གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་ལུ་ མོ་རོ་ཀོ་དང་ ཀིའུ་བ་གི་ གཞུང་ཚབ་འགོ་དང་པ།

༉ ཁ་ཙ་ འབྲུག་ལུ་ མོ་རོ་ཀོ་དང་ ཀིའུ་བ་གི་ གཞུང་ཚབ་འགོ་དང་པ་ ལར་བི་ རི་ཕཱོ་དང་ ཨ་བི་ལར་ཌོ་ ཀིའུ་ཊོ་ སོ་སཱ་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ གཞུང་ཚབ་ངོ་སྤྲོད་ཀྱི་ཡིག་ཆ་ཕུལ་ཡི།
དེ་གི་ཤུལ་ལས་ རྒྱལ་ཡོངས་ཚོགས་ཁང་ནང་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་དང་ མཇལ་ཕྲད་ཞུ་ཡི།

རྩོམ་འབྲིའབྲུག་ལུ་ མོ་རོ་ཀོ་གི་གཞུང་ཚབ་ ལར་བི་ རི་ཕཱོ་དང་ ཀིའུ་བ་གི་གཞུང་ཚབ་ ཨ་བི་ལར་ཌོ་ ཀིའུ་ཊོ་ སོ་སཱ།་ལས་བྱེདཔ།


འབྲུག་གིས་ མོ་རོ་ཀོ་དང་ ཀིའུ་བ་གཅིག་ཁར་ འདས་པའི་ལོའི་ སྤྱི་ཟླ་༡༡ པའི་ནང་ དོན་གཅོད་མཐུན་ལམ་ གཞི་བཙུགས་འབད་ཡོདཔ་ཨིན་པས།
བློན་ཆེན་གྱིས་ གཞུང་ཚབ་༢ ལུ་ བྱོན་ཞུའི་སྐབས་གསུངས་མིའི་ནང་ འབྲུག་གིས་ ཀིའུ་བ་དང་གཅིག་ཁར་ དམིགས་བསལ་དུ་ རྒྱལ་སྤྱིའི་གནད་དོན་ཚུ་ནང་ མཉམ་འབྲེལ་དམ་ཟབ་ཐོག་ལས་ ལཱ་ཚུ་འབད་ཡི་ཟེར་ཨིནམ་ད་ ད་ལས་ཕར་ འབྲུག་གིས་ གཞུང་འབྲེལ་གྱི་ དོན་གཅོད་མཐུན་ལམ་ཐོག་ལས་ ལྷག་པར་དུ་ ཕན་ཚུན་མཉམ་འབྲེལ་གྱི་ ལཱ་ཚུ་འབད་ཚུགས་ནི་མས་ཟེར་ཨིན་པས།
བློན་ཆེན་གྱིས་འབད་བ་ཅིན་ འབྲུག་དང་ མོ་རོ་ཀོ་༢ ཆ་ར་ རྒྱལ་བརྒྱུད་འཛིན་པའི་ རྒྱལ་ཁབ་འབད་ནི་དེ་གིས་ གཅིག་གིས་གཅིག་ལུ་ དམིགས་བསལ་གྱི་ སེམས་ཚོར་བརྗེ་སོར་འབད་བའི་ཁར་ འབྲུག་དང་གཅིག་ཁར་ གཞུང་འབྲེལ་ཐོག་ལས་ དོན་གཅོད་མཐུན་ལམ་ གཞི་བཙུགས་འབད་མི་ ཨཱཕ་རི་ཀའི་རྒྱལ་ཁབ་ འགོ་དང་པ་ཨིན་ཟེར་གསུངས་ཡི།
གཞུང་ཚབ་ཚུ་གིས་ སླབ་མིའི་ནང་ འབྲུག་ལུ་ གཞུང་ཚབ་འགོ་དང་པ་འབད་ནི་ ཐོབ་མི་དེ་ དམིགས་བསལ་གྱི་ གོ་སྐབས་ཅིག་ཨིནམ་ལས་ ཁོང་གིས་ གནད་དོན་ག་ཅི་ནང་འབད་རུང་ མཉམ་འབྲེལ་འབད་ནི་ཟེར་ཨིན་པས།
གཞུང་ཚབ་༢ ཀྱིས་ གཙུག་ལག་སློབ་སྡེའི་ཤེས་ཡོན་དང་ མི་སྟོབས་གོང་འཕེལ་ ལྟ་བཤལ་ དེ་ལས་ གསོ་བའི་ལས་སྡེ་ཚུ་ནང་ རྒྱབ་སྐྱོར་དང་ གྲོགས་རམ་ཚུ་ འབད་ནི་ཨིན་ཟེར་ སླབ་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment