གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཙང་ཆུ་རྐ་བདའ་སྟེ་ ཁྱེགས་བཞུ་མི་གིས་ གནོད་ཉེན་ལུ་འགྱུར་ནི་ཨིནམ།

ཕོ་ཆུའི་རྐ་ལུ་ཡོད་མི་ ཐོར་ཐོར་མི་ཁྱེགས་མཚོ།
༉ འདས་པའི་ལོ་ངོ་བཅུ་ཕྲག་༤ དེ་ཅིག་གི་ནང་འཁོད་ནང་ར་ སྤུ་ན་ཁ་ ཕོ་ཆུ་རྐའི་ཁྱེགས་མཚོ་ བརྒྱ་ཆ་༨༠༠ དེ་ཅིག་ ཡར་འཕར་སོང་ཡོད་མི་དེ་ འཛམ་གླིང་ཚ་དྲོད་ཡར་སེང་འགྱོ་མི་ལུ་བརྟེན་ཨིནམ་སྦེ་ ཁ་ཙ་ རྒྱལ་ཁབ་ནང་ འཛམ་གླིང་རང་བཞིན་གནས་སྟངས་ཀྱི་ ཉིནམ་བརྩི་སྲུང་འབད་བའི་སྐབས་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་གྱིས་ སྙན་ཞུ་འབད་ཡོདཔ་ཨིན་པས།


གངས་རི་ལུ་ཆགས་མི་ཁྱེགས་དེ་ འཛམ་གླིང་ཚ་དྲོད་ཡར་ཕར་འགྱོ་བའི་སྐབས་ བཞུ་མི་ལུ་བརྟེན་ གྱངས་ཁ་ཡར་སེང་འགྱོ་དོ་ཟེར་ཨིནམ་ད་ གལ་སྲིད་ དེ་བཟུམ་གྱི་རང་བཞིན་དང་འབྲེལ་བའི་ རྐྱེན་ངན་ཡར་ཕར་འགྱོ་བ་ཅིན་ མ་འོངས་པ་ལུ་ གཙང་ཆུ་ཚུ་བསྐམ་སྟེ་ འཐུང་ཆུ་དང་ ཞིང་ཆུ་ཚུ་ མེད་པའི་དཀའ་ངལ་འབྱུང་འོང་ཟེར་ཨིན་པས།
ད་རེས་ རྒྱལ་ཁབ་ཀྱི་འོང་འབབ་ཆེ་ཤོས་ཅིག་ གློག་ཤུགས་མེ་ག་ཝཊི་༡,༢༠༠ འབད་མི་ སྤུ་ན་གཙང་ཆུ་ གོ་རིམ་༡ པ་དང་ མེ་ག་ཝཊ་༡,༠༢༠ འབད་མི་ གོ་རིམ་༢ པ་དེ་ཚུ་ སྤུ་ན་གཙང་ཆུ་ལུ་བརྟེན་དོ་ཡོདཔ་ལས་ གལ་སྲིད་ ཁྱེགས་མཚོ་ལུ་ རྐྱེན་ཆག་རེ་འབྱུང་པ་ཅིན་ གློག་མེ་ལས་འགུལ་ལུ་ གནོད་ཉེན་འབྱུང་འོང་ཟེར་ཨིན་པས།
ཨིན་རུང་ སྤུ་ན་གཙང་ཆུ་གོ་རིམ་༡ དང་༢ པའི་ འཛིན་སྐྱོང་མདོ་ཆེན་ ཁ་ཟཱན་ཇི་གིས་འབད་བ་ཅིན་ གློག་མེ་འཕྲུལ་ཁང་གི་དོན་ལུ་ ཆུ་གདུང་དཀྱིལ་ཐིག་ མི་ཊར་༡༡ བཟོ་སྐྲུན་འབད་མི་དེ་གིས་ ཁྱེགས་མཚོ་འགས་ཏེ་ ཆུ་རུད་འཐོན་མི་ལས་ བཀག་ཐབས་འབད་ཚུགས་ཟེར་ཨིན་པས།
དེ་བཟུམ་གྱི་དཀའ་ངལ་དེ་ འབྲུག་ལུ་རྐྱངམ་གཅིག་མེན་པ་ ནེ་པཱལ་རྒྱལ་ཁབ་ལུ་ཡང་ཡོད་ཟེར་ རྒྱལ་སྤྱི་གངས་རི་གོང་འཕེལ་ལྟེ་བའི་ གངས་རི་མཁས་མཆོག་ དེའུ་རཱཇི་གུ་རུང་གིས་ སླབ་ཡོདཔ་ད་ འབྲུག་དང་ཕྱདཔ་ད་ ནེ་པཱལ་ལུ་ ཁྱེགས་མཛོད་དང་ ཁཝ་བཞུ་མི་ བཀག་ཐབས་འབད་ནི་དེ་ དོ་འགྲན་ཅན་ཅིག་ཨིན་ཟེར་ཨིན་པས།
འཛམ་གླིང་ནང་ གངས་རིའི་ཁྱབ་ཚད་ ཡོངས་བསྡོམས་བརྒྱ་ཆ་༦༤ ལས་ ཧི་མ་ལ་ཡ་ གངས་རི་གི་ ཁྱབ་ཚད་ བརྒྱ་ཆ་༡༧ ལས་བརྒལ་མེད་རུང་ ཁྱེགས་མཚོ་དང་ ཁཝ་མང་ཤོས་ཅིག་ ཧི་མ་ལ་ཡའི་ས་གནས་ཚུ་ནང་ཡོདཔ་ལས་ གལ་སྲིད་ ཁཝ་དང་ཁྱེགས་མཚོ་ བདག་འཛིན་མ་འབད་བ་ཅིན་ གངས་ལྗོངས་ཀྱི་ས་ཁོངས་ནང་སྡོད་མི་ མི་དུང་ཕྱུར་༢ དེ་ཅིག་ལུ་ ཤི་རྐྱེན་འབྱུང་ནིའི་ཉེན་ཁ་ཡོད་ཟེར་ཨིན་པས།
གངས་རི་ལྡན་པའི་རྒྱལ་ཁབ་༨ དེ་ཅིག་ནང་ ཁྱེགས་མཚོ་དང་ ཁཝ་མར་ཕབ་འབད་ནིའི་ ལས་འགུལ་ཚུ་ གངས་རི་གོང་འཕེལ་ལྟེ་བ་གིས་ འགོ་འདྲེན་འཐབ་ཡོདཔ་ཞིན་དུ་ རྒྱལ་ཁབ་ནང་ སྤུ་ན་གཙང་ཆུའི་རྐ་ལུ་ཡོད་པའི་ ཐོར་ཐོར་མི་ མཚོ་མར་ཕབ་འབད་ནིའི་ལཱ་འབད་ནི་ཚུ་ཡང་ ལྟེ་བ་དེ་གིས་རྒྱབ་སྐྱོར་ཐོག་ལུ་འབད་ཡོདཔ་ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment