གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཏམ་ཁུའི་ཁྲལ་ དངུལ་ཀྲམ་ས་ཡ་ལས་བཅད་དེ་ བསྡུ་ལེན་འབད་ཡོདཔ།

༡༥/༠༦/༢༠༡༢   ༉ ཉིནམ་རེ་ལུ་ མི་༣ རེ་གིས་ ཁྲལ་བཏབ་སྟེ་ ཏམ་ཁུ་འབག་འོང་ནིའི་དོན་ལུ་ ཕུན་ཚོགས་གླིང་ ལུང་ཕྱོགས་འོང་འབབ་དང་ཅ་དམ་ཡིག་ཚང་ནང་ འོང་དོ་ཡོདཔ་ལས་ ཏམ་ཁུའི་བཅའ་ཁྲིམས་ལག་ལེན་ཐོག་ བཀག་འཛིན་འགོ་བཙུགས་ཏེ་ འདས་པའི་ལོ་ངོ་༣ གྱི་ནང་འཁོད་ལུ་ ཏམ་ཁུའི་ཁྲལ་ལུ་བརྟེན་པའི་ འོང་འབབ་དངུལ་ཀྲམ་༡,༠༠༠,༠༠༠ བཟོ་ཡོདཔ་ཨིན་པས།


སྤྱི་ལོ་༢༠༡༠ ལུ་ ཏམ་ཁུ་ལུ་བརྟེན་པའི་ ཁྲལ་གྱི་འོང་འབབ་དེ་ དངུལ་ཀྲམ་༡,༩༢༠ མ་གཏོགས་མེདཔ་ད་ དེ་གིས་ ལོ་དེ་ནང་ ཏམ་ཁུ་ཚུ་ ཚུལ་མཐུན་ཐོག་ལས་ ཁྲལ་བཏབ་སྟེ་མེན་པར་ ནག་ཚོང་རྒྱ་ཆེ་དྲགས་སྦེ་ ལག་ལེན་འཐབ་ཡོད་པའི་ གསལ་སྟོན་འབད་མི་དེ་ཡང་ ལོ་དེ་གི་ཟླཝ་དང་པའི་ནང་ལས་ ཏམ་ཁུ་བཀག་འཛིན་གྱི་བཅའ་ཁྲིམས་དེ་ ལག་ལེན་འགོ་བཙུགས་ཅི་ཟེར་ འགོ་དཔོན་ཅིག་གིས་ བཤདཔ་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ སྤྱི་ལོ་༢༠༡༡ ལུ་ རྒྱལ་ཡོངས་ཚོགས་ཁང་ནང་ ཏམ་ཁུ་བཀག་འཛིན་གྱི་ གསུང་གྲོས་ཞིབ་པར་གནང་སྟེ་ ཁྲིམས་ལུགས་ཚུ་ དམ་དམ་བཟོ་ཞིནམ་ལས་ཚུར་ ཁྲལ་བཏབ་སྟེ་ ཏམ་ཁུ་འབག་འོང་མིའི་ གྱངས་ཁ་དེ་ ཡར་སེང་སོང་ཡི་ཟེར་ཨིན་པས།
འོང་འབབ་དང་ཅ་དམ་འགོ་དཔོན་ཚུ་གིས་འབད་བ་ཅིན་ ཁྲལ་བཏབ་སྟེ་ ཏམ་ཁུ་འབག་མི་ཚུ་ག་ར་ ཁོང་རའི་ ལག་ལེན་གྱི་དོན་ལུ་འབགཔ་མས་ཟེར་ཨིནམ་ད་ ཏམ་ཁུ་མང་ཤོས་ར་ རྒྱ་གར་ལས་ ནང་འདྲེན་འཐབ་ཨིན་རུང་ ཕྱིའི་རྒྱལ་ཁབ་གཞན་ལས་ཡང་ ནང་འདྲེན་འབད་དེ་ འབག་མི་ཡང་ འདུག་ཟེར་ཨིན་པས།
རྒྱ་གར་ལས་ ནང་འདྲེན་འཐབ་མི་ ཏམ་ཁུ་ཚུ་ལུ་ ཁྲལ་བརྒྱ་ཆ་༡༠༠ བཀལ་དོ་ཡོད་པའི་ཁར་ རྒྱལ་ཁབ་གཞན་ཁ་ལས་ འབག་འོང་མི་ཚུ་ལུ་ ནང་འདྲེན་གྱི་ཁྲལ་ བརྒྱ་ཆ་༡༠༠ གུ་ ད་རུང་ ཅ་ཁྲལ་བརྒྱ་ཆ་༡༠༠ བཀལ་དོ་ཡོདཔ་ད་ ཁྲལ་དེ་ ལེན་ཞིནམ་ལས་ ཁྲལ་བཏབ་མི་དེ་ལུ་ ཟླཝ་༡ གི་རིང་ ལག་ལེན་འཐབ་ཆོག་པའི་ འབྱོར་འཛིན་ཅིག་ སྤྲོད་དོ་ཡོདཔ་ཨིན་པས།
དངུལ་རྩིས་ལྷན་ཁག་གི་ བརྡ་བརྒྱུད་མཁས་མཆོག་ སྐལ་བཟང་བསམ་གྲུབ་ཀྱིས་ ཡོངས་འབྲེལ་ཐོག་ གསལ་བཀོད་འབད་མིའི་ནང་ ཁྲལ་བཏབ་སྟེ་ ཏམ་ཁུ་འབག་མི་ལ་ལུ་ཅིག་གིས་ འབག་ཆོག་པའི་ཚད་གཞི་ལས་བརྒལ་བའི་ ཏམ་ཁུ་འབག་འོང་ནི་འདུག་ཟེར་ཨིནམ་ད་ མི་ཚུ་གིས་ ཁྲལ་བཏབ་སྟེ་ ཏམ་ཁུ་ཚུ་ ལག་ལེན་འཐབ་དགོཔ་ཨིནམ་ཤེས་རུང་ ཚད་གཞི་དེ་ ཡོདཔ་མ་ཤེས་ཟེར་ སླབ་མས་ཟེར་ཨིན་པས།
གནས་སྟངས་དེ་ཚུའི་སྐབས་ མི་ངོ་༡ གིས་འབག་ཆོག་པའི་ཏམ་ཁུ་དེ་ ཁྲལ་ལེན་ཞིནམ་ལས་ འབག་བཅུགཔ་ཨིན་རུང་ དེ་ལས་ལྷག་པའི་ ཏམ་ཁུ་ཚུ་ འཕྱོག་བཟུང་འབད་བཞགཔ་ཨིན་ཟེར་ཨིནམ་པས།
སྤྱི་ལོ་༢༠༡༡ ལུ་ མི་༥ ཏམ་ཁུ་ནག་ཚོང་འཐབ་པའི་ ཉེས་འཛུགས་འབད་ཡོདཔ་ད་ དུས་ཅི་ ད་ཚུན་གྱི་རིང་ མི་༣ ཏམ་ཁུ་ནག་ཚོང་འཐབ་མི་ལུ་བརྟེན་ འཛིན་བཟུང་འབད་ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment