གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནས་ཚུལ་མདོར་བསྡུས།

༡༥/༠༦/༢༠༡༢

ཟླ་ངོ་༡ དེ་ཅིག་གི་ཧེ་མར་ ཐིམ་ཕུ་ལུ་ ཚོད་བསྲེ་སྦུང་ཚོང་འཐབ་མི་ཚུ་དང་ གཞུང་གི་བར་ན་ གྲོས་འཆམ་བྱུང་མི་དང་འཁྲིལ་ ཕུན་ཚོགས་གླིང་ལུ་ཡོད་མི་ འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ རྒྱ་གར་ལས་ ཚོད་བསྲེའི་རིགས་ ནང་འདྲེན་འབད་དེ་ སྤྱི་ཟླ་༦ པའི་ཚེས་༡༣ ལུ་ འགོ་དང་པ་ སྦུང་ཚོང་འཐབ་མི་ཚུ་ལུ་ བཀྲམ་སྤེལ་འབད་ཡོད་རུང་ ཚོང་པ་ཚུ་གིས་ མཁོ་མངགས་འབད་མི་ ཚོད་བསྲེ་མང་ཤོས་ར་ མ་ཐོབ་པའི་ཁར་ ཚོད་བསྲེ་བརྒྱ་ཆ་༥༠ དེ་ཅིག་ མེདཔ་སོང་ཡོད་པའི་སྐོར་ ཉོགས་བཤད་བཀོད་ནུག། རྒྱལ་ཁབ་ནང་ རྒྱ་གར་གྱི་ཏི་རུ་ རུ་པིའི་དཀའ་ངལ་ཐོན་མི་ལུ་བརྟེན་ ད་ལས་ཕར་ ཚོད་བསྲེ་སྦུང་ཚོང་སྦེ་བཙོང་མི་ཚུ་ རྒྱ་གར་ལུ་ འགྱོ་མ་དགོ་པར་ འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ བཀྲམ་སྤེལ་འབད་ནི་ཨིན་པའི་གནས་ཚུལ།



No comments:

Post a Comment