གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ས་ཡོམ་གྱི་ ཉམས་རྒུདཔ་མང་ཤོས་ར་ ད་ལྟོ་ཡང་ གནས་སྐབས་ཀྱི་ སྦ་སྒོར་ཚུ་ནང་ སྡོད་དོ་ཡོདཔ།

ཧཱ་ལུ་ ས་ཡོམ་གྱིས་ མེདཔ་བཏང་མི་ཁྱིམ་ཅིག།
 ༡༥/༠༦/༢༠༡༢   ༉ ན་ཧིང་ ཧཱ་རྫོང་ཁག་ནང་ ས་ཡོམ་གྱིས་ སྡོད་ཁྱིམ་ལེ་ཤ་ཅིག་ལུ་ གནོད་སྐྱོན་རྐྱབ་སྟེ་ ཟླ་ངོ་༨ དེ་ཅིག་ལང་སོ་རུང་ ཉམས་རྒུདཔ་མང་ཤོས་ཅིག་ ད་ལྟོའི་བར་ན་ཡང་ གནས་སྐབས་ཀྱི་ སྡོད་ཁྱིམ་ཚུ་ནང་ སྡོད་དོ་ཡོདཔ་ཨིན་པས།
སྦྱིས་རྒེད་འོག་ དགོན་ས་གཡུས་ཚན་ནང་ ས་ཡོམ་གྱིས་ རམ་བཏང་མི་ གྱང་ཁྱིམ་ཅིག་གི་རྩ་བར་ ཁོ་རའི་གནས་ཚང་དང་ བུམོ་༢ གཅིག་ཁར་ ལཱ་འབད་སྡོད་མི་ ཚེ་རིང་གིས་འབད་བ་ཅིན་ ས་ཡོམ་གྱིས་ བརྡལ་བཏང་མི་ ཁོ་རའི་ཁྱིམ་དེ་ ཐོག་ཅིག་ལུ་ཕབ་སྟེ་ འོག་ལུ་ ནོར་སེམས་ཅན་བཞག་ས་དང་ སྟེང་ཐོག་ལུ་ ནོར་གྱི་རྩྭ་ཆག་ཚུ་ བཙུགས་བཞག་ས་ བཟོ་དོ་ཟེར་ཨིན་པས།


ད་ལྟོ་ཡང་ ཁྱིམ་རྐྱབ་མ་ཚུགས་པར་ སྦ་སྒོར་ནང་སྡོད་དོ་ཡོདཔ་ཨིན་མས།

ཁོ་གིས་འབད་བ་ཅིན་ ད་ལྟོ་ ཁོ་རའི་བཟའ་ཚང་ཚུ་སྡོད་སའི་ གནས་སྐབས་ཀྱི་ ཁྱིམ་དེ་ནང་ གནམ་འབྱ་ས་འོག་ལས་ འབུབ་གྱོག་མོ་འཐོན་ནི་དང་ གནམ་དགུན་ལུ་ གྱང་བའི་དཀའ་ངལ་ཚུ་ བྱུངམ་མས་ཟེར་ཨིན་པས།
གནས་སྐབས་ཀྱི་ སྡོད་ཁྱིམ་ཚུ་ནང་ལྟཝ་ད་ ས་གོ་ཡངས་ཏོག་ཏོ་བཟུམ་ཅིག་སྦེ་ མཐོང་དོ་ཡོདཔ་ཨིན་རུང་ སྒོ་སྒྲིག་ཚུ་ཡང་མེདཔ་ལས་ ཧིང་བསུབས་ཁག་ཁ་སྦེ་ མཐོངམ་ལས་ ཨ་རྟག་ར་ གློག་མེ་བཏེགས་ཏེ་ སྡོད་དགོཔ་ཨིན་པས།
ཨེན་ཏ་དང་ ཤིང་ལེབ་ཚུ་གིས་བཟོ་བཀོད་འབད་བའི་ གནས་སྐབས་ཀྱི་སྡོད་ཁྱིམ་ གཞན་གྱི་བཟོ་རྣམ་ཚུ་ཡང་ ཅོག་འཐདཔ་སྦེ་ཡོད་ནི་དེ་གིས་ སྡོད་ཁྱིམ་ལ་ལུ་ཅིག་ནང་ རླུང་མ་ཚུ་ བཀག་ནིའི་དོན་ལུ་ ཁྱིམ་གྱི་གྱང་ ཨེན་ཏ་ཚུ་གི་བར་ན་ལས་ཕར་ གོ་ལ་ར་རྡུག་ཚུ་བཙུགས་ཐོག་ལས་ བསུབས་ཏེ་འདུག།
ཚེ་རིང་གིས་འབད་བ་ཅིན་ ད་རེས་ནངས་པ་ ཆར་ཆུའི་དུས་ཚོད་རན་པའི་ཁར་ བཟོ་སྐྲུན་གྱི་ རྒྱུ་ཆས་ཚུ་ཡང་ ལངམ་སྦེ་མེད་ནི་དེ་གིས་ དུས་ཅི་ ཁྱིམ་ལོག་རྐྱབ་མི་ཚུགས་ནི་ཨིནམ་ལས་ སང་ཕོད་རྐྱབ་ནིའི་ འཆར་གཞི་རྩམ་དོ་ཟེར་ཨིན་པས།
ཉམས་རྒུདཔ་གཞན་ པ་སངས་སྒྲོལ་མ་གིས་འབད་བ་ཅིན་ མོ་གིས་ཡང་ དུས་ཅི་ ཁྱིམ་ལོག་རྐྱབ་མི་ཚུགས་ནི་ཨིནམ་ལས་ གནས་སྐབས་ཀྱི་ སྡོད་ཁྱིམ་དེ་ནང་ར་ སྡོད་ནི་དང་ སང་ཕོད་ ཁྱིམ་རྒྱ་སྦོམ་སུ་སྦེ་ ཐོག་༡ འབད་མི་ཅིག་ རྐྱབ་ནི་དང་ དེ་ཡང་ ཤུལ་ལས་ དེ་བཟུམ་མའི་ རང་བཞིན་གྱི་རྐྱེན་ངན་ཚུ་བྱུངམ་ད་ གནོད་སྐྱོན་འབྱུང་ནི་ལས་ བཀག་ནི་ལུ་དམིགས་ཏེ་ཨིན་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ ཁྱིམ་གསརཔ་ལོག་རྐྱབ་ནིའི་དོན་ལུ་ ད་རེས་ མོ་ར་སྡོད་སའི་ གནས་སྐབས་ཀྱི་ གྱང་སའི་གུ་བཀབ་མི་ ལྕགས་ཤོག་ལེབ་༥༩ དང་ ཤིང་རྩབོ་༦ ཐོབ་སྟེ་ཡོད་ཟེར་ཨིན་པས།
མ་གཞི་ ཉམས་རྒུདཔ་ལ་ལུ་ཅིག་གིས་ ཁྱིམ་ལོག་རྐྱབ་པའི་བསྒང་ཡོདཔ་ཨིན་རུང་ བཟོ་སྐྲུན་གྱི་ཅ་ཆས་དང་ ལས་མི་ཚུ་ དུས་ཚོད་ཁར་དང་ ལངམ་སྦེ་ཐོབ་མ་ཚུགས་པའི་དཀའ་ངལ་ བྱུང་དོ་ཡོད་མི་དེ་ཡང་ གཡུས་མི་ཚུ་ རང་སོའི་ཁྱིམ་རྐྱབ་ནིའི་དོན་ལུ་ འུར་བྱེལ་འཐབ་མི་ལུ་བརྟེན་ཏེ་ཨིན་པས།
དེ་མ་ཚད་ སྦྱིས་རྒེད་འོག་གི་མི་སེར་ཚུ་ ཉེན་བཅོལ་གྱི་ཏི་རུ་ འཐོབ་ནི་ལུ་སྒུག་དོ་ཡོདཔ་ད་ སྦྱིས་རྒཔོ་ ཨོ་རྒྱན་གྱིས་འབད་བ་ཅིན་ ཧཱ་དེ་ ས་ཡོམ་གྱིས་ གནོད་སྐྱོན་ཆེ་དྲགས་སྦེ་ར་བྱུང་བའི་ རྫོང་ཁག་ཅིག་ཨིནམ་ད་ ད་ལྟོའི་བར་ན་ རྒེད་འོག་གཞན་ཚུ་ནང་ ཉེན་བཅོལ་གྱི་ཏི་རུ་ཚུ་ ཐོབ་ཡོད་རུང་ སྦྱིས་རྒེད་འོག་གི་དོན་ལུ་ ད་ལྟོ་ཡང་ ཐོབ་མ་ཚུགས་ཟེར་ སླབ་ཨིན་པས།
འབྲུག་རྒྱལ་གཞུང་ཉེན་བཅོལ་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ད་ལྟོ་ སྦྱིས་རྒེད་འོག་གི་ མི་སེར་ཚུ་ལུ་ ཉེན་བཅོལ་སྤྲོད་མ་ཚུགས་མི་དེ་ཡང་ ཁོང་གི་སྙན་ཞུ་ཚུ་ རྒེད་འོག་གཞན་ཚུ་དང་ཕྱདཔ་ད་ ཕྱིས་སུ་ཅིག་སྦེ་མ་གཏོགས་ མ་ལྷོད་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
གཞན་འབད་བ་ཅིན་ ཉེན་བཅོལ་གྱི་སྙན་ཞུ་ཚུ་ ཐོབ་ཅིག་ར་སྤྲོད་དོ་ཡོདཔ་ཨིན་རུང་ ད་རེས་ཀྱི་གནས་སྟངས་ནང་ མི་ལེ་ཤ་ཅིག་གིས་ར་ ཁོང་གི་ གནོད་སྐྱོན་གྱི་དབྱེ་རིམ་ཚུ་ སོར་བའི་བསྒང་ཡོད་མི་དང་འཁྲིལ་ ཉེན་བཅོལ་གྱི་ ཡོངས་བསྡོམས་ཚུ་ཡང་ སོར་དགོ་པས་ཟེར་ ལས་འཛིན་གྱི་ འཛིན་སྐྱོང་འགོ་དཔོན་ སངས་རྒྱས་རྡོ་རྗེ་གིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ མི་ལ་ལུ་ཅིག་གིས་ ཁྲམ་ཨང་༡ གི་དོན་ལུ་ ཉེན་བཅོལ་ཚུ་ ཚར་༢ རེ་ ལེན་མི་ཡང་ ཐོན་དོ་ཡོདཔ་ལས་ དབྱེ་ཞིབ་ཚུ་ ལེགས་ཤོམ་སྦེ་ར་ འབད་དགོ་པས་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ད་ལྟོ་ཚུན་ ཧཱ་དབུས་སུ་དང་ དགའ་སྐྱིད་གླིང་ ས་དམར་ དཀར་འཚོ་ དེ་ལས་ གསང་སྦས་ཁ་རྒེད་འོག་ཚུ་གི་དོན་ལུ་ ཉེན་བཅོལ་གྱི་ཏི་རུ་ཚུ་ སྤྲོད་ཚར་ཡི་ཟེར་ཨིན་པས།
ཧཱ་རྫོང་བདག་ རིག་འཛིན་རྡོ་རྗེ་གིས་འབད་བ་ཅིན་ ཉམས་རྒུདཔ་ཚུ་ལུ་ གཞུང་ལས་ གྲོགས་རམ་ཐོག་ ལྕགས་ཤོག་དང་ ཤིང་ཆས་ཚུ་ཡང་ བྱིན་ཡོདཔ་ཨིན་རུང་ ཤིང་ཚུ་བརྡབ་ནི་གི་ གནང་བ་ཐོབ་ནི་ལུ་ དུས་ཡུན་ རིངམོ་སྦེ་ར་ འགོར་ནི་དེ་གིས་ ཁྱིམ་ལོག་རྐྱབ་ནི་ཚུ་ ཕྱིས་ཏེ་ཡོད་ཟེར་ཨིན་པས།
དེ་མ་ཚད་ ད་རེས་ ཆར་ཆུའི་དུས་ཚོད་ཨིན་པའི་ཁར་ དུས་ཚོད་འ་ནེམ་ཅིག་ཁར་ ཧཱཔ་ཚུ་ སྤ་རོ་ལུ་ ལྕང་ལཱ་རྐྱབ་པར་འགྱོ་ནིའི་ སྲོལ་ཡོད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
ཧཱ་གི་ ལྷ་ཁང་དགོན་སྡེ་དང་ སློབ་གྲྭ་ཚུ་གི་དོན་ལུ་ འཛམ་གླིང་སྤྱི་ཚོགས་ཨ་ལུའི་ཤེས་ཡོན་མ་དངུལ་གྱིས་ ལྕགས་ཤོག་ལེབ་༢,༠༠༠ རྒྱབ་སྐྱོར་འབད་ཡོདཔ་ད་ ཁྱིམ་གཞན་ཚུ་གི་དོན་ལུ་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་སྡེ་གིས་ ལྕགས་ཤོག་ལེབ་༡༩,༡༩༡ གྲོགས་རམ་སྦེ་ བྱིན་ཡོདཔ་ཨིན་པས།
རེག་ཊར་ཨིསི་ཀཱེལ་གུ་ ཤུགས་ཚད་༦.༨ འབད་མི་ས་ཡོམ་དེ་ ན་ཧིང་ སྤྱི་ཟླ་༩ པའི་ཚེས་༡༨ ཀྱི་ཕྱི་རུ་ ཆུ་ཚོད་༦ དང་སྐར་མ་༤༠ དེ་ཅིག་ལུ་ རྐྱབ་ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment