
འབྲུག་ཨོ་ལིམ་པིག་ཚོགས་པའི་ རྩེད་འགྲན་པ་ མི་གྲངས་༡༥ གི་ ཁྲག་དབྱེ་ཞིབ་འབད་ཡོད་རུང་ ད་ཚུན་ སྨྱོ་རྫས་ལག་ལེན་འཐབ་ཡོད་པའི་ སྙན་ཞུ་མ་ཐོན་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment