གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནགས་ཚལ་འགོ་དཔོན་གོངམ་ཅིག་ འཛིན་བཟུང་འབད་ཡོདཔ།

༡༤/༠༦/༢༠༡༢   ༉ གསར་སྤང་ནགས་ཚལ་གླིང་ཁའི་ འགོ་དཔོན་གོངམ་ཅིག་གིས་ ཚུལ་མིན་ཐོག་ལས་ སཱལ་ཟེར་མི་ སྲ་ཤིང་ཚུ་ བརྡབས་མི་ལུ་བརྟེན་ གསར་སྤང་ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡོདཔ་ཨིན་པས།


ནགས་ཚལ་འགོ་དཔོན་གོངམ་དེ་གིས་ ཐིམ་ཕུ་གི་ ནགས་ཚལ་དང་གླིང་ཁའི་ ཡིག་ཚང་ནང་ལས་ གནང་བ་མ་ཐོབ་རུང་ སཱལ་ཤིང་༩ བརྡབས་བཏང་ནི་དེ་གིས་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
གསར་སྤང་གི་ ནགས་ཚལ་གླིང་ཁའི་ འགོ་དཔོན་ཚུ་གིས་ གནད་དོན་དེ་གི་ཐད་ཁར་ ད་ལྟོ་ སླབ་ནིའི་གནས་སྟངས་ནང་མེད་ཟེར་ སླབ་ཨིན་རུང་ གནས་ཚུལ་བཤད་མི་ཅིག་གིས་འབད་བ་ཅིན་ འགོ་དཔོན་དེ་གིས་ ནགས་ཚལ་སྤྱི་ཁྱབ་འགོ་དཔོན་གྱི་ མིང་རྟགས་རྫུས་མ་རྐྱབ་ཐོག་ལས་ སཱལ་ཤིང་ཚུ་ བརྡབས་བཅུག་ནུག་ཟེར་ཨིན་པས།
གནས་ཚལ་འགོ་དཔོན་གོངམ་དེ་ སྤྱོད་ངན་དང་ མིང་རྟགས་རྫུས་མ་རྐྱབ་མི་ལུ་བརྟེན་ བདུན་ཕྲག་༡ གི་ཧེ་མར་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ནགས་ཚལ་འགོ་དཔོན་ཚུ་གིས་ ཚུལ་མིན་ཐོག་ལས་ ཤིང་བརྡབ་ནི་དེ་ ལྷོ་ཕྱོགས་རྫོང་ཁག་ཚུ་ནང་ འགོ་དང་པ་མེན་པས།
དུས་ཅི་ ལོ་འགོ་བཙུགས་ཁམས་ཅིག་ཁར་ བསམ་རྩེ་སིབ་སུ་ལུ་ ཊིག་ཤིང་བརྡབས་མིའི་ཐད་ཁར་ ནགས་ཚལ་འགོ་དཔོན་༣ འཛིན་བཟུང་འབད་ཡོདཔ་ཨིན་པས།
བསམ་རྩེ་ལས་ གནས་ཚུལ་བཤད་མི་ཅིག་གིས་ གནད་དོན་དེ་ ཐིམ་ཕུ་ནགས་ཚལ་དང་གླིང་ཁའི་ ཡིག་ཚང་ལྟེ་བ་ནང་ བཏང་ཡི་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment